博客西藏在最高处过一种生活

日志

༄༅།།མཚོ་སྔོན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མ ...

已有 45 次阅读2019-10-3 08:44 |系统分类:见闻


                 ༄༅།།མཚོ་སྔོན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་
                                   རྟེན་འབྲེལ་ཞུ་བའི་རྒྱལ་དར་སྒྲེང་བའི་མཛད་སྒོ་གཟབ་རྒྱས་བསྡུས།
                    ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

                             

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན ཟླ་བཅུ་བའི་ཚེས་གཅིག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་རྒྱལ་དར་སྒྲེང་བའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་དཀྱིལ་སྙིང་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་འགོ་ཁྲིད་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁྱབ་ཁོངས་སོ་སོའི་འཐུས་མི་བཅས་མཉམ་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་ནས། མེས་རྒྱལ་གྱི་འཁྲུངས་སྐར་ལ་སྨོན་འདུན་ཞུས།

      སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་སྟེང་རྒྱལ་དར་སྒྲེང་བའི་མཛད་སྒོ་དངོས་སུ་སྤེལ་འགོ་བརྩམས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཡིས་རྒྱལ་དར་སྒྲེང་བའི་མཛད་སྒོར་འགོ་འཛིན་བྱས།

      ཟི་ལིང་ན་ཡོད་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་ཞིང་ཆེན་རིམ་པའི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ་རེ་འགའ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་འགན་ཁུར་བློ་མཐུན། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ ཞིང་ཆེན་དུ་གཏོགས་པའི་རྒྱལ་དབང་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཟི་ལིང་གྲོང་ཁྱེར་གྱི་ཐིན་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་། ཟི་ལིང་གྲོང་ཁྱེར་གྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ་རེ་འགའ། འཐབ་མོ་བ་རྒན་པ་དང་ཏང་ཡོན་རྒན་པའི་འཐུས་མི། དམངས་གཙོའི་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། སྔོན་ཐོན་དཔེ་ལེགས་ཅན་གྱི་འཐུས་མི། སློབ་མ་དང་སྨན་པ། ནད་གཡོག་པ། ལས་ཁུངས་ཀྱི་ལས་བྱེད་པ། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། བཅིངས་འགྲོལ་དམག་གི་དཔོན་དམག དྲག་ཆས་ཉེན་རྟོག་དཔོན་དམག མང་ཚོགས་ཚོགས་པའི་འཐུས་མི་བཅས་ཁྱོན་མི་སྟོང་གཅིག་དང་ཉིས་བརྒྱ་ལྷག་ཐེངས་འདིའི་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས།

      ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་བསྟན་དོན། རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་ཏེ་བརྗིད་ཉམས་ལྡན་པའི་བྱེད་ཐབས་ལ་བརྟེན་ནས་མེས་རྒྱལ་ལ་སྨོན་འདུན་ཞུས་པས། ནང་སེམས་ལ་སྨྲ་མི་ཤེས་པའི་གཟི་བརྗིད་དང་སེམས་འགུལ་ཚད་མེད་ཐེབས་བྱུང་། ང་ཚོས་མེས་རྒྱལ་གྱི་དར་རྒྱས་གོང་འཕེལ་མཐོང་བས་ནང་སེམས་ལ་སྤོབས་པ་དང་ང་རྒྱལ་ཚད་མེད་སྐྱེས་བྱུང་། མེས་རྒྱལ་ལ་བཅངས་པའི་དགའ་ཞེན་བྱ་བའི་སྒུལ་ཤུགས་སུ་བསྒྱུར་ནས། འཐབ་རྩོད་ཀྱི་ཡིད་གདེང་སྔར་ལས་འཁེལ་བ་དང་བྱ་བའི་སྤྲོ་སེམས་ཆེན་པོ། དངོས་གཉེར་གྱི་བྱེད་ཕྱོགས་ལེགས་པོ་བཅས་ལ་བརྟེན་ནས། སྐར་ལྔའི་དར་དམར་ལ་གཟི་མདངས་བསྩོལ་དགོས་པར་མ་ཟད། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-10-22 00:00 , Processed in 0.031238 second(s), 20 queries .

返回顶部