日志

༄༅།།གྲངས་ཉུང་མི་རིཊ་སྐད་ཀྱི་རྒྱལ་སྟོན་མཛ ...

已有 115 次阅读2019-10-11 08:38 |系统分类:见闻


                                 ༄༅།།གྲངས་ཉུང་མི་རིཊ་སྐད་ཀྱི་རྒྱལ་སྟོན་མཛད་སྒོའི་གློག་བརྙན་ཐོན་འདུག
                       ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་སྨྱན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། སྣང་རྡོར།

                    
                           གྲངས་ཉུང་མི་རིགས་ལྔའི་སྐད་ཀྱི་དཔར་མའི་4Kཐད་གཏོང་རྒྱལ་སྟོན་མཛད་སྒོའི་གློག་བརྙན་བཏོན་པ།

      ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དབྱང་བརྙན་མཐོང་ཁང་གིས་དཔར་གཞི་བཏོན་པ་དང་། དབྱང་བརྙན་མཐོང་ཁང་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མི་རིགས་སྐད་ཡིག་ལེ་ཚན་ལྟེ་གནས་ཀྱིས་མཉམ་དུ་སྒྲིག་བཟོ་བྱས་པའི་ལོ་ངོ་70འཁོར་བའི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོ་ཞེས་པའི་4Kཐད་གཏོང་གློག་བརྙན་གྱི་གྲངས་ཉུང་མི་རིགས་སྐད་ཀྱི་དཔར་མ་དེ་ཉེ་དུས་སྒྲིག་བཟོ་ལེགས་གྲུབ་ཟིན་པ་དང་། ཉིན་དེ་ནས་བཟུང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གཟིགས་མོ་བའི་སྤྱན་སྔར་བཤམས་ཡོད། མི་རིགས་སྐད་ཀྱི་དཔར་མའི་རྒྱལ་སྟོན་གྱི་མཛད་སྒོའི་གློག་བརྙན་དེའི་ནང་སོག་རིགས་དང་། བོད་རིགས། ཡུ་གུར་རིགས། ཧ་སག་རིགས། ཁོ་རེ་ཡ་རིགས་བཅས་ཀྱི་སྐད་རིགས་5ཚུད་ཡོད། གྲངས་ཉུང་མི་རིགས་མང་ཚོགས་ནས་རང་ཉིད་ཀྱི་རྒྱུས་མངའ་ཆེ་བའི་མི་རིགས་སྐད་བརྡ་བརྒྱུད་དེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཛད་སྒོའི་ངོ་མཚར་ཉམས་སུ་མྱོང་ཐུབ་རྒྱུ་ཡིན་པ་རེད།

                     
      སྤྱི་ཟླ་10པའི་ཚེས་10ཉིན་གྱི་སྔ་དྲོ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་གློག་བརྙན་ཅུད་བཅས་ཀྱིས་མཉམ་འབྲེལ་ཐོག་པེ་ཅིང་དུ་ལོ་ངོ་70འཁོར་བའི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོ་ཞེས་པའི་ཐད་གཏོང་གློག་བརྙན་གྱི་གྲངས་ཉུང་མི་རིགས་སྐད་ཀྱི་དཔར་མ་ཁྱབ་བསྒྲགས་བྱེད་པའི་མཛད་སྒོ་གཉེར་ཡོད་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་འཛིན་ཧྲན་ཧའེ་ཞུང་དང་། རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀུའོ་ཝེ་ཕིང་། རྒྱལ་ཁབ་གློག་བརྙན་ཅུད་ཀྱི་རྒྱུན་ལས་ཅུས་ཀྲང་གཞོན་པ་མེང་ཞང་ལིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་རྩོམ་སྒྲིག་ལས་དོན་ཚོགས་འདུའི་ཁོངས་མི་སུན་ཡུས་ཧྲེང་དང་ཅང་ཝུན་ཕོ་སོགས་ཁྱབ་བསྒྲགས་ཀྱི་མཛད་སྒོར་ཞུགས་ཡོད་པ་རེད།
      ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་རྩོམ་སྒྲིག་ལས་དོན་ཚོགས་འདུའི་ཁོངས་མི་ལེའུ་ཞའོ་ལུང་གིས་ཤིས་ཚིག་གསུངས་སྐབས། སྤྱི་ཁྱབ་ལས་ཁུངས་ཀྱིས་སོག་སྐད་དང་། བོད་སྐད། ཡུ་གུར་སྐད། ཧ་སག་སྐད། ཁོ་རེ་ཡའི་སྐད་བཅས་མི་རིགས་ལྔའི་སྐད་ཀྱི་བཟང་ཆ་འདོན་སྤེལ་བྱས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྒྱལ་སྟོན་རྟེན་འབྲེལ་མཛད་སྒོའི་ཉམས་བཟང་བསྐྱར་དུ་མངོན་པར་བྱས་ཐོག མི་རིགས་ཁག་གི་མང་ཚོགས་ནས་མཉམ་དུ་རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པའི་རྣམ་པ་བཟང་པོར་མྱོང་རོལ་ཐུབ་པ་དང་། ཀྲུང་གོ་བའི་སྐྱིད་ཚོར་དང་སྤོབས་སེམས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། མི་རིགས་ཁག་གི་ཀྲུང་ཧྭ་བུ་ཕྲུག་ཚོའི་རྒྱལ་གཅེས་སྤྲོ་སེམས་འཕྱུར་བ་བྱ་རྒྱུ་རེད། དེ་ནི་སྤྱི་ཁྱབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་རྒྱས་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མི་རིགས་ཀྱི་སྐད་ལ་བརྟེན་ནས་དྲིལ་སྒྲོག་ནུས་པ་ཤུགས་ཆེར་གཏོང་བའི་ཚོད་ལྟ་གསར་པ་ཞིག་ཀྱང་ཡིན་ཞེས་གསུངས་འདུག
      ད་ཐེངས་ཁྱབ་བསྒྲགས་བྱས་པའི་ལོ་ངོ་70འཁོར་བའི་རྒྱལ་སྟོན་གྱི་མཛད་སྒོ་ཞེས་པའི་4kཐད་གཏོང་གློག་བརྙན་གྱི་གྲངས་ཉུང་མི་རིགས་སྐད་རིགས་ཀྱི་དཔར་མའི་ནང་།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མི་རིགས་སྐད་ཡིག་ལེ་ཚན་ལྟེ་གནས་ཀྱི་གཙོ་སྐྱོང་པ་ཚོས་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་ལྔ་ཡི་ཐོག་ནས་གསལ་འགྲེལ་བྱས་ཡོད།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-3 19:57 , Processed in 0.055573 second(s), 20 queries .

返回顶部