博客西藏在最高处过一种生活

日志

༄༅།།བོད་དུ་སྤྱི་སྐད་བཤད་པ་དང་ཚད་ལྡན་ཡི་ག ...

已有 71 次阅读2019-9-25 08:26


                        ༄༅།།བོད་དུ་སྤྱི་སྐད་བཤད་པ་དང་ཚད་ལྡན་ཡི་གེ་བྲིས་ཏེ་ཐུན་མོང་ཐོག་རྒྱལ་གཅེས་དགའ་ཞེན་བྱེད་པ།
                    ——བོད་ཀྱིས་རྒྱལ་ཡོངས་སུ་སྤྱི་སྐད་ཁྱབ་གདལ་གཏོང་བའི་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོ་སྐབས་22པ་སྤེལ་བ།
                                 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “གཞོན་ནུ་རྣམས་ལ་བློ་གྲོས་རྒྱས་ན་རྒྱལ་ཁབ་ལ་བློ་གྲོས་རྒྱས་པ་དང་། གཞོན་ནུ་རྣམས་ཕྱུག་པོར་ཆགས་ན་རྒྱལ་ཁབ་ཕྱུག་པོར་ཆགས་པ། གཞོན་ནུ་རྣམས་སྟོབས་ལྡན་དུ་གྱུར་ན་རྒྱལ་ཁབ་སྟོབས་ལྡན་དུ་གྱུར་ངེས”ཞེས་པ་ཡིག་འབྲུ་རེ་རེ་བཞིན་ཤོག་ངོས་སུ་གསལ་པོར་བྲིས་ཡོད། རྒྱལ་ཡོངས་སུ་སྤྱི་སྐད་ཁྱབ་གདལ་གཏོང་བའི་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོ་སྐབས22པ་སྤེལ་བ་དང་བསྟུན་བོད་ཀྱི་གྲོང་ཁྱེར(ས་གནས)དང་སྲིད་གཞུང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་སྤྱི་སྐད་ཁྱབ་བརྡལ་གཏོང་པའི་བྱེད་སྒོ་སྤེལ་བ་དང་།  ས་གནས་དེ་གའི་བོད་ཀྱི་རིག་གནས་དང་ཟུང་འབྲེལ་བྱས་ཏེ་སྤྲོ་སྣང་ལྡན་པའི་ཁྱབ་གདལ་གཏོང་སྟངས་སྣ་ཚོགས་ལ་ཞིང་འབྲོག་མང་ཚོགས་ཀྱི་ཁས་ལེན་དང་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཀྱིན་ཡོད་པ་རེད།
      ཉེ་ཆར་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་གི་རིམ་ཁག་སློབ་གྲྭས་སྣ་མང་ཕུན་སུམ་ཚོགས་པའི་སྤྱི་སྐད་ཁྱབ་གདལ་གཏོང་པའི་བྱེད་སྒོ་སྤེལ་བ་རེད།

                  
                      འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་གིས་རྒྱ་ཡིག་ཡིག་གཟུགས་འགྲན་བསྡུར་བྱེད་ཀྱིན་པ་རེད།

                  
               འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་གིས་སྤྲོ་སྣང་ལྡན་པའི་རྒྱ་ཡིག་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་ཀྱིན་པ་རེད།

      “རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་དེ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་དང་འབྲེལ་བ་ཡོད་ལ། ལོ་རྒྱུས་དང་རིག་གནས་རྒྱུན་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལའང་འབྲེལ་བ་ཡོད་པ་རེད།” བོད་ལྗོངས་ངམ་རིང་རྫོང་སྐད་ཡིག་ལས་དོན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བ་ཤེས་རབ་རྒྱ་མཚོས་ངམ་རིང་རྫོང་ནི་ལྷ་མོ་སྲོལ་གཏོད་པ་པོ་ཐང་སྟོང་རྒྱལ་པོའི་འཁྲུང་གཞིས་ཡིན་ལ།བོད་ཀྱི་རིག་གནས་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་རེད། ངམ་རིང་རྫོང་དུ་སྤྱི་སྐད་ཁྱབ་གདལ་ལས་དོན་གཏིང་ཟབ་སྤེལ་བས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྔར་བས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་ཕན་ཐོགས་ལྡན་པ་རེད་ཅེས་བཤད།
      འབྲེལ་ཡོད་དཔྱད་ཡིག་ལས་མངོན་པར་གཞིགས་ན། ད་ལྟའི་དུས་མཚམས་སུ་རྒྱལ་ཡོངས་སུ་སྤྱི་སྐད་ཁྱབ་ཚད་70%ལས་བརྒལ་ཡོད་མོད། དེ་ལྟར་ནའང་ཤར་ནུབ་དབར་དང་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་འཕེལ་རྒྱས་ཧ་ཅང་དོ་སྙོམས་པོ་མེད་པ་རེད། རྒྱལ་ཁབ་ཀྱི་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱས་པ་ལྟར་ན། ནུབ་རྒྱུད་དང་ཤར་རྒྱུད་བར་ཁྱབ་བརྡལ་གྱི་ཧེ་བག་བརྒྱ་ཆའི་གཞི་གྲངས་20ཡོད་པ་དང་། གྲོང་ཁྱེར་ཆེ་གྲས་སུ་བརྒྱ་ཆ་90ལས་བརྒལ་ཡོད་མོད།  གྲོང་གསེབ་དང་མི་རིགས་ས་ཁུལ་མང་པོ་ཞིག་ཏུ་བརྒྱ་ཆ་40ཡས་མས་ལས་ཡོད་པ་མ་རེད།

