博客西藏在最高处过一种生活

日志

༄༅།།ལག་ལེན་དངོས་ལ་བརྟེན་ནས་ཐོག་མའི་བསམ་འ ...

已有 36 次阅读2019-10-8 14:42 |系统分类:见闻


                                           ༄༅།།ལག་ལེན་དངོས་ལ་བརྟེན་ནས་ཐོག་མའི་བསམ་འདུན་སྒྲུབ།
                                 —— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཤང་གསང་ཡིབ་སྡེ་ཁུལ་གྱི་དུད་སྦྲེལ་སྤྱི་མི་མཚམས་ཆུང་གི་སྐོར་བཀོད་པ།
                                   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། སྣང་རྡོར།


                         
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2016ལོར་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཚམས་ཆུང“ལྗོངས་ཡོངས་ཀྱི་སྔོན་ཐོན་གཉིས་ལྡན་དུད་སྦྲེལ”ལ་བདམས་པ།

      “གཉིས་ལྡན་དུད་སྦྲེལ”ནི་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཀྱི་ལམ་དུ་སྐྱོད་པ་དང་། གཞི་རིམ་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན། གཞི་རིམ་གྱི་སྤྱི་ཚོཌ་དོ་དམ་བྱེད་སྟངས་གསར་གཏོད། གཞི་རིམ་རྩ་འཛུགས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་འཕྲིན་ལམ་ཤར་གཏོང་། གཞི་རིམ་གྱི་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་ཀྱི་ལས་དོན་ཞིག་རེད།
     འདི་ལོ་ལོ་75ལ་སླེབས་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཤང་གསང་ཡིབ་སྡེ་ཁུལ་གྱི་དུད་སྦྲེལ་སྤྱི་མི་མཚམས་ཆུང“ཕུལ་བྱུང་གཉིས་ལྡན་དུད་སྦྲེལ”དང“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”ལ་ཐེངས་མང་བདམས་པ་མ་ཟད། 2016ལོར་རང་སྐྱོང་ལྗོངས་ཀྱི“ཕུལ་བྱུང་གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་སྤྱི་མིའི་མཚན་སྙན་ཡང་ཐོབ།

