博客西藏在最高处过一种生活

日志

༄༅།།མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་ཐོན ...

已有 49 次阅读2019-9-27 17:07 |系统分类:见闻


            ༄༅།།མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས“མེད་པ་ནས་ཡོད་པ”དང“ཡོད་པ་ནས་ཕུལ་བྱུང”གི་འཕེལ་རྒྱས་བྱུང་བ།
                             ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ། 

                        

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས23ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཏང་ཙུའི་ཁོངས་མིའམ་ཐིང་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས“མེད་པ་ནས་ཡོད་པ”དང་“ཡོད་པ་ནས་ཕུལ་བྱུང”གི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ཅེས་བསྟན།

     ད་ཆ་མཚོ་སྔོན་དུ་འཛམ་གླིང་རིམ་པའི་ཡུལ་སྐོར་མཛེས་ལྗོངས11དང་། རྒྱལ་ཁབ་རིམ་པའི་ཡུལ་སྐོར་མཛེས་སྗོངས52། ཞིང་ཆེན་རིམ་པའི་མཛེས་ལྗོངས་བརྒྱ་ཕྲག་ཁ་ཤས་ཡོད་ལ། ཡུལ་སྐོར་གསར་སྤེལ་གྱི་མདུན་ལྗོངས་ཡག་པའི་ཡུལ་སྐོར་ཐོན་ཁུངས་400ལྷག་ཙམ་ཡོད་པ་དང་། ཐོན་ཁུངས་མི་ཉུང་བ་ཞིག་ཀྲུང་གོ་དང་ཐ་ན་འཛམ་གླིང་གི་ཡང་རྩེར་སླེབས་ཡོད། མཚོན་བྱེད་རང་བཞིན་གྱི་མཛེས་ལྗོངས་ལ་དཔེར་ན། མཚོ་སྔོན་པོ་དང་། གཙང་གསུམ་ཆུ་འགོ ཁུ་ནུ་རིག་གནས། སྐུ་འབུམ་བྱམས་པ་གླིང་། དེ་བཞིན་བོད་རིགས་དང་། ཧོར་རིགས། ས་ལར་རིགས་བཅས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ཡོད།

      ཚེ་རིང་ཐར་གྱིས་འདས་ཟིན་པའི་ལོ་གཅིག་རིང་མཚོ་སྔོན་ཞིང་ཆེན་དུ་རིག་གནས་ཐོན་ལས་ཀྱི་ཁྲིམས་མིའི་ལས་ཁུངས་2870ཡོད་པ་དང་། རིག་གནས་ཐོན་ལས་ཀྱི་ལས་གཉེར་ཡོང་འབབ་དམངས་སྒོར་དུང་ཕྱུར་43.7ལ་སླེབས་ཤིང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4204.38ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་དམངས་སྒོར་དུང་ཕྱུར་466.3ཟིན་པ་དང་། དེ་དག་གི་འཕར་ཚད་20%ལས་བརྒལ་ཡོད་ཅེས་ངོ་སྤྲོད་བྱས།

      ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་མཚོ་སྔོན་གྱི་ཡུལ་སྐོར་མི་ཐེངས་དེ“ལོ་ལྔའི་འཆར་གཞི་བཅུ་གསུམ”ཀྱི་དམིགས་ཚད་སྔ་སྣུར་གྱིས་ལེགས་གྲུབ་ཟིན་པ་དང་། སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཐོན་པའི་རླངས་འཁོར་ཁྲི174བར་མང་དུ་ཕྱིན་ནས་ཀྲུང་གོའི་སྒེར་འཁོར་བཏང་ནས་ཡུལ་སྐོར་ལ་འགྲོ་ས་གྲགས་ཅན་དུ་གྱུར་ཡོད།

      ཚེ་རིང་ཐར་གྱིས་2018ལོའི་ལོ་མཇུག་བར་མཚོ་སྔོན་གྱིས་གཞི་ཁྱོན་ལྡན་པའི་རིག་གནས་ཁེ་ལས་62ནང་འཇུག་བྱས་ནས་རྒྱལ་ཁབ་ཀྱི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་10དང་ཞིང་ཆེན་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་70སྐྱེད་སྲིང་བྱས་པ་དང་། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་110དང་མཚོ་སྔོན་གྱི་གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས་3241ཡོད་ཟེར།

      ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁང་དང་མཱ་ཧྥོང་ཝོ་དྲ་ཚིགས་ཀྱིས་དེ་སྔོན་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཡུལ་སྐོར་བས་མཚོ་སྔོན་གྱི་ཡུལ་སྐོར་ལ་དོ་ཁུར་བྱེད་ཚད་346%ཟིན་ནས་ནུབ་བྱང་གི་ཨང་དང་པོར་སླེབས་ཡོད་པ་རེད། རེབ་གོང་རིག་གནས་དང་། གླིང་སྒྲུང་རིག་གནས(མགོ་ལོག) བོད་རིགས་རིག་གནས(ཡུལ་ཤུལ) བཅས་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་3རིག་གནས་ཡུལ་སྐོར་གྱི་དམིགས་ས་དང་འཕར་གཞི་གསར་པ་ཞིག་ཏུ་གྱུར་ཡོད།

      ཚེ་རིང་ཐར་གྱིས་བཤད་རྒྱུར། མིག་སྔར་མཚོ་སྔོན་གྱི་A3རིམ་པ་ཡན་གྱི་མཛེས་ལྗོངས་ཁུལ་ལ་མངོན་མིན་ཤུལ་བཞག་དང་། དཔེ་དེབ། འཁྲབ་སྟོན་བཅས་གསུམ་ག་མངོན་འགྱུར་བྱུང་ཡོད། མཚོ་སྔོན་ཞིང་ཆེན་དུ་ཐད་ཀར་རམ་ཡང་ན་གཞན་བརྒྱུད་ངང་རིག་གནས་ཡུལ་སྐོར་ཐོན་ལས་གཉེར་མཁན་ཁྲི་106ཟིན་པ་དེ་སྤྱིའི་མི་འབོར་གྱི་དྲུག་ཆ་གཅིག་ལས་བརྒལ་ཡོད་ཟེར།

      ཚེ་རིང་ཐར་གྱིས་མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱིས་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཞིང་འབྲོག་པའི་བསམ་པའི་རྣམ་པར་འགྱུར་ལྡོག་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་དེ་དམངས་ཚོགས་དང་འབྲེལ་བའི་ལྗང་མདོག་ཐོན་ལས་དང་། བདེ་སྐྱིད་ཐོན་ལས། ཉི་གཞོན་ཐོན་ལས། སྒུལ་ཤུགས་ཐོན་ལས་བཅས་སུ་འགྱུར་བཞིན་ཡོད་ཞེས་བསྟན། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-23 00:07 , Processed in 0.025286 second(s), 20 queries .

返回顶部