博客西藏在最高处过一种生活

日志

༄༅།།བོད་པ་ཁོང་གི་མཛད་རྗེས་ལ་མི་རྣམས་ཧང་ས ...

已有 74 次阅读2019-10-3 18:12 |系统分类:见闻


                                  ༄༅།།བོད་པ་ཁོང་གི་མཛད་རྗེས་ལ་མི་རྣམས་ཧང་སངས་འདུག
                    ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། སྣང་རྡོར།

                          
    “ངས་བདེ་སྐྱིད་ལ་གླུ་དབྱངས་ལེན། དེ་ནི་ངས་མིག་མཐོང་ལག་ཟིན་བྱུང་བས་ཡིན། རྒྱང་རིང་མི་ཡུལ་འགྲིམས་པའི་བུ་ཆུང་། སླར་ཡང་མ་ཡུམ་པང་དུ་ལོག་ཡོད། ”  ཐོག་མར་བསོད་ནམས་དོན་གྲུབ་ངོ་ཤེས་སྐབས་ཁོང་གིས་བརྙན་འཕྲིན་ཐོག་སྙན་ངག་གྱེར་འདོན་གནང་བཞིན་འདུག དང་པོའི་བཅོ་ལྔར་གསར་འགོད་པ་དང་སླར་ཡང་འཕྲད་སྐབས། བསོད་ནམས་དོན་གྲུབ་ཀྱི་ཨ་མ་ལགས་ཁོང་དང་མཉམ་དུ་འབའ་ལྷག་གྲོང་ཚོར་ལོག་འདུག ལོ་མང་རིང་། བསོད་ནམས་དོན་གྲུབ་ཀྱི་ཕ་ཡུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་འབའ་ལྷག་གྲོང་ཚོ་ནི་སྔར་ས་བཀྲའི་ཐོག་རྙེད་མི་ཐུབ་པའི་ས་ཆ་ཞིག་ཡིན། བསོད་ནམས་དོན་གྲུབ་ཀྱིས་རྒྱུ་ནོར་ཚང་མ་བཏང་བ་དང་། རང་ཉིད་གཅིག་པུས་དཀའ་ངལ་ཁྱད་དུ་བསད་ནས། ལོ་ངོ་10ཡི་དུས་ཚོད་ནང་གཡང་གཟར་བྲག་རིའི་ཐོག་ཏུ་ལམ་བུ་ཞིག་བཏོད་ཡོད།


    ཞོགས་པའི་ཉི་གཞོན་བོད་ཁང་གི་སྒེའུ་ཁུང་ནས་འཕྲོ་སྐབས། བསོད་ནམས་དོན་གྲུབ་དང་ཁོང་གི་ཨ་མ་ལགས་ནས་གསར་དུ་ཉམས་བཟོ་བྱས་པའི་ཕ་ཁྱིམ་གྱི་ཕྱོགས་བཞིར་གཟིགས་བཞིན་འདུག བསོད་ནམས་དོན་གྲུབ་ཀྱིས། དེ་རིང་རང་ཉིད་ཀྱིས་རླངས་འཁོར་བཏང་ནས་ཁྱིམ་དུ་ལོག་པས་སེམས་ཧ་ཅང་སྐྱིད་པོ་འདུག འོན་ཀྱང་འདས་དོན་ཀྱང་མང་པོ་ཞིག་དྲན་བྱུང་། ཆུང་དུས་འབའ་ལྷག་གྲོང་ཚོ་ནི་ཤིན་ཏུ་རྗེས་ལུས་དང་ཤིན་ཏུ་དབུལ་པོ་ཞིག་རེད། ང་རང་ལོ་10ལ་སླེབས་སྐབས་ཀྱང་ལྷམ་གྱོན་རྒྱུ་མི་འདུག ངའི་མིག་ལ་སྟབས་མ་ལེགས་པར་རྨས་སྐྱོན་ཕོག་ནས་རྫོང་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་སྐབས་གཞི་ནས་ཐེངས་དང་པོར་རི་ཁུག་འདི་ནས་ཕྱི་རོལ་དུ་འགྲོ་རྒྱུ་བྱུང་ལ། ཐེངས་དང་པོར་གློག་སྒྲོན་དང་རླངས་འཁོར་མཐོང་བྱུང་། ང་དང་ཨ་ཕས་ཉིན་5ཕྱིན་པ་ཡིན། ཡིན་ནའང་སྨན་བཅོས་བྱེད་པའི་དུས་ཚོད་ཡག་ཤོས་དེ་ཡོལ་ཚར་འདུག  དོན་དག་དེ་ནི་ཡིད་སྐྱོ་བ་ཞིག་རེད། དེ་དུས་གྲོང་ཚོ་ནས་ཕྱི་ཕྱོགས་སུ་བསྐྱོད་སའི་ལམ་བུ་ཞིག་ཡོད་ན་ཅི་མ་རུང་སྙམ་བྱུང་ཞེས་གསུངས།  སྐབས་དེར་བསོད་ནམས་དོན་གྲུབ་ཀྱི་མིག་ཟུང་རྒྱང་རིང་ལ་ཕྱོགས་འདུག