                  
                       འདི་ནི་ངམ་རིང་རྫོང་གི“སྤྱི་སྐད་ཁྱབ་གདལ་པ་ཆུང་ཆུང”གིས་སྤྱི་སྐད་ཁྱབ་གདལ་གཏོང་བཞིན་པ་རེད།

      བོད་ལྗོངས་ནི་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་ཡིན་པའི་ངོས་ནས་ས་ཁོངས་རྒྱ་ཆེ་ལ་ཡུལ་སྐད་རིགས་མི་འདྲ་བ་མང་པོ་ཡོད་པས། སྐད་རིགས་ཁག་གིས་བོད་ཀྱི་མི་རིགས་ཁག་གི་སྤེལ་རེས་འགྲོ་འོང་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚད་ངེས་ཅན་གྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་གྲོང་ཁྱེར་དུ་སྤྱི་སྐད་ཁྱབ་གདལ་གཏོང་པའི་ལས་དོན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཆབས་ཅིག  ཞིང་འབྲོག་ཁུལ་དུ་སྤྱི་སྐད་ཁྱབ་གདལ་གཏོང་པའི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་སྤྱི་སྐད་ཁྱབ་བརྡལ་གཏོང་པའི་དྲིལ་སྒྲོག་བྱེད་སྒོ་དང་རྒྱུན་གཏན་གྱི་ལས་དོན་ཟུང་འབྲེལ་དམ་ཚགས་བྱས་ཏེ།《བོད་རང་སྐྱོང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ“མི་ཚང་མར་ཁྱབ་པའི”སྤྱི་སྐད་ཁྱབ་གདལ་གྱི་གསོ་སྦྱོང་ཇུས་གཞི(2018ལོ་ནས་2020ལོ་བར)》དང་དེ་བཞིན《གྲོང་སྡོད་ལས་དོན་རུ་ཁག་གིས་སློབ་གསོ་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལས་དོན་སྤེལ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》སོགས་འབྲེལ་ཡོད་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱས་པ་རེད། གཞན་ཡང་བོད་ཀྱིས་གྲོང་ཁྱེར(ས་ཁུལ)ཁག་གི་དོན་དངོས་ལ་དམིགས་ནས་ད་ཡོད་ཀྱི་སྤྱི་སྐད་གསོ་སྦྱོང་སློབ་དེབ་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་གཞི་རིམ་ལས་བྱེད་པ་དང་ཞིང་འབྲོག་པ་སོགས་ཚོགས་སྤྱིར་འཚམ་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་གསོ་སྦྱོང་སློབ་དེབ་དང་། སྒྲ་བརྙན། གྲངས་གཞིའི་ཐོན་ཁུངས་སོགས་བདམས་ཏེ་གྲོང་ཁྱེར(ས་ཁུལ)ཁག་ལ་དེ་མཚུངས་ཀྱི་ཞིང་འབྲོག་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སློབ་སྦྱོང་དཔྱད་ཡིག་དང་དཔེ་དེབ་སྤྲད་ཡོད་པ་རེད།
      བོད་རང་སྐྱོང་ལྗོངས་སྐད་ཡིག་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་སླད་ཕྱིན་བོད་ཀྱིས་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་སྡེ་ཚན་ཁག་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བཅའ་ཁྲིམས་གོ་གནས་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྐད་ཡིག་གི་བཅའ་ཁྲིམས་ཁྲིམས་སྲོལ་གྱིས་དཀྲིས་པའི་འགན་འཁྲི་གཙོ་བོར་སྟངས་འཛིན་ཡང་དག་བྱེད་པ། རྒྱ་ཆེའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་རྟོགས་དང་ཚད་ལྡན་ངང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ། དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། སྐད་ཡིག་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་མུ་མཐུད་དུ་འདོན་རྒྱུ་ཡིན་ཞེས་བསྟན།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-18 13:35 , Processed in 0.026744 second(s), 19 queries .

返回顶部