博客西藏在最高处过一种生活

日志

༄༅།།བོད་ལྗོངས་ཀྱིས་ཀྲུང་གོའི་ཞིང་པའི་ལོ་ ...

已有 52 次阅读2019-9-24 16:08


                    ༄༅།།བོད་ལྗོངས་ཀྱིས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དང་པོའི་བྱེད་སྒོ་གསུམ་འཕྲང་གྲོང་ཚོར་སྤེལ།
                            ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩམ་པ་པོ། མི་གསལ། རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

                     

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས23ཉིན་གྱི་སྔ་དྲོ།  བོད་ལྗོངས་ཀྱིས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དང་པོའི་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གསུམ་འཕྲང་ཤང་གསུམ་འཕྲང་གྲོང་ཚོར་སྤེལ་བ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུང་ཀྲང་བློ་བཟང་རྒྱལ་མཚན་གྱིས་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་ཤིས་ཚིག་སྒྲོན་གནང་བ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཝུན་ཧན་གྱིས་བྱེད་སྒོ་གཙོ་སྐྱོང་གནང་བ།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་རྒྱལ་མཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པར་གནང་བའི་ལོ་ལེགས་དུས་ཆེན་གྱི་སྨོན་འདུན་སྒྲོག་སྦྱངས་གནང་བ་རེད།


                     W020180925371145471559.jpg

      བྱེད་སྒོ་སྤེལ་ཡུལ་དུ་ཞིང་འབྲོག་མང་ཚོགས་ཚོས་གཟབ་མཆོར་ལེགས་པར་སྤྲད་ནས་ཞིང་ནང་དུ་མཛོམས་ཏེ་དགའ་སྤྲོ་འཁོལ་བའི་ངང་རང་ཉིད་ལ་དབང་བའི་དུས་ཆེན་དེ་དགའ་གཏོང་བྱས་པ་རེད།  ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐོག་མའི་བོད་ཀྱི་བྱེད་སྒོ་སྤེལ་གནས་གཙོ་བོའི་ཐོག་ཕུལ་བྱུང་ཞིང་འབྲོག་པའི་འཐུས་མི་བརྒྱད་ལ་གཟེངས་བསྟོད་བྱས་པ་དང་།  ཞིང་པ་ལས་མིའི་སྒྱུ་རྩལ་ཚོགས་པ་དང་ལྷུན་གྲུབ་རྫོང་གི་མང་ཚོགས་ཚོས་རིག་རྩལ་འཁྲབ་སྟོན་བྱས་པ།  སྐུ་མགྲོན་ཚོས་ཞིང་འབྲོག་ཚན་རྩལ་དྲིལ་བསྒྲགས་འགྲེམས་སྟེགས་དང་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ།  དེང་རབས་ཞིང་ལས་འཕྲུལ་