博客西藏在最高处过一种生活

日志

༄༅།།ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ལ་ལན་ ...

已有 32 次阅读2019-10-8 15:20 |系统分类:见闻


                                   ༄༅།།ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ལ་ལན་ཆ་བཟང་པོ་བྱུང་བ།
                     ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། སྣང་རྡོར།

                   
     ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཉིན་ཤས་བསྟུད་མར་སྤྱི་ཚོགས་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ་དང་། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་ནམ་ཡང་འབད་འཐབ་ལྷོད་མེད་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བསྟན་པ།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཉིན་ཤས་བསྟུད་མར་སྤྱི་ཚོགས་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་ལོ་རྒྱུས་ཀྱི་འགོ་འཛུགས་སའི་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་ནམ་ཡང་འབད་འཐབ་ལྷོད་མེད་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བསྟན་ཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་ནང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་ཕྱིར་དྲན་གནང་བ་དང་།  རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མུ་མཐུད་འབད་འཐབ་བྱེད་པའི་རླབས་ཆེའི་འབོད་སྐུལ་གནང་བས། རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཀྱི་རྒྱལ་གཅེས་སྤྲོ་སེམས་ཆེས་ཆེར་འཕེལ་ཡོད།
     ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་ཀུའོ་དབྱི་ཧྲན་གྱིས། མེས་རྒྱལ་ནི་ནམ་ཡང་ང་ཚོའི་སྟོབས་ཆེའི་རྒྱབ་རྟེན་ཞིག་ཡིན། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་ཞིག་ཡིན་པའི་ངོས་ནས། རྒྱུན་འཁྱོངས་ལྷོད་མེད་ངང་སློབ་སྦྱོང་བྱེད་པ་དང་། ཀྲུང་གོའི་སྐད་སྒྲ་བརྒྱུད་སྤེལ་བྱས་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།
     ཀོང་ཤི་ལིའུ་ཀང་བརྒྱུད་ཚོང་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྤྱི་གཉེར་ཀྲང་ཝུའེ་ཆོན་གྱིས། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་། སྟོབས་ཇེ་ཆེར་འགྲོ་བ་དེ་ཡང་ང་ཚོའི་མི་རིགས་ཁག་གི་མི་དམངས་ཀྱིས་མི་རབས་ནས་མི་རབས་བར་འབད་འཐབ་བྱས་པའི་འབྲས་བུ་ཡིན་པས། ང་ཚོའི་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་ནི་ང་ཚོ་མི་རེ་ངོ་རེར་བདེ་སྐྱིད་དང་གཟི་བརྗིད་ལྡན་པའི་མྱོང་ཚོར་ཡོང་བའི་དོན་ཞིག་རེད་བསམ་གྱི་འདུག་ཅེས་གསུངས་ཡོད།
     སློབ་གསོ་པུའི་བསམ་བློ་ཆབ་སྲིད་ལས་དོན་སིའི་སི་ཀྲང་ཝུའེ་ཧྲེ་ཆང་གིས། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་ཀྱི་མཇུག་ཏུ་བརྩེ་བ་ཟབ་མོའི་ངང་། རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་ཁྲི་ལོར་བརྟན་པོ་ཤོག རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག རླབས་ཆེན་གྱི་ཀྲུང་གོའི་མི་དམངས་ཁྲི་ལོར་བརྟན་པར་ཤོག་ཅེས་ཁྲི་ལོར་བརྟན་པར་ཤོག་གསུམ་འབོད་གནང་བ་དེ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་རེད་བསམ་གྱི་འདུག་ཅེས་གསུངས་ཡོད།
     མདུན་སྐྱོད་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་འབད་འཐབ་ཇི་ལྟར་བྱ་དགོས་པའི་ཐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་འཁྱོངས་ལྔ་ནན་བཤད་གནང་ནས། རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།
     ཧྲན་ཏུང་ཆུས་ཧྥུའུ་དགེ་འོས་སློབ་ཆེན་གྱི་སློབ་མ་དབྱང་མའོ་དབྱི་ཡིས། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བཟང་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་ཞེས་པའི་སྐད་ཆ་དེར་མྱོང་ཚོར་ཟབ་མོ་བྱུང་། དུས་རབས་གསར་པའི་སློབ་ཆེན་སློབ་མ་ཞིག་ཡིན་པའི་ངོས་ནས། ངས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་འཛུགས་སྐྲུན་གྱི་གཟི་བརྗིད་ལས་འགན་ནང་ཧུར་ཐག་ཞུགས་རྒྱུ་ཡིན་ཞེས་གསུངས་ཡོད།
     དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཀྲེང་ཀུང་ཁྲེང་གིས། ང་ཚོས་བསྐྱོད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཡིན། ལོ་ངོ་བདུན་ཅུ་ཞིབ་བཤེར་བྱས་པ་བརྒྱུད། བགྲོད་ལམ་འདི་བདམས་པ་ནི་ཡང་དག་པ་ཞིག་ཡིན་པར་ཐེ་ཚོམ་མེད་ཅེས་གསུངས་ཡོད།
     ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ལི་ཡུའེ་ཧྥེང་གིས། ང་ཚོ་ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱིས་སླད་ཕྱིན་མུ་མཐུད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གཞིར་བཟུང་། ཐའེ་དབན་སྤུན་ཟླ་དེ་བས་མང་བར་མཐུན་སྒྲིལ་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཐའེ་དབན་མནའ་མཐུན་གྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།
     ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་ཆ་འཕྲིན་བརྒྱུད་སྤེལ་ཅུད་ཀྱི་འགོ་འཛིན་ཧུའུ་ཀྲའོ་མིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་གཉིས་ཕན་མཉམ་རྒྱལ་གྱི་སྒོ་དབྱེའི་འཐབ་ཇུས་མུ་མཐུད་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་མཉམ་དུ་བསྐྲུན་རྒྱུ་ཡིན་ཞེས་བསྐྱར་གསུངས་གནང་བ་དེས་འཛམ་གླིང་ཡོངས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་གསུངས་ཡོད།
     ཚང་མས། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་དེ་ལས་གནས་ལ་གཞི་ཚུགས་པ་དང་ལས་དོན་ཐད་འབད་འབུངས་བྱེད་པའི་བྱ་སྤྱོད་དངོས་ལ་བསྒྱུར་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཧུར་ཐག་གཏོད་དགོས་པའི་ངོས་འཛིན་གནང་ཡོད།
     ཅང་ཤི་ནན་ཁྲང་དབན་ལི་ཆུས་རིག་གནས་རླུང་འཕྲིན་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཡུལ་སྐོར་ཅུད་ཀྱི་ལས་བྱེད་པ་ཁྲེང་ཐིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནི་བསྒྲགས་གཏམ་ཞིག་ཡིན་ལ་དུང་བརྡ་ཞིག་ཀྱང་རེད། ཡུལ་སྐོར་རིག་གནས་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དེ་བས་ཡག་པོ་བྱེད་པ་དང་། ང་ཚོའི་གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཆབས་ཅིག ང་ཚོའི་མཛེས་ལྗོངས་ཁུལ་ལ་སྲུང་སྐྱོང་ཡག་པོ་བྱས་ནས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་རྒྱུ་ཡིན་ཞེས་གསུངས་ཡོད།
     དམངས་སྲིད་པུའི་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ་ཅ་ཝུའེ་ཀྲོའུ་ཡིས། དམངས་སྲིད་ལས་བྱེད་པ་ཞིག་གི་ངོས་ནས། ང་ཚོས་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་ཀྱི་དམངས་སྲིད་ལས་དོན་གྱི་མ་མཐའ་སྲུང་བའི་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། དམངས་འཚོ་འགན་ལེན་གྱི་བདེ་འཇགས་དྲ་བ་ཡག་པོ་འཛུགས་རྒྱུ་ཡིན་ཞེས་གསུངས་ཡོད།
     ཧོ་ནན་ལུའོ་དབྱང་གྲོང་ཁུལ་གྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པ་ཝང་པའོ་དབྱིང་གིས། ཏང་ཡོན་ཞིག་དང་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས། ངས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་ཆེད་ཤུགས་རྒྱག་རྒྱུ་ཡིན་ཞེས་གསུངས་ཡོད།
     ཤིན་ཅང་ཧ་སྨི་གྲོང་ཁྱེར་སྤྱི་བདེ་ཅུས་རྒྱལ་ཁབ་བདེ་སྲུང་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་གཞོན་པ་ཨ་ཝ་ཀུའུ་ལི•ཨ་པུའུ་ལི་ཙེས། ཀྲུང་ཧྭའི་བུ་ཕྲུག་གིས་ཀུན་སེམས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱས་ཚེ། རང་རེའི་རྒྱལ་ཁབ་འཛུགས་སྐྲུན་ཡག་པོ་བྱེད་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཐུབ་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་ཡོད།  
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-10-21 22:41 , Processed in 0.025264 second(s), 20 queries .

返回顶部