博客西藏在最高处过一种生活

日志

༄༅།།རླབས་ཆེན་མེས་རྒྱལ་གྱི་དྲིན་ཚོར་དང་རླ ...

已有 54 次阅读2019-9-28 07:14 |系统分类:见闻


                               ༄༅།།རླབས་ཆེན་མེས་རྒྱལ་གྱི་དྲིན་ཚོར་དང་རླབས་ཆེན་དུས་རབས་ལ་བཀའ་དྲིན་ཞུ་བ། 
                                    ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།

                    
                        པར་འདི་ནི་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ཏང་ཕྱིའི་མི་སྣས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་
                         རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཡུལ་དངོས་རེད།

      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལོ་ངོ70ཡི་གོང་དུ་སྐར་ལྔའི་དར་དམར་ཐོག་མ་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དལ་བུར་བསྒྲེངས་བ་དང་། རླབས་ཆེན་གྱི་གསུང་སྐད་ཅིག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་ཁབ་ཡོངས་སུ་དགའ་སྤྲོའི་འུར་སྒྲས་ཁེངས་ལ་ཀུན་གྱིས་རྟེན་འབྲེལ་ཞུས་པར་འཛམ་གླིང་ཡོངས་ཧང་སངས་དགོས་པ་ཞིག་རེད།
      ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་ལོ་ཡིན་ཏེ། རྒྱལ་ཡོངས་སུ་དགའ་སྟོན་རྟེན་འབྲེལ་ཞུ་བའི་བཀྲ་ཤིས་དུས་བཟང་འདིར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ཏང་ཕྱིའི་མི་སྣ་དག་གིས་མཛེས་སྡུག་གི་རེ་སྒུག་ཆེན་པོ་ཐུགས་ལ་བཅངས་ནས་ཏང་ཀྲུང་དབྱང་དང་མེས་རྒྱལ་ལ་ལྷག་བསམ་རྣམ་དག་དང་དགའ་ཞེན། གོང་བཀུར་བཅས་ཀྱི་སེམས་པ་མཚོན་པར་བྱས་པ་རེད།
     ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་འཕེལ་རྒྱས་ནི་རྒྱལ་ཁབ་བཙུགས་ཚུན་ལྷ་ས་གྲོང་ཁྱེར་དང་ཐ་ན་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསྡུས་གཟུགས་ཤིག་ཡིན”ཞེས་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཏང་ཕྱིའི་ཤེས་ཡོན་པའི་འཐུས་མི་དབྱི་པི་རན་ཧིན་གྱིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྒྱུར་བཅོས་འཕེལ་རྒྱས་དངོས་སུ་བརྒྱུད་མྱོང་མཁན་དང་དེའི་ནང་ཞུགས་མཁན་ཞིག་ཡིན་པའི་ངོས་ནས་མིག་སྔའི་སྨན་ཁང་འཕེལ་རྒྱས་ཀྱི་དུས་བབ་བཟང་པོ་མཐོང་སྐབས་དབྱི་པི་རན་ཧིན་གྱི་སེམས་གཏིང་ནས་དགའ་ཚོར་ཆེན་པོ་བྱེད་པ་དང་མི་དམངས་མང་ཚོགས་ལ་སྨན་བཅོས་ཐད་འགན་ལེན་ཡག་པོ་ཡོད་པ་དེར་བློ་སེམས་བདེ་སྐྱིད་ཀྱིས་ཁེངས་ཡོད་ཟེར།
      “ཏང་ཕྱིའི་སྨན་དོན་ལས་སྒྲུབ་པ་ཞིག་ཡིན་པའི་ངོས་ནས་ངས་མེས་རྒྱལ་གྱི་ལོ་ངོ70ཡི་རིང་གི་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་དང་ཏང་གི་དབུ་ཁྲིད་འོག་བོད་ཀྱི་འཕེལ་རྒྱས་ཐད་རླབས་ཆེན་གྲུབ་འབྲས་ལ་གཟི་བརྗིད་ཆེན་པོ་སྐྱེས་ཡོད་ཅིང་། རླབས་ཆེན་གྱི་མེས་རྒྱལ་སྔར་བས་དར་རྒྱས་དང་འབངས་རྣམས་བདེ་ལ་འགོད་ཐུབ་པའི་སྨོན་འདུན་ཞུས་པ་ཡིན།