                         
                                                                       མཚམས་ཆུང་གིས་གཙོ་འཛིན་གྱི་སྐུ་པར་ལ་ཕྱི་བདར་གཏོང་བཞིན་པ།

      མཚམས་ཆུང་གི་སློབ་ཞུགས་ལམ་བུ།
      1945ལོའི་ཟླ་5པར་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་བར་བ་ཤང་དུ་སྐྱེས་པའི་མཚམས་ཆུང་ད་ཆ་དབུ་སྐྲ་དུང་ལྟར་དཀར་ལ་ལོ་བདུན་བཅུ་ལྷག་ཙམ་ལ་སླེབས། ཡིན་ནའང་ཁོང་གིས་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་དྲན་པ་སྔར་བཞིན་གསལ།
      ས་ཞིང་མེད་པའི་ཁོང་གི་ཁྱིམ་དུ་གཅེན་གཅུང་བཅུ་ཡོད་པ་དང་མཚམས་ཆུང་ནི་དེའི་ནང་གི་ཨང་དྲུག་པ་དེ་རེད། བཅིངས་འགྲོལ་མ་བཏང་གོང་ཁོང་གི་ཕ་མངའ་བདག་ཁྱིམ་གྱི་ཁྲལ་པ་ཞིག་རེད།
     1959ལོར་བཅིངས་འགྲོལ་དམག་མིའི་རྗེས་སུ་འབྲངས་ནས་ལམ་བཟོ་བར་ཕྱིན་རྗེས་མཚམས་ཆུང་དང་ཁོང་གི་གཅེན་པོ་གཅེན་མོ་ཚོར་འབྲས་ཐོག་མར་ཟ་རྒྱུ་བྱུང་བ་དང་། གླ་ཆ་ཡོད་པ་མ་ཟད། ད་དུང་འོ་མ་བྱི་རིལ་ཡང་ཐོག་མར་བཟས།
     ཁ་ལ་ཞིམ་པའི་བྱི་རིལ་གྱི་བྲོ་བ་དེ་མཚམས་ཆུང་གིས་ད་ལྟ་ཡང་བརྗེད་མེད། “སྐབས་དེ་དུས་གང་འདྲ་བྱས་ཚེ་བཅིངས་འགྲོལ་དམག་མི་དང་འདྲ་བར་ལྟོས་གྲོད་པ་རྒྱགས་པ་དང་། གོས་ཀྱིས་ལུས་དྲོད་པ་མ་ཟད། ད་དུང་རྟག་ཏུ་གླ་ཆ་ཡོད་དམ་བསམ་མྱོང”ཞེས་མཚམས་ཆུང་གིས་དྲན་གསོ་བཞིན་བརྗོད།
     1960ལོར་དམངས་གཙོའི་བཅོས་སྒྱུར་གྱི་ལས་དོན་མི་སྣ་མཚམས་ཆུང་གི་ཁྱིམ་དུ་ཡོང་ནས་ཁོང་བོད་ལྗོངས་སྤྱི་སློབ་ཏུ་སློབ་སྦྱོང་ལ་འགྲོ་བའི་སྐུལ་སློང་བྱས།
     མཚམས་ཆུང་གིས་མངའ་བདག་གི་ཁྱིམ་ནས་ཐོབ་པའི་གྱོན་གོས་གསར་པ་ཞིག་གྱོན་ཏེ། ཆུ་ཚོད་3ལྷག་ཙམ་གྱི་ལམ་འགྲིམ་པ་དང་དེ་ནས་རྟ་བཞོན་ནས་ཉིན་གཅིག་ཕྱིན་རྗེས་གཞི་ནས་གཞིས་རྩེ་གྲོང་ཁྱེར་དུ་འབྱོར། གཞིས་རྩེ་ནས་རླངས་འཁོར་ལ་བསྡད་དེ་ལྷ་སར་འབྱོར་རྗེས་ཀྱི་ཉིན་ལྔ་པར་མཚམས་ཆུང་གིས་ལྗོངས་ཡོངས་ཀྱི་སློབ་སྦྱོང་ལ་ཡོང་མཁན་ཕྲུ་གུ་ཚོ་དང་དེ་བཞིན་ལས་དོན་མི་སྣ་ཚོ་དང་མཉམ་དུ་ཧྲའན་ཤིས་སུ་བསྐྱོད།
     སློབ་སྦྱོང་ལ་བསྐྱོད་པའི་ལོ་དྲུག་རིང་། དགེ་རྒན་ཚོས་འཚོ་བར་ལྟ་རྟོག་ཡག་པོ་བྱས་པ་དང་ཤེས་བྱ་རྣམས་གཅིག་ཀྱང་མ་ལུས་པ་སྦྱངས། མཚམས་ཆུང་གིས་དགོས་ངེས་ཀྱི་འགྲོ་སོང་གཏོང་བ་ཕུད། ཟླ་རེར་དངུལ་ལྷག་པ་དེ་དག་བསགས་ནས་སློབ་གྲྭ་ཐོན་རྗེས་སྒོར་51རང་ཉིད་ཀྱི་ཕར་སྤྲད། སྐབས་དེ་དུས་སྒོར་50ཡིས་འབྲི་གཡག་གཅིག་ཉོ་ཐུབ།

