博客西藏在最高处过一种生活

日志

༄༅།།སྣེ་ལེན་ཞུ་བའི་ཚོགས་འདུ་གཟབ་རྒྱས་ཤིག ...

已有 67 次阅读2019-10-2 13:41 |系统分类:见闻


                                   ༄༅།།སྣེ་ལེན་ཞུ་བའི་ཚོགས་འདུ་གཟབ་རྒྱས་ཤིག་པེ་ཅིང་དུ་འཚོགས།
                      ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། སྣང་རྡོར།

      ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་སྤྱི་ཚེས་30ཉིན་གྱི་དགོང་མོ་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཁོང་གིས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ང་ཚོས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེང་བ་དང་།  ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དུ་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་རྒྱག་པ།  ཏང་ཤོག་ཁག་དང་ཚོགས་པ་ཁག མི་རིགས་ཁག བང་རིམ་ཁག དེ་བཞིན་ཕྱོགས་ཁག་བཅས་ཀྱི་མཐུན་སྒྲིལ་ཆེན་མོར་ཤུགས་སྣོན་རྒྱག་པ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཞུམ་མེད་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། 
  
                  
       ལི་ཁེ་ཆང་གིས་སྣེ་ལེན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་སྣེ་ལེན་ཚོགས་འདུར་ཕེབས་ཡོད། རྒྱལ་ཁབ་ཕྱི་ནང་གི་མི་སྣ་4000ལྷག་མཉམ་དུ་འཛོམས་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་ཡོད་པ་རེད།  
 
                  
       མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཁང་ནང་། གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་། མེ་ཏོག་རྣམ་པར་བཀྲ་ཞིང་། སྤྲོ་སེམས་འཁོལ་པོས་དགའ་སྟོན་ལ་རྟེན་འབྲེལ་ཞུ་བའི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད། ཀྲུའུ་ཞི་སྟེགས་བུའི་སྟེང་དུ་བརྗིད་ཉམས་ལྡན་པའི་རྒྱལ་རྟགས་བཀལ་ཡོད་པ་དང་། སྤྱི་ལོ་1949ལོ་ནས་2019ལོ་ཞེས་འཁོད་པ་དེ་དར་ཆའི་བཀྲག་མདངས་འོག་སྔར་བས་མངོན་གསལ་དོད་པར་སྣང་།
      ཆུ་ཚོད་17དང་སྐར་མ་30ཐོག དགའ་སྤྲོ་འཁོལ་བའི་མགྲོན་བསུའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་སོགས་གསོལ་སྟོན་ཁང་དུ་ཕེབས་པས་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད་པ་རེད།
      སྣེ་ལེན་ཚོགས་འདུ་འགོ་ཚུགས་པ་དང་། ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་དང་། བརྗིད་ཉམས་ཆེ་བའི་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་ཚོམས་ཆེན་ནང་ལྷང་ལྷང་དུ་གྲགས་ཡོད་པ་རེད།
      སྐད་གསང་མཐོ་བའི་དུང་བརྡའི་ཁྲོད། ཞི་ཅིན་ཕིང་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། གུང་ཁྲན་ཏང་ཡོན་ཡོངས་རྫོགས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འདོམས་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག  དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་ཝན་གྱི་སྤུན་ཟླ་དང་རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་གནང་བ། ཀྲུང་གོ་གསར་པ་འཛུགས་སྐྲུན་བྱེད་པའི་བྱ་གཞག་ཁྲོད་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་གྱི་མཛའ་གྲོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་ལྷག་བསམ་དག་པའི་ཐུགས་རྗེ་ཆེ་ཞུས་གནང་ཡོད། 
  