    ལོ་40ལ་སོན་སྐབས། བསོད་ནམས་དོན་གྲུབ་ཀྱིས་ཚོང་བརྒྱབ་ནས་སྒོར་ཁྲི་སུམ་བརྒྱ་བཞི་བརྒྱ་གསོག་ཐུབ་པ་བྱུང་། ཁོང་གིས་འབའ་ལྷག་གྲོང་ཚོའི་གྲོང་མི་རྣམས་རི་ཆེན་གྱི་ཕྱི་རོལ་དུ་འགྲོ་སའི་ལམ་ཞིག་བཟོ་རྒྱུའི་ཐག་བཅད། འོན་ཀྱང་རིང་ཚད་ལ་སྤྱི་ལེ་35ཡོད་ཅིང་། མཐའ་ཁུལ་གྱི་བོད་རིགས་གྲོང་ཚོ་4སྦྲེལ་བའི་གཞུང་ལམ་ཞིག་བཟོ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན། བསོད་ནམས་དོན་གྲུབ་ཀྱིས་གདན་ཞུ་བྱས་པའི་རྩད་ཞིབ་ཐིག་ལེན་ལས་གཞིའི་རུ་ཁག་ལ་དཀའ་ངལ་འཕྲད་པས་ཕྱིར་བཤོལ་བྱས་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱིས་ཀྱང་བསམ་ཤེས་མི་བྱེད་པ། ཐ་ན་ཁྲེལ་དགོད་ཟུར་ཟ་བྱེད་མཁན་ཡང་བྱུང་ཡོད། ཡིན་ཡང་དེ་དག་ཚང་མས་ཁོང་གི་ཆོད་སེམས་ལ་འགྱུར་བ་གཏོང་ཐུབ་མེད།

                            
    སྤྱི་ལོ་2004ལོའི་ཟླ་9པར། འབར་གས་ཀྱི་སྒྲ་ཆེན་པོ་ཞིག་དང་བསྟུན་ནས། རྒྱལ་ལམ་214ནས་འབའ་ལྷག་གྲོང་ཚོར་ཤར་གཏོང་ཐུབ་པའི་རི་བསྐོར་གཞུང་ལམ་དངོས་སུ་ལས་འགོ་ཚུགས་ཡོད། ཁོང་གིས་ཉིན་མཚན་ལྟོས་མེད་ལ་གྲོག་རོང་གི་ཁྲོད་དུ་བསྡད་ཐོག་འཆར་འགོད་འདིང་བ་དང་རྣམ་གྲངས་སུས་འཇོན་དེ་འགུག དེ་ནས་ལས་གཞི་ལས་འགོ་ཚུགས་པའི་བར། སེམས་ནུས་ཡོད་ཚད་ལམ་བཟོའི་ཐད་བཏང་གནང་ཡོད།

