博客西藏在最高处过一种生活

日志

༄༅།།དམངས་སེམས་ཏང་ལ་འཁོར། མེས་རྒྱལ་གཟེངས་ ...

已有 76 次阅读2019-9-26 08:10


                                          ༄༅།།དམངས་སེམས་ཏང་ལ་འཁོར། མེས་རྒྱལ་གཟེངས་སུ་བསྟོད།
                           ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

                     

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་ཞུ་ཆེད་དང་། དམངས་ཚོགས་རྩ་འཛུགས་ཀྱི་བཅོས་བསྒྱུར་གཏིང་ཟབ་རྒྱུན་རིང་གིས་སྤེལ་བ། མེས་རྒྱལ་གཟེངས་སུ་བསྟོད། དུས་རབས་གསར་བར་བརྩོན་པས་བསྐྱོད་ཅེས་པའི་འགྱུར་ཁུག་གཙོ་བོ་དབྱངས་སུ་གྱེར་བ་དང་། ང་དང་ང་ཡི་མེས་རྒྱལ་ཞེས་པའི་མང་ཚོགས་རང་བཞིན་བརྗོད་གཞི་གཙོ་བོ་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་བ་བཅས་ཀྱི་སླད་དུ། ཟླ་9ཚེས19ཉིན་ནས་ཟླ་9ཚེས་20ཉིན་བར་དུ། རང་ཁུལ་གྱི་དམངས་ཚོགས་སྡེ་ཁག་གིས་རྩ་འཛུགས་བྱས་ཏེ། དམངས་སེམས་ཏང་ལ་འཁོར། མེས་རྒྱལ་གཟེངས་སུ་བསྟོད་པའི་རྔ་བ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མང་ཚོགས་རིག་གནས་དུས་ཚིགས་བྱ་འགུལ་ཆེད་སྒྲིག་དགོང་ཚོགས་བསྡུས་པ་དང་། བྱེད་སྒོ་དེ་ནི་དམངས་སེམས་ཏང་ལ་འཁོར། མེས་རྒྱལ་གཟེངས་སུ་བསྟོད་པའི་ཆེད་སྒྲིག་དགོང་ཚོགས་དང་། གནས་མཆོག་གི་སྐར་ཚོགས་ལས་རྨི་ལམ་གྱི་འོད་ཟེར་འཕྲོ་བའི་གསར་གཏོད་དང་ལས་སྣེ་གསར་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་དང་བརྗེ་རེས་བྱེད་བཅས་ཁག་ཆེན་མོ་གཉིས་ཀྱིས་གྲུབ་ཡོད།


                     2.jpg

     དམངས་སེམས་ཏང་ལ་འཁོར། མེས་རྒྱལ་གཟེངས་སུ་བསྟོད་པའི་ཆེད་སྒྲིག་དགོང་ཚོགས་སུ་ཁུལ་སྤྱི་བའི་བཟོ་ཚོགས་དང་། ཁུལ་གུང་གཞོན་ཚོགས་པ།  ཁུལ་བུད་མེད་ལྷན་ཚོགས་སོགས་སྡེ་ཁག་8ཀྱིས་མཛེས་སྡུག་ཡི་གར་འོང་ཞིང་། བལྟ་བས་ཆོག་མི་ཤེས་པའི་འཁྲབ་ཚན་རྣམ་གྲངས་བརྒྱད་དེ། གླུ་དང་གར་གྱི་ལམ་ནས་མེས་རྒྱལ་གྱི་དགུང་ལོ་70འཁྲུངས་སྐར་ལ་རྟེན་འབྲེལ་ཞུས།


                     3.jpg

      ང་ཚོ་ནི་ཀྲུང་གོའི་ན་གཞོན་ཡིན་ཞེས་པའི་ཞབས་བྲོ་ཡིས་རང་ཁུལ་གྱི་གཞོན་ནུ་ལོ་ཆུང་ཚོའི་ཧུར་ཐག་གོང་འཕེལ་གྱི་བསམ་པའི་དཔལ་ཡོན་རྣམ་པར་མངོན་ཞིང་། བུད་མེད་ཀྱི་རྐྱང་གཞས་འཁྲབ་སྟོན་ཏེ། ངལ་རྩོལ་གྱིས་ཀྲུང་གོའི་རྨི་ལམ་བཏེགས་ཞེས་པས་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ལེན་པའི་བཤུལ་ལམ་ཁྲོད་དུ་གཙོ་ཤུགས་ཀྱི་ནུས་པ་བཏོན་པར་བསྟོད་གླུ་བླངས། གཞན་དུ་གཅིག་འཇགས་གཅིག་ལངས་ཀྱི་འཁྲབ་ཚན་མང་པོ་རེས་སུ་བསྐོར་བས། ཡུལ་དངོས་ཐལ་མོ་རྡེབ་སྒྲ་བར་མི་ཆད་པར་གྲག་ཅིང་། རི་མཐོ་ས་གཙང་གི་ཡུལ་ལུང་འདི་ནས་དར་བའི་གདོད་མའི་དབྱངས་རྟ་འདི་དག་ལ་བསྟོད་པའི་མཐེ་བོང་མི་བསྒྲེང་མཁན་ནི་སྲིད་མཐའ་ཙམ་དུ་ཟད།


                     4.jpg

      གསར་འགོད་པས་རྒྱུས་ལོན་པ་ལྟར་ན། གནས་མཆོག་གི་སྐར་ཚོགས་ལས་རྨི་ལམ་གྱི་འོད་ཟེར་འཕྲོ་བའི་གསར་གཏོད་དང་ལས་སྣེ་གསར་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་གྱི་ནང་དོན་གཙོ་བོ་ནི་ཁུལ་ཡོངས་ཀྱི་རྫོང་(གྲོང་ཁྱེར)ཁག་13གྱི་གསར་གཏོད་དང་ལས་སྣེ་གསར་སྐྲུན་གྱི་འགྲེམ་སྟོན་འགྲེམ་ཚོང་དང་། རྫོང་(གྲོང་ཁྱེར)ཁག་13གྱི་མི་རིགས་མཐུན་སྒྲིལ་གོང་འཕེལ་དང་མང་ཚོགས་རིག་གནས་ཀྱི་ཕུལ་བྱུང་མང་ཚོགས་རིག་རྩལ་འཁྲབ་སྟོན་བཅས་ཡིན།


                     5.jpg

      ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱི་རིམ་པ་སོ་སོའི་དམངས་ཚོགས་རྩ་འཛུགས་ཁག་གིས་རང་རྟོགས་ངང་ཏང་གི་མང་ཚོགས་ལམ་ཕྱོགས་ལྟར་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དང་། རྒྱུན་མཐུད་ངང་ཚོགས་པའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཇེ་དྲག་ཏུ་བཏང་སྟེ། མང་ཚོགས་ཀྱིས་བློ་གཏད་ཆོག་ཅིང་། ཁ་བྲལ་མི་ཐུབ་པའི་གྲོགས་ཀྱི་དྭངས་མ་དང་། ཏང་སེམས་དང་དམངས་འདོད་གཉིས་མཉམ་སྐྱེད་མཉམ་སྤེལ་གྱི་འབྲེལ་ཐག་ཏུ་གྱུར། 


                     6.jpg


                     7.jpg


                     12.jpg

                                     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-21 22:43 , Processed in 0.027305 second(s), 19 queries .

返回顶部