博客西藏在最高处过一种生活

日志

༄༅།།རིག་རྩལ་འཁྲབ་སྟོན་བྱས། བདེ་སྐྱིད་འཚོ ...

已有 49 次阅读2019-9-26 16:13 |系统分类:见闻


                                       ༄༅།།རིག་རྩལ་འཁྲབ་སྟོན་བྱས། བདེ་སྐྱིད་འཚོ་བར་རོལ།
                          ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། རིན་སྒྲོལ།

                  
     ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་དྲན་གསོ་ཞུ་ཆེད། མལ་གྲོ་གུང་དཀར་རྫོང་སྲོང་བཙན་སྒྱུ་རྩལ་ཚོགས་པས་རྫོང་ཁོངས་སུ“གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་འགྱུར”ཅེས་པའི་བརྗོད་དོན་གཙོ་བོའི་གཞི་རིམ་གྱི་རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་བྱས་པ་རེད། ལས་ཁུངས་དང་། ཁེ་ལས། ཤང་གྲོང་། གྲོང་གསེབ(སྡེ་ཁུལ) སློབ་གྲྭ དགོན་སྡེ་བཅས་ཁག་ལ་རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་བྱས་ནས་ཏང་གི་འགོ་ཁྲིད་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་གསལ་སྟོན་བྱས་ཡོད་ལ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས“སྔར་སོང་ལོ་རྒྱུས་ཡིད་ལ་བརྟན་པོར་འཆང་ནས་ད་ལྟའི་འཚོ་བར་གཅེས་འཛིན་བྱེད་དགོས་པའི”བསམ་བློའི་འདུ་ཤེས་ཟབ་དུ་གཏོང་རྒྱུར་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཞིང་། འདི་ནི་སྒྱུ་རྩལ་ཚོགས་པས་གཞི་རིམ་དུ་འཁྲབ་སྟོན་བྱེད་བཞིན་པ།
    ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-22 23:36 , Processed in 0.026770 second(s), 20 queries .

返回顶部