      “ཏག་ཏག་ལོ་ངོ་70ཙམ་རིང་། མེས་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་ཉིན་རེ་བཞིན་འགྱུར་ལྡོག་ཕྱིན་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྔར་བས་ཇེ་མཐོར་ཕྱིན་པ་དང་།ལྷག་པར་དུ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་ཚུལ་དེས་ང་ལ་མྱོང་ཚོར་ཟབ་མོ་བཞག་ཡོད”ཅེས་དམངས་གཉེར་དཔལ་འབྱོར་དང་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དངོས་སུ་བརྒྱུད་མྱོང་མཁན་དང་འཛུགས་སྐྲུན་བྱེད་མཁན། ཁེ་ཕན་ཐོབ་མཁན་ཐན་ཝུའེ་ཡིས་དེང་གི་ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་པོ་ཞིག་གི་འཕེལ་རྒྱས་ཀྱི་མིག་དཔེར་གྱུར་ཡོད་དེ།  ང་རང་ཉིད་མི་སྒེར་དང་ཁེ་ལས་གང་ཡིན་རུང་། འདི་འདྲའི་རྒྱལ་ཁབ་རླབས་ཆེན་ཞིག་ཏུ་སྐྱེས་པ་དང་། དེང་གི་རླབས་ཆེན་གྱི་དུས་རབས་འདི་འདྲ་ཞིག་ཏུ་འཁེལ་བ།  ཀྲུང་གོ་གུང་ཁྲན་ཏང་ལྟ་བུའི་རླབས་ཆེན་སྲིད་ཏང་ཞིག་གིས་དབུ་ཁྲིད་བྱུང་ཡོད་པ་ནི་དངོས་གནས་རང་གི་ལས་བསོད་ཅིག་ཅི་ལ་མིན་ཟེར།
      ལོ་ངོ་70ཡི་རིང་།  རང་རྒྱལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་བསྐྲུན། རིག་གནས་འཛུགས་བསྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་དང་དེ་བཞིན་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན། ཏང་འཛུགས་སྐྱོང་སོགས་ཕྱོགས་ཁག་གི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བཞིན་ཡོད་ཅིང་། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་ཀྲུང་གོའི་མི་དམངས་ཀྱིས་ལོ་ངོ་70ཡི་དུས་ཚོད་སྤྱད་དེ་དབུལ་ཕོངས་ཉམས་ཞན་དང་ ཉམས་ཆག་དཀའ་སྡུག   ཉམས་རྒུད་སྐྱོ་ཤོས་ཀྱི་རྗེས་ལུས་རྒྱལ་ཁབ་ཅིག་ནས་མཐུན་སྒྲིལ་གཅིག་གྱུར་དང་དར་རྒྱས་འབྱོར་ཕྱུག  སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་གསར་དར་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱས་ཏེ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་མིའི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་འོད་སྟོང་འབར་བའི་ལེ་ཚན་བརྩམས་ཡོད།
      རྒྱལ་ཁབ་མདུན་སྐྱོད་ཀྱི་གོམ་སྟབས་དང་བསྟུན་ནས་བོད་རང་སྐྱོང་ལྗོངས་ཀྱིས་ཀྱང་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་ལེའུ་བརྩམས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་དང་ལྷག་པར་དུ་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་སྙིང་རུས་ཀྱི་ཚོད་བགམ་ཡང་ཡང་ཐེག་ཅིང་དཀའ་སྡུག་གི་གནད་འགག་མང་པོ་རེ་རེ་ལས་རྣམ་པར་རྒྱལ་ཏེ།  ད་ཆའི་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་མགྱོགས་མྱུར། བདེ་བླག་ངང་འཕེལ་རྒྱས་ཕྱིན་པ་དང་འཛུགས་སྐྲུན་གྱི་བྱ་གཞག་ཁག་མྱུར་བགྲོད་ལམ་བུའི་ཐོག་བསྐྱོད་དེ་མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།