                            
    རྒྱུ་དངུལ་ཁྲི་བརྒྱ་ཕྲག་ཡོད་པ་ནས་བུ་ལོན་གྱི་འདམ་ལ་དིམ་པར་གྱུར་བ་དང་། ལམ་བཟོ་མཚམས་ཀྱང་ཡང་ཡང་འཇོག་དགོས་བྱུང་། བསོད་ནམས་དོན་གྲུབ་ཀྱིས། བདེ་སྐྱིད་ནི་འབད་འཐབ་བྱས་ནས་འབྱུང་བ་ཞིག་ཡིན། དུས་རབས་གསར་པས་ང་ཚོར་གོ་སྐབས་བཟང་པོ་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དུས་ཡུན་ལོ་ངོ་10སོང་རྗེས། གཞི་ནས་རི་སྐེད་དང་གྲོང་རོང་ཁྲོད་དུ་གཞུང་ལམ་ཤར་གཏོང་ཐུབ་སོང་། འབའ་ལྷག་གྲོང་ཚོ་ནས་སེམས་ཀྱི་ཉི་ཟླ་གྲོང་ཁུལ་བར་ལ་དེ་སྔོན་རྐང་ཐང་མར་ཉིན་ལྔ་འགྲོ་དགོས་པ་ལས་ད་ཆ་རླངས་འཁོར་བཏང་ནས་ཆུ་ཚོད་གཅིག་ལྷག་ལས་འགྲོ་མི་དགོས། དེ་དང་ཆབས་ཅིག གཞན་དང་འབྲེལ་ཐག་ཆད་པའི་ཁམས་གཙང་གནས་མཆོག་སྟེ། འབའ་ལྷག་དཀར་རྫོང་གིས་མཛེས་སྡུག་ལྡན་པའི་འཛུམ་ཞལ་ངོམས་རྒྱུ་བྱུང་ཞེས་གསུངས།




    འབའ་ལྷག་དཀར་རྫོང་གི་རི་ཟུར་ཉག་ཁ་ནས་བལྟས་ན། གྲོང་ཚོར་སྐྱོད་སའི་གཞུང་ལམ་དེ་གཡང་ཊི་སྔོན་མོ་ཞིག་དང་འདྲ་ལ། མཁའ་ལམ་བཟོ་མཁན་བསོད་ནམས་དོན་གྲུབ་ཀྱིས་ཕ་ཡུལ་ལ་སྒྲོན་པའི་མཇལ་དར་ཞིག་དང་མཚུངས་ཏེ། ཡུལ་མི་ཚོའི་ཕྱུག་འགྱུར་གྱི་ལམ་བུ་དང་སྦྲེལ་ཡོད། བསོད་ནམས་དོན་གྲུབ་ཀྱིས་གསར་འགོད་པར། མི་གཅིག་ཕྱུག་པོ་ཆགས་ན་ཕྱུག་པོ་མ་ཡིན་པར། དམངས་དང་མཉམ་དུ་ཕྱུག་པོ་ཆགས་ན་དེ་ནི་དངོས་གནས་ཀྱི་ཕྱུག་པོ་ཡིན་ཞེས་གསུངས། འདི་ལོའི་དཔྱིད་གསར་དུས་ཆེན་རིང་། འབའ་ལྷག་དཀར་རྫོང་དུ་ཡུལ་སྐོར་དུ་ཡོང་མཁན་ལོ་སྔོན་མ་དག་ལས་ལྡབ་ཁ་ཤས་ཀྱིས་མང་བ་ཡོད་པ་དང་། མང་ཚོགས་ཀྱི་ཡོང་འབབ་ཀྱང་འཕར་སྣོན་ཆེན་པོ་བྱུང་ཡོད། ཕ་ཡུལ་གྱི་ལམ་བཟོ་རྒྱུ་དང་ ཡུལ་མི་རྣམས་མཉམ་དུ་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་སྟེ། བསོད་ནམས་དོན་གྲུབ་ཀྱི་ཕུགས་བསམ་དེ་ཐོག་མའི་ཆ་ནས་མངོན་འགྱུར་བྱུང་ཡོད།(མ་རྩོམ་ཡོང་ཁུངས། ཡུན་ནན་ཉིན་རེའི་ཚགས་པར།)
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-22 22:51 , Processed in 0.027053 second(s), 20 queries .

返回顶部