                       
                                                           མཚམས་ཆུང་གིས་ཁྱིམ་ཚང་དུ་གནས་ཚུལ་འདྲི་རྟོགས་བྱེད་བཞིན་པ།

      མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་དང་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ།
      སློབ་གྲྭ་ཐོན་ནས་ཕ་ཡུལ་དུ་ལོག་རྗེས་མཚམས་ཆུང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཧྲི་ཤོག་བཅུ་པའི་སྐད་སྒྱུར་བ་བྱས། དེ་རྗེས་ནག་ཆུའི་སོག་རྫོང་དང་སྦྲ་ཆེན་རྫོང་སོགས་གཞི་རིམ་དུ་ལས་ཀ་བྱས། 2001ལོར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཁྲུའུ་ཀྲང་གཞོན་པའི་ལས་གནས་ནས་གཟི་བརྗིད་ལྡན་པའི་ངང་རྒན་ཡོལ་ཞུས།
      2008ལོར་མཚམས་ཆུང་གིས་རང་སྐྱོང་ལྗོངས་ཚོང་དོན་ཐིང་གྲོང་འདབས་བྱང་མའི་རྒན་ཡོལ་རྟེན་གཞིའི་སྡེ་བདག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་ཁུར་བ་དང་། 2012ལོར་སྔ་རྗེས་སུ་ཚོང་དོན་ཐིང་གི་ཏང་ཀྲི་པུའུ་བཅུ་པའི་རྒན་ཡོལ་ཀྲེ་པུའི་ཧྲུའུ་ཅི་གཞོན་པ་དང་ཧྲུའུ་ཅིའི་འགན་ཁུར། སྡེ་ཁུལ་གྱི་སྡེ་ལས་ཨུ་ལྷན་གྱི་ཀྲུའུ་རེན་དང་། “གཉིས་ལྡན་དུད་སྦྲེལ”གྱི་ཙུའུ་ཀྲང་། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་བཅས་བྱེད་མྱོང་བའི་མཚམས་ཆུང་གིས་ད་བར་སེམས་པ་མང་ཚོཌ་ལ་བཅངས།
      ཁོང་སྡོད་སའི་དགའ་སྐྱིད་གླིང་སྡེ་ཁུལ་ནི་ཐིང་ལས་ཁུངས་དང་ཐིང་ཁོངས་གཏོགས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པ་ཁག་གཅིག་གི་ལས་བྱེད་པ་དང་ལས་བཟོས་མ་དངུལ་མཉམ་དུ་བསྡུས་ནས་བསྐྲུན་པའི་བཀོད་སྒྲིག་སྡོད་ཁང་ཞིག་རེད། སྒྲིག་གཞི་སྒྱུར་བཅོས་དང་ས་ཆ་བརྒྱུད་བཤུག་བྱེད་དངུལ་སོགས་ཀྱི་གནད་དོན་མང་པོས་རྐྱེན་པས་ལོ་བཅུ་ལྷག་ཙམ་རིང་སྡེ་ཁུལ་གྱི་ས་དབང་ལག་ཁྱེར་དང་ཁྱིམ་དུད་ཀྱི་ཁང་པའི་ལག་ཁྱེར་གཉེར་ཐུབ་མེད། སྡེ་ཁུལ་གྱི་ཁྱིམ་དུད་ཚོར་དེའི་ཐད་བསམ་འཆར་ཆེན་པོ་ཡོད་པ་དེ་སྡེ་ཁུལ་གྱི་བརྟན་ལྷིང་ལ་གནོད་པའི་རྐྱེན་གཙོ་བོ་ཞིག་ཏུ་གྱུར།