      མི་རིགས་དང་རྒྱལ་གཅེས་འཐབ་སྒྲིལ་མི་སྣའི་འཐུས་མི་སྟག་སྨིན་གསེར་སྒྲོན་གྱིས་ཏང་དང་སྲིད་གཞུང་གི་དམིགས་བསལ་ཐུགས་ཁུར་དང་སྐྱེད་སྲིང་འོག་འཚར་ལོངས་བྱུང་བའི་བོད་རིགས་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། རླབས་ཆེན་གྱི་དུས་རབས་དེ་འདྲ་ཞིག་ཏུ་འཚོ་བ་སྐྱེལ་ཐུབ་པར་བདེ་སྐྱིད་ཀྱིས་ཁེངས་ཡོད་ཅིང་། རང་ཉིད་ཀྱིས་དེང་གི་འཚོ་བར་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད་ལ་ད་ཆའི་འཚོ་བར་ཡང་ཐུགས་རྗེ་ཆེ་ཞུ་གི་ཡོད། རྒན་རབས་པ་ཚོ་དང་འདྲ་བར་མེས་རྒྱལ་གཅིག་གྱུར་འབྱོར་ཕྱུག་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་འདོད་ཡོད་ཅེས་ཟེར།
      ཆོས་ལུགས་ལས་རིགས་ཀྱི་འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས་ད་ཆའི་བོད་ཀྱི་དཔལ་འབྱོར་དར་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་། མཐའ་མཚམས་བདེ་འཇགས། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་། མི་དམངས་བདེ་སྐྱིད། ཆོས་ལུགས་འཆམ་མཐུན། དགོན་སྡེ་ཞི་མཐུན་བཅས་བྱུང་ཡོད་ཅིང་། དེ་དག་ཚང་མ་ནི་བོད་མི་དམངས་ཀྱི་བསོད་ནམས་དང་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཚོའི་བསོད་ནམས་རེད་ཟེར།
      “ཉེ་བའི་ལོ་ཤས་རིང་། དགོན་སྡེའི་གྲྭ་བཙུན་ལ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དམིགས་བསལ་ཐུགས་ཁུར་དང་གཅེས་སྐྱོང་ཐོབ་པ་མ་ཟད། སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ཀྱང་ལོངས་སུ་སྤྱོད་ཐུབ་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་འདྲ་བར་སྤྱི་ཚོགས་འགན་བཅོལ་ལོངས་སྤྱོད་ཐུབ་ཡོད་ཅིང་། དགོན་སྡེའི་གྲྭ་བཙུན་གྱི་སྨན་བཅོས་འགན་བཅོལ་དང་རྒན་གསོའི་འགན་བཅོལ། མ་མཐའི་འཚོ་བའི་འགན་ལེན།གློ་བུར་དོན་རྐྱེན་གྱི་འགན་བཅོལ་སོགས་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་ཡོད”ཅེས་བཀྲ་ཤིས་རྒྱལ་མཚན་གྱིས་སྲིད་གཞུང་གིས་ལོ་རེ་བཞིན་གྲྭ་བཙུན་སྒྲིག་འཛུགས་བྱས་ནས་གཟུགས་པོར་བརྟག་དཔྱད་བྱས་ཏེ་དགོན་སྡེ་དང་གྲྭ་བཙུན་ཚོའི་སེམས་ཁྲལ་དང་སེམས་སྡུག   སེམས་ངལ་བཅས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཐག་གཅོད་བྱས་ཡོད་ཟེར། ཁོང་གིས་འབྱུང་འགྱུར་གྱི་འཚོ་བ་དང་སྒོམ་སྒྲུབ་བྱེད་པའི་ཁྲོད་ཀྲུང་གོ་གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་དང་། རྒྱལ་ཁྲིམས་དང་དགོན་སྡེའི་སྒྲིག་ལམ་ལ་བརྩི་སྲུང་ཞུ་རྒྱུ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱེད་རྒྱུ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཏུ་བརྩོན་ལེན་བྱ་རྒྱུ། སྤྱོད་ལམ་དངོས་ཀྱི་ཐོག་ནས་དགོན་སྡེའི་ཞི་མཐུན་སྲུང་སྐྱོང་དང་། ལྷག་བསམ་ཟོལ་མེད་ངང་དད་ལྡན་མང་ཚོགས་ལ་ཞབས་ཞུ། བོད་བརྒྱུད་ནང་བསྟན་རིག་གནས་རྒྱུན་འཛིན་བཅས་བྱས་ཏེ་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་དཔེ་ཁྲིད་དགེ་རྒན་གྱི་འདོན་འོས་པའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-21 21:54 , Processed in 0.028563 second(s), 20 queries .

返回顶部