日志

༄༅།།རྒྱལ་སྟོན་སྐབས་སུ་མཚོ་སྔོན་ཞིང་ཆེན་ཡ ...

已有 90 次阅读2019-10-9 16:30 |系统分类:见闻


                        ༄༅།།རྒྱལ་སྟོན་སྐབས་སུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་བདེ་སྐྱོང་ལེགས་པོ་བྱུང་བ།
                                   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། གསང་བདག་རྒྱལ་གྱིས་བསྒྱུར། 

                                   

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་9ཚེས་30ཉིན་གྱི་དུས་ཚོད་16ནས་ཟླ་10ཚེས་7ཉིན་གྱི་དུས་ཚོད་16བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་འབྱོར་བ་ལས་ཉེན་སོན་གནས་ཚུལ་ནུས་ལྡན་གཙོ་བོ་གསུམ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་33.46%མར་ཆག་ཡོད། དེའི་ཁྲོད་ཉེས་དོན་གྱོད་གཞིའི་སྐོར་གྱི་ཉེན་སོན་གནས་ཚུལ་10.57%མར་ཆག་པ་དང་། བཅོས་སྐྱོང་གྱོད་གཞིའི་སྐོར་གྱི་ཉེན་སོན་གནས་ཚུལ་61.78%མར་ཆག འགྲུལ་འགྲིམ་དོན་རྐྱེན་སྐོར་གྱི་ཉེན་སོན་གནས་ཚུལ་1.48%མར་ཆག་འདུག་པས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་བདེ་སྐྱོང་ལེགས་པོ་བྱུང་བ་མངོན་གསལ་ཡིན།

      རྒྱལ་སྟོན་སྐབས་སུ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དུས་ཆེན་སྐབས་ཀྱི་བདེ་སྲུང་བརྟན་ལྷིང་སྲུང་སྐྱོང་གི་བྱ་བ་ནི་ཐམས་ཅད་ལས་ལྷག་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་པོར་བཟུང་སྟེ། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་”བརྗོད་དོན་སློབ་གསོ་དང་། “འགན་འཁྲི་གསར་པ་ལག་ཏུ་བསྟར་ནས་བློ་སེམས་དཀར་པོས་དུས་ཆེན་སྲུང་བའི་”ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་། ལས་དོན་སོ་སོ་རྒྱལ་སྟོན་སྟེང་ཕྱོགས་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་བདེ་སྲུང་ལ་ཕྱོགས་པ་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་རོགས་ལས་བྱས་ནས་གཞོགས་འདེགས་དམ་ཟབ་དང་། ཉེན་རྟོག་ཡོངས་སྐུལ་སློང་བྱས་ཏེ་ནུས་ཤུགས་ཡོད་རྒུ་འདོན་པ། ནན་མོ་དང་དྲང་བཞག ཞིབ་ཚགས་ཀྱིས་སྒོ་ནས་ཉེན་ཁ་འགོག་པ་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70ལོན་པ་དང་མཚོ་སྔོན་བཅིངས་གྲོལ་བྱས་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་ཞུ་བ་ལ་བདེ་འཇགས་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཁོར་ཡུག་ཅིག་གསར་དུ་བསྐྲུན། སྤྱི་སྡོམ་ལྟར་ན། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྲོད་སྐོར་གཡེང་ཉེན་རྟོག་པ་མི་ཐེངས་ཁྲི་2.3བསྐྱོད་པ་དང་། བསྡོམས་པས་སྤྱི་བདེ་ཞིབ་བཤེར་ས་ཚིགས་སོ་དགུ་དང་། བདེ་སྐྱོང་ཁཱ་སོ་གཅིག་བཙུགས་ཏེ་རླངས་འཁོར་ཁྲི་16.9ལྷག་དང་། མི་ཁྲི་28.8ལྷག་ལ་ཞིབ་བཤེར་བྱས། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་ཀྱིས་“འགག་རྩའི་གྲངས་ཉུང་”གི་སྣེ་ཁྲིད་ནུས་པ་བཏོན་ཏེ། འགན་འཁུར་ཕོད་པ་དང་། གདོང་མཆོང་དང་ལེན། སྔོན་དུ་བཀོད་འདོམས་བྱེད་པ་བཅས་ཀྱི་སྒོ་ནས་ཚད་ཤིང་དང་མིག་དཔེ་བཟང་པོ་བསྟན། ལས་ཞུགས་ཉེན་རྟོག་པ་དང་ཉེན་རྟོག་རམ་འདེགས་པ་རྣམས་ཀྱིས་རང་འགན་འབད་སྒྲུབ་དང་། བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པ། བསྟུད་མར་འབད་འཐབ་བྱེད་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་སོགས་དངོས་ཡོད་ལག་ལེན་ཀྱི་སྟེང་ནས་སྤྱི་བདེ་རུ་ཁག་གི་ཉམས་སད་ཐེག་ཐུབ་པའི་བྱང་ཚད་དང་། སྤྱོད་ཚུལ་བཟང་པོ། འཐབ་འཛིང་གི་ནུས་ཤུགས་སྟོབས་ལྡན་བཅས་མངོན་པར་བྱས། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-26 10:56 , Processed in 0.029715 second(s), 20 queries .

返回顶部