      མཚམས་ཆུང་གིས་གནས་ཚུལ་དེ་ཤེས་རྗེས། ཕྱོཌ་མང་པོ་དང་མཐུན་སྦྱོར་གྱིས་གནས་ཚུལ་ཐག་གཅོད་ཐུབ་ཐབས་བྱས། ཉེ་བའི་ལོ་གསུམ་རིང་། ཐོབ་ཆ་གང་ཡང་མི་དགོས་པར་ཕྱོགས་མང་པོར་ཁང་པའི་ལག་འཁྱེར་སྐོར་གྱི་སྲིད་ཇུས་བློ་འདྲི་བྱེད་པ་དང་། ས་ཆ་ནང་བཤུག་ལག་ཁྱེར་དང་ཁང་པའི་བདག་དབང་ལག་ཁྱེར་གཉེར་བའི་བརྒྱུད་རིམ་དང་གོ་རིམ་ཤེས་རྟོཌ་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་དེ་སྔའི་དཔྱད་གཞི་འཚོལ་བསྡུ་ཧུར་ཐག་བྱས་མཐར་སྡེ་ཁུལ་གྱི་གྲོང་མིའི་སེམས་ནད་ཆེན་པོ་དེ་བསལ་བ་རེད། ད་ཆ་ས་ཆའི་ལག་འཁྱེར་དང་ཁང་པའི་ལག་ཁྱེར་དུད་ཁྱིམ་སོ་སོར་སྤྲད་ཟིན།
      ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་ལས་གྲྭ་སྐྲུན་རིང་། རང་བྱུང་སོལ་རླངས་ཀྱི་སྦུག་ལམ་འཛུགས་སྐྲུན་རུ་ཁག་2016ལོའི་ཟླ་6ཚེས་17ཉིན་སྡེ་ཁུལ་དེར་སྦུག་ལམ་འཛུགས་སྐྲུན་བྱེད་པར་ཡོང་། ཨར་སྐྲུན་གྱི་སྤུས་ཚད་དང་། སྡེ་ཁུལ་ནང་གི་མི་སྣ་དང་རླངས་འཁོར་འགྲོ་སྐྱོད། ཁྱིམ་དུད་ཀྱི་རྒྱུ་ནོར་གྱི་བདེ་འཇགས་བཅས་འགན་ལེན་བྱ་ཆེད། མཚམས་ཆུང་གིས་འཕྲལ་མར་ཨར་ལས་རུ་ཁག་དང་སྡེ་བདག་དབར་གྱི་འབྲེལ་གཏུག་མཐུན་སྦྱོར་ཚོགས་འདུ་འཚོགས་ཤིང། ཚོགས་འདུའི་ཐོག་ཨར་ལས་རུ་ཁག་ཕྱོགས་ལ་ཨར་པོའི་ལས་རིམ་ཞིབ་པར་ཤོད་རྒྱུའི་བླང་བྱ་བཏོན་ལ་ཁྱིམ་དུད་ཀྱིས་ཀྱང་ལུགས་མཐུན་གྱི་ཁྱབ་ཁོངས་སུ་རང་སོ་སོའི་རེ་བ་བཏོན་རྗེས་གཞི་ནས་ཨར་ལས་བྱེད་འགོ་ཚུགས། ཨར་ལས་བྱེད་རིང་། ཁོ་མོས་སྣེ་ཁྲིད་པའི་ཁར་སྤྱི་མི་གཉིས་བཀོད་སྒྲིག་བྱས་ཏེ། གཟའ་འཁོར་རེའི་ལས་རེས་ལམ་ལུགས་ལག་ལེན་བསྟར་བ་དང་། ལས་རེས་མི་སྣས་ཕྱོགས་གཅིག་ནས་ལས་གྲྭའི་སྤུས་ཚད་ལ་ཞིབ་བཤེར་བྱེད་པ་དང་ཕྱོགས་གཞན་ཞིག་ནས་དེར་སྡོད་མཁན་དུད་ཚང་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། གོ་རིམ་ལྟར་ཁྱིམ་དུ་ཨར་ལས་པ་དྲོད་རླངས་སྒྲིག་སྦྱོར་བྱེད་པར་ཡོང་བར་སྒུག་བསྡད་པ་དང་སྐབས་དེར་སྡེ་ཁུལ་དུ་སྡོད་མཁན་གྱི་རླངས་འཁོར་ཚང་མ་སྡེ་ཁུལ་གྱི་ཕྱིར་བཞག་ཡོད། མཚམས་ཆུང་གི་དུས་ཐོག་དང་བློ་གྲོས་ལྡན་པའི་ཇུས་གཞི་དེ་དག་ལས་ལས་གྲྭའི་འཕེལ་རིམ་མགྱོགས་སུ་ཕྱིན་ལ། སྡོད་མཁན་ཁྱིམ་དུད་ལ་ཡང་སྟབས་བདེ་བྱུང་ནས་ཨར་ལས་དང་སོལ་རླངས་འཁྲིད་པའི་ལས་དོན་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་།
      མཚམས་ཆུང་གིས་མང་ཚོགས་ཀྱི་སེམས་ཁྲལ་བྱེད་སར་སེམས་ཁྲལ་དང་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་བཏང་བ་ལས་མི་དམངས་ལ་ཞབས་འདེབས་ཞུ་བའི་ཀྲུང་གོ་གུང་ཁྲན་ཏང་གི་དམིགས་ཡུལ་ཇི་མ་ཇི་བཞིན་དུ་མཚོན་གྱི་ཡོད།

