博客西藏在最高处过一种生活

日志

༄༅།།པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅ ...

已有 71 次阅读2019-9-29 08:13 |系统分类:见闻


                   ༄༅།།པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དགོངས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་པཎ་ཆེན་སྐུ་ཕྲེང་
                         རིམ་བྱོན་གྱི་གསུང་འབུམ་དཔེ་སྐྲུན་ལེགས་པར་གྲུབ་པའི་དཔེ་ཕུད་ཀྱི་འགྲེམ་སྤེལ་མཛད་སྒོ་མཚོ་སྔོན་ནས་སྤེལ་བ།
                                  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་26ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་སྒྲུབ་མཛད་པ་དང་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོས་སྒྲུབ་གཉེར་གནང་བའི་“པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དགོངས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དཔེ་སྐྲུན་ལེགས་པར་གྲུབ་པའི་དཔེ་ཕུད་ཀྱི་མཚོ་སྔོན་ས་ཆའི་འགྲེམ་སྤེལ་མཛད་སྒོ།”དེ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གི་རིག་གཞུང་སྙན་ཞུ་ཁང་ནས་སྤེལ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོས་འགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་།

                     
                                                  འགོ་ཚུགས་མཛད་སྒོའི་ཡུལ་དངོས།

      ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་ཧྲུའུ་ཅི་ཀྲང་ཞུང་ཝེ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་མཱ་ཀྲི་མེན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཙའོ་ཐའེ། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་སོགས་ལས་ཁུངས་ཀྱི་ལས་འཛིན་པ་དང་། པེ་ཅིང་དང་བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ་སོགས་ས་གནས་ཀྱི་མཐོ་རིམ་སློབ་ཆེན་དང་རིག་གཞུང་ལས་ཁུངས་ཀྱི་ཆེད་མཁས་པ་དང་བོད་བརྒྱུད་ནང་བསྟན་གྱི་མི་སྣ་200ལ་ཉེ་བ་ཞིག་ཐེངས་འདིའི་བྱེད་སྒོར་ཞུགས་ཡོད།

                     
                                        པར་དུ་སྐྲུན་པའི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ། 

      ལི་ཙའོ་ཐའེ་ཡིས་བརྗོད་དོན། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དགོངས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ་འདི་རིགས་སོ་སོ་དང་ལས་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་མོས་དང་། ཀྲུང་ཧྭ་མི་རིགས་ལ་དགའ་མོས། ཀྲུང་ཧྭ་རིག་གནས་ལ་དགའ་མོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དགའ་མོས་བྱེད་པར་ཤུགས་ཇེ་དྲག་ཏུ་གཏོང་བར་ཕན་པ་ཡོད། 《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ》པར་སྐྲུན་ནི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་སྔོག་འདོན་དང་དར་སྤེལ་གཏོང་བར་ཕན་པ་ཡོད་པ་དང་། བོད་རིག་པའི་ལས་རིགས་སུ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རིག་གཞུང་དགོངས་པའི་ཞིབ་འཇུག་གྲུབ་འབྲས་ཕྱོགས་བསྡོམས་བྱེད་པར་ཕན་ལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཏེར་མཛོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཡང་ཕན་ཞེས་གསུངས། 
      ཀྲང་ཞུང་ཝེ་ཡིས་བསྟན་དོན། པཎ་ཆེན་སྐུ་ཕྲེང་རིམ་བྱོན་ནི་བོད་བརྒྱུད་ནང་བསྟན་ཁྲོད་ཆེས་གལ་ཆེ་བ་དང་ཤུགས་རྐྱེན་ཆེས་ཆེ་བའི་དབུ་འཛིན་ཞིག་ཡིན་པའི་ཆ་ནས། ཁོང་ཚོ་ཤེས་རྒྱ་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག་ཅིང་། ནང་བསྟན་ཤེས་བྱའི་མཁྱེན་པ་ཟབ་ཅིང་རྒྱ་ཆེ་བར་མ་ཟད། སྐུ་ཚེ་གང་པོར་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་ཆེད་དུ་སྐུ་ཚེགས་མྱངས་པས། ཀྲུང་དབྱང་སྲིད་གཞུང་གི་ཡིད་ཆེས་དང་མི་རིགས་སོ་སོའི་དད་ལྡན་མང་ཚོགས་ཀྱི་དགའ་མོས་ཆེན་པོ་ཐོབ་ལ། མེས་རྒྱལ་ལ་དགའ་བ་དང་མི་དམངས་ལ་དགའ་བའི་བསམ་བློའི་དཔེ་སྟོན་ཞིག་ཏུ་གྱུར་ཡོད། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དགོངས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ་ནི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ཕུན་སུམ་ཚོགས་པའི་རིག་གཞུང་དགོངས་པ་རྒྱུད་འཛིན་དང་དར་སྤེལ་གཏོང་བ་ཞིག་ཡིན་པ་མ་ཟད། དུས་རབས་གསར་པའི་ན་གཞོན་ཤེས་ཡོན་པས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཀྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་དཀའ་སྤྱད་འབད་བརྩོན་བྱེད་པར་སློབ་གསོ་དང་སྐུལ་སློང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད་ཅེས་བསྟན། 
      ཚོགས་འདུའི་སྟེང་།  མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་བཀྲ་བྷ་དང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་མགོན་པོ་དར་རྒྱས། བོད་ལྗོངས་བཀྲ་ཤིས་ལྷུན་པོ་དགོན་པའི་ཉི་མ་ཕུན་ཚོགས་བཅས་ཀྱིས་གསུང་བཤད་གནང་། 