                 
      ཞི་ཅིན་ཕིང་གིས་གསུང་བཤད་ནང་། ལོ་ངོ་70རིང་། ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་ཆེའི་དབུ་ཁྲིད་གནང་བའི་འོག ཀྲུང་གོའི་མི་དམངས་ཀྱིས་འཚོལ་ཞིབ་བྱེད་ཕོད་པ་དང་། ལག་ལེན་ཟམ་མི་ཆད་པར་བསྟར་བས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་རྒྱལ་ཁའི་ངང་བཏོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་བ། ཀྲུང་གོས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེགས་པ། ཀྲུང་གོའི་མི་དམངས་ནས་སྤོབས་པ་ཆེར་སྐྱེད་ཀྱིས་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད། ལོ་ངོ་70རིང་། ཀྲུང་གོའི་མི་དམངས་ཀྱིས་འབད་འཐབ་ཆེར་སྐྱེད་དང་དཀའ་སྤྱད་ལས་གཏོད་བྱས་ནས། འཛམ་གླིང་མི་རིགས་ཁག་གི་མང་ཚོགས་ཧ་ལས་ཧང་སངས་དགོས་པའི་གོང་འཕེལ་གྱི་གྲུབ་འབྲས་བཏོད་པ་དང་། ལོ་ངོ་སྟོང་ཕྲག་མང་པོའི་རིང་ཀྲུང་ཧྭ་མི་རིགས་ལ་དཀའ་ཚེགས་བཟོ་བའི་དབུལ་ཕོངས་དབུལ་ནག་གི་གནད་དོན་ལ་ལོ་རྒྱུས་རང་བཞིན་གྱི་རྫོགས་ཚིག་བཀོད་ནས། མིའི་རིགས་གོང་འཕེལ་ལོ་རྒྱུས་ཐོག་གི་རླབས་ཆེའི་ངོ་མཚར་བཏོད་ཡོད། ལོ་ངོ་70སོང་རིང་།  ཀྲུང་གོའི་མི་དམངས་ཀྱིས་རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱས་པ་དང་།  ཞི་བའི་གོང་འཕེལ་གྱི་འགྲོ་ལམ་རྒྱུན་འཁྱོངས་བྱས་པ།  ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་སྟེང་རྒྱལ་ཁབ་ཁག་བར་མཛའ་གྲོགས་མཉམ་ལས་གོང་འཕེལ་བཏང་ནས།  མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པ་དང་།  མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བླ་ན་མེད་པའི་བྱ་གཞག་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།  ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་འབྱོར་ཕྱུག་ལྡན་པ་དང་།  དེ་ནས་སྟོབས་ཆེར་འགྱུར་བའི་རླབས་ཆེན་གྱི་འཕུར་མཆོང་བྱུང་ནས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་འོད་སྣང་ལྡན་པའི་མདུན་ལམ་བསུས་ཡོད་ཅེས་བསྟན་གནང་ཡོད།
      ཞི་ཅིན་ཕིང་གིས།  མཐུན་སྒྲིལ་ནི་ལྕགས་དང་།  མཐུན་སྒྲིལ་ནི་ངར་ལྕགས།  མཐུན་སྒྲིལ་ནི་སྟོབས་ཤུགས་བཅས་ཡིན།  མཐུན་སྒྲིལ་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་ལམ་བུའི་སྟེང་གི་ཉེན་ཁ་དང་འགྲན་རྩོད་མཐའ་དག་ལས་རྣམ་པར་བརྒྱལ་བ་དང་། རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་པའི་འགན་ལེན་གལ་ཆེན་ཡིན།  ང་ཚོས་མུ་མཐུད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་།  ཤང་ཀང་བས་ཤང་ཀང་སྐྱོང་བ།  ཨའོ་མོན་བས་ཨའོ་མོན་སྐྱོང་བ།  ཚད་མཐོའི་རང་སྐྱོང་གི་བྱེད་ཕྱོགས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པ།  རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་ལས་དོན་ནན་པོ་བསྒྲུབ་དགོས།  མེས་རྒྱལ་གྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་།  རྒྱ་ཆེའི་རྒྱལ་གཅེས་དང་ཀང་གཅེས།  ཨའོ་གཅེས་བཅས་ཀྱི་སྤུན་ཟླས་ཐུན་མོང་འབད་བརྩོན་བྱས་པའི་འོག ཤང་ཀང་དང་ཨའོ་མོན་མེས་རྒྱལ་ནང་ས་དང་མཉམ་དུ་གོང་འཕེལ་དང་ཡར་ཐོན་ཡོང་ངེས་ཡིན་པ་དང་།  འབྱུང་འགྱུར་སྔར་བས་ཡག་པ་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་ནན་སྟོན་གནང་ཡོད།  
 
                 
     ཞི་ཅིན་ཕིང་གིས།  ང་ཚོས་ཞི་བདེ་དང་།  གོང་འཕེལ།  མཉམ་ལས།  མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ་དང་།  བློ་བརྟན་འགྱུར་མེད་ངང་ཞི་བའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་པ།  ཕྱི་ཕྱོགས་སྒོ་དབྱེ་རྒྱུན་འཁྱོངས་བྱེད་པ།  འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་བཏང་སྟེ།  ཞི་བདེ་དང་གོང་འཕེལ་གྱི་འོད་སྣང་འཛམ་གླིང་ཡོངས་ལ་འཕྲོ་ཐུབ་པ་བྱེད་དགོས།  ཀྲུང་གོའི་མི་དམངས་ནི་རླབས་ཆེན་གྱི་མི་དམངས་དང་།  ཀྲུང་ཧྭ་མི་རིགས་ནི་རླབས་ཆེན་གྱི་མི་རིགས།  ཀྲུང་ཧྭ་ཡི་ཤེས་དཔལ་ནི་རླབས་ཆེན་གྱི་ཤེས་དཔལ་ཡིན།  ལོ་རྒྱུས་ལས་འབྱུང་འགྱུར་མངོན་པ་དང་།  རྒྱང་སྐྱོད་ལ་རྫོགས་མཐའ་མེད།  ལོ་ངོ་ལྔ་སྟོང་ལྷག་གི་ཤེས་དཔལ་ལོ་རྒྱུས་ལྡན་པ་དང་།  ཀྲུང་གོ་གསར་པའི་ལོ་ངོ་70ཡི་རླབས་ཆེན་གྲུབ་འབྲས་བཏོད་པའི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་།  ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དུས་རབས་ཀྱི་ལེའུ་གསར་པ་འབྲི་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་ནན་སྟོན་གནང་ཡོད།
    སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད།  ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་དང་གྲོགས་པོ་རྣམས་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་གནང་བ་དང་། ཀྲུང་གོ་དར་རྒྱས་འབྱོར་ཕྱུག་ཡོང་བའི་སྨོན་འདུན་དང་།  ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་བར་གྱི་མཛའ་གྲོགས་ཡུན་དུ་གནས་པ།  བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་སྨོན་འདུན་ཞུས་གནང་ཡོད་པ་རེད།  

    ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-22 22:38 , Processed in 0.027956 second(s), 20 queries .

返回顶部