博客西藏在最高处过一种生活

日志

༄༅།།དམག་གཟིགས་མཛད་སྒོར་ཞུགས་པ་ནི་ངའི་བསོ ...

已有 34 次阅读2019-10-8 14:57 |系统分类:见闻


                                  ༄༅།།དམག་གཟིགས་མཛད་སྒོར་ཞུགས་པ་ནི་ངའི་བསོད་ནམས་ཤིག་ཡིན།
                               ཡོང་ཁུངས། རྔ་བ་རྒྱང་སྒྲོག་བརྙན་འཕྲིན་ཁང་། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། རྡོ་རྗེ།
      
                                                                གསེར་སྒྲོན་གྱིས་དམག་གཟིགས་མཛད་སྒོར་ཞུགས་པ་ནི་བསོད་ནམས་ཤིག་ཡིན་ཟེར།       
     ཟླ10ཚེས1ཉིན་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70ལོན་པའི་འཁྲུངས་སྐར་རེད། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ཤར་ངོགས་ཀྱི་གཟིགས་སྟེགས་སུ། རྔ་བ་ཁུལ་གྱི་འཐུས་མི་གསེར་སྒྲོན་གྱིས་བོད་ལྭ་གསར་པ་གོན་ཅིང་། དཔྲལ་བར་རྒྱལ་དར་སྦྱར་ནས། ཡུལ་དངོས་ཀྱི་དམག་གཟིགས་མཛད་སྒོ་ལ་བལྟས་འདུག
     ཡིད་སེམས་རབ་ཏུ་སྤྲོ་བའི་དགའ་འབོད་ཁྲོད། གསེར་སྒྲོན་དང་གྲངས་ཉུང་མི་རིགས་ཀྱི་འཐུས་མི་རྣམས་ཀྱིས་རྒྱལ་དར་གཡུག་ཞོར། མེས་རྒྱལ་ལ་ནམ་ཡང་སྟོབས་འབྱོར་རྒྱས་ཤིང་མངའ་ཐང་དར་བའི་སྨོན་འདུན་ཞུ་བར་བྲེལ། གསེར་སྒྲོན་གྱིས་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཞིག་གི་ཆ་ནས། པེ་ཅིང་ལ་གདན་དྲངས་ཤིང་ཡུལ་དངོས་ནས་དམག་གཟིགས་མཛད་སྒོར་བལྟ་ཐུབ་པ་ནི་དགའ་བ་རབ་ཏུ་རྒྱས་ཤིང་ཡིད་སེམས་མགུ་བ་ཞིག་རེད། དེ་ཡང་ངའི་མི་ཚེ་གང་གི་གཟབ་རྒྱས་ཆེས་ཆེ་བའི་རྒྱས་འཛོམས་ཤིག་ཀྱང་ཡིན་ཞེས་བཤད་བྱུང་།
     གསེར་སྒྲོན་ན་རེ། ང་རང་འཛམ་ཐང་རྫོང་ནས་ལམ་ལ་མ་བུད་གོང་། ཆེད་དུ་བོད་ལྭ་གསར་པ་གཉིས་བཟོས་ཤིང་། རྩ་ཆེ་བའི་བྱུ་རུའི་རྒྱན་ཆའང་བསྡུ་གསོག་བྱས་པ་ཡིན་ལ། བོད་ཁམས་ནས་དུས་སྟོན་དང་རྒྱས་འཛོམས་གང་ལ་ཞུགས་ན་རྒྱན་གོས་ཀྱིས་རང་ཉིད་མཛེས་པར་སྤྲས་ནས། རང་ཉིད་ཀྱི་ཆེས་མཛེས་པའི་གོས་རྒྱན་གཞན་ལ་ངོམས་པར་བྱེད། བྱུ་རུའི་རྒྱན་ཆ་བཏགས་པ་དེ་ཡང་མེས་རྒྱལ་ལ་རྟེན་འབྲེལ་ཞུ་ལུགས་ཤིག་ཀྱང་ཡིན།
     གསེར་སྒྲོན་གྱིས་གནམ་བདེ་སྒོ་མོ་ཆེའི་ཡུལ་དངོས་དང་སྒོས་སུ་བསྟར་ཕྲེང་རེ་རེ་བསྒྲིགས་པའི་མེ་སྒྱོགས་དང་ཐན་ཁི། འཕུར་མདེལ། དམག་འཁྲུག་གནམ་གྲུ་སོགས་མིང་ཡང་འབོད་མི་ཤེས་པའི་གསར་དར་དམག་ཆས་རེ་རེ་མིག་གི་དགའ་སྟོན་དུ་གྱུར་དུས། ཡིད་སེམས་རབ་ཏུ་ཕྲོགས་ཤིང་ཡིད་འགུལ་གཏིང་ནས་ཐེབས་པ་ཞིག་རེད་ཅེས་གསར་འགོད་པར་བཤད་བྱུང་།

                 
     རྒྱུས་ལོན་བྱས་པ་ལྟར་ན། གསེར་སྒྲོན་ནི་རྔ་བ་ཁུལ་འཛམ་ཐང་རྫོང་བཅའ་སྡོད་སློབ་ཆུང་གི་སློབ་གཙོ་ཡིན་ལ། སློབ་གསོའི་བྱ་གཞག་གཉེར་ནས་ལོ་ངོ31འདས་ཡོད། ལོ་ངོ31རིང་། སྤྱིར་བཏང་གི་རིགས་དང་ཐབས་ལམ་དང་པོའི་རིགས། ཐབས་ལམ་གཉིས་པའི་རིགས་བཅས་སློབ་ཁྲིད་ཐབས་ལམ་རིགས་གསུམ་མཉམ་དུ་སྤེལ་བའི་སློབ་གསོ་དང་སློབ་ཁྲིད་ཀྱི་ཐབས་ལམ་ཞིག་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གཉིས་གཅིག་ལ་གཅིག་ཕན་དང་མཉམ་དུ་དར་ཞིང་རྒྱས་པ་བྱུང་ཡོད། ད་ལོར། གསེར་སྒྲོན་ནི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་པར་བདམས་ཤིང་། པེ་ཅིང་དུ་གདན་དྲངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྣ་ཚོགས་ལ་ཞུགས་པ་རེད།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-10-21 22:53 , Processed in 0.025233 second(s), 20 queries .

返回顶部