                     
                                  《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ》ཞལ་འདེབས་འབུལ་བའི་མཛད་སྒོ།

     《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ་》ཕྱོགས་བསྒྲིགས་པར་སྐྲུན་གྱི་ལས་གཞི་ནི་རྒྱལ་ཁབ་ཀྱི་“བཅུ་གཉིས་ལྔ”རྣམ་གྲངས་སྐབས་ཀྱི་གཙོ་ཆེ་བའི་རིག་གནས་ལས་གཞི་རེད། 《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ》ནི《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ་》ཡི་གྲུབ་ཆ་གལ་ཆེན་ཞིག་རེད། 2014ལོའི་ཟླ་3པར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཙོ་སྐྱོང་གནང་ནས་སྤེལ་བའི《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོའི》རིག་གཞུང་ཨུ་ཡོན་ལྷན་ཚོགས་ཀྱི་ཐེངས་གཉིས་པའི་རྣམ་གྲངས་ཀྱི་ཞིབ་བཤེར་ཆོག་མཆན་ཚོགས་འདུའི་སྟེང་། བོད་ལྗོངས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པ་དང་། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོས་མཉམ་འབྲེལ་སྒོས་ཡར་ཞུ་བྱས་པའི《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ》རྩོམ་སྒྲིག་རྣམ་གྲངས་སྙན་ཞུ་ལ་ཆོག་མཆན་ཐོབ་པར་མ་ཟད《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》རྣམ་གྲངས་ཀྱི་གྲས་སུ་བཅུག ལོ་ངོ་ལྔ་ཡི་རིང་ལ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་པཎ་ཆེན་ཞིབ་འཇུག་གླིང་གིས་ནན་ཏན་སྒོས་མ་ཡིག་བསྡུ་ཉར་དང་ཕྱོགས་བསྒྲིགས། རྩོམ་སྒྲིག་བཅས་བྱས་ཏེ། བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་བཤེས་རྣམ་པས་ཞིབ་བཤེར་གཏན་འབེབས་དང་ཞུ་དག་བྱས། དེ་ནས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཟབ་ནན་སྒོས་ཞིབ་བཤེར་གཏན་འབེབས་རྩིས་ལེན་བྱས་ནས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་ཞིབ་བཤེར་ཞུ་དག་དང་པར་འདེབས། དཔེ་དེབ་འཚེམ་རྒྱག་བཅས་བརྒྱུད་དེ། 《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ》དཔེ་སྐྲུན་ལས་ཀ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱུང་། གསུམ་འབུམ་འདིའི་ཁྲོད་དུ་《མཁས་གྲུབ་རྗེའི་གསུང་འབུམ》པོད་12དང《པཎ་ཆེན་སྐུ་ཕྲེང་གསུམ་པ་ནས་བཅུ་བའི་བར་གྱི་གསུང་འབུམ》པོད་39བཅས་བསྡོམས་པོད་51འདུས་ཡོད། དེ་ལ་ཤོག་གྲངས་37696དང་ཡིག་གྲངས་ཁྲི་3400ལྷག བར་བཅུག་པར་རིས་400ལྷག་བཅས་ཡོད།

                     
                                                   ཚོགས་ཞུགས་མི་སྣའི་མཉམ་པར།

      ཚོགས་འདུའི་གཏམ་བཤད་མཇུག་རྫོགས་རྗེས། 《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ》གྱི་མཚོ་སྔོན་འགྲེམ་སྤེལ་མཛད་སྒོ་དང་ཞལ་འདེབས་འབུལ་བའི་མཛད་སྒོ་སྤེལ། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཚོགས་འདུ་འཚོགས་ཡུན་ཉིན་གཉིས་ཡིན་ལ། ད་དུང་ཚོགས་ཆེན་གྱི་བགྲོ་གླེང་དང་ཚོ་ཆུང་གྲོས་བསྡུར། རིག་གཞུང་བརྟག་དཔྱད་སོགས་བྱེད་སྒོ་སྤེལ་རྒྱུ་རེད། 
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-22 22:39 , Processed in 0.026618 second(s), 20 queries .

返回顶部