                       
                                    མཚམས་ཆུང་གིས་སྡེ་ཁུལ་གྱི་གྲོགས་པོ་ཆུང་ཆུང་དང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པ།

      ལས་གནས་དང་བྲལ་ཡང་ཏང་དང་ཁ་མི་བྲལ་བ་དང་རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་མི་ཉམས་པ།
      རང་སྐྱོང་ལྗོངས་ཚོང་དོན་ཐིང་ཏང་ཙུའི་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། མཚམས་ཆུང་གནས་སའི་ཀྲི་པུས་ཟླ་རེར་བྱེད་སྒོ་ཐེངས་རེ་སྤེལ་གྱི་ཡོད། ཏང་ཀྲི་པུའི་བྱེད་སྒོར་ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བྱེད་ཕྱོགས་དང་། སྲིད་ཇུས། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལོན་པར་བྱས་ཏེ། ཀྲི་པུའི་ནང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་དགོངས་དོན་ཁག་བརྒྱུད་བསྒྲགས་དང་སློབ་སྦྱོང་དེ་བས་ལེགས་པ་བྱེད་བདེ་ཡོང་བར་བྱས།
      ཁོང་གིས་སྣེ་ཁྲིད་དེ་ཏང་དངུལ་དུས་ཐོག་ཏུ་བསྐྱལ་བ་དང་། ཏང་ཡོན་རྒན་གྲས་དང་བློ་མཐུན་རྒན་གྲས་སྒྲིག་འཛུགས་བྱས་ཏེ་དུས་ཐོག་ཏུ་སྲིད་ཇུས་སློབ་སྦྱོང་བྱེད་པ། བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་དང་འབྲེལ་བའི་ལས་དོན་དང་སྲིད་ཇུས་རྒྱུན་དུ་དྲིལ་བསྒྲགས་དང་སྦྲགས་མཐའ་འཁྱོངས་ཀྱང་བྱེད་ཀྱི་ཡོད། ཁོང་གི་སྐད་ཆ་ནས་བརྗོད་ན། གུང་ཁྲན་ཏང་ཡོན་མི་རེ་ངོ་རེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཚེ་གང་འབད་བརྩོན་བྱེད་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ“ལས་གནས་དང་བྲལ་ཡང་ཏང་དང་ཁ་མི་བྲལ་བ་དང་རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་མི་ཉམས་པ་བྱེད་དགོས་པ”“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་དགོས”
      ཉེ་བའི་ལོ་བཅུ་གྲངས་རིང་། མཚམས་ཆུང་གིས་འབད་བརྩོན་ལྷོད་མེད་བྱས་པར་མང་ཚོགས་རྣམས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱས་པ་མ་ཟད། རྩ་འཛུགས་ཀྱིས་ཁས་ལེན་ཡང་བྱས། གུང་ཁྲན་ཏང་ཡོན་ཞིག་གི་ངོས་ནས་ལས་ཀ་བྱེད་རིང་ངམ་ཡང་ན་རྒན་ཡོལ་ཞུས་རྗེས་གང་ཞིག་ཡིན་རུང་མཚམས་ཆུང་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་རང་ཉིད་ཐོག་མར་ཏང་ལ་ཞུགས་སྐབས་ཀྱི་དམ་ཚིག་ལག་བསྟར་བྱས་པ་དང་། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་གྱིས་གངས་ལྗོངས་ས་མཐོར་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བསྟོད་གླུ་བརྩམས་ཡོད།

                       
                                                  མཚམས་ཆུང་གིས་སློབ་སྦྱོང་བྱེད་བཞིན་པ།


                       
                                    མཚམས་ཆུང་གིས་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་ཞིབ་བཤེར་བྱེད་བཞིན་པ།
                                      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-10-21 23:06 , Processed in 0.028187 second(s), 20 queries .

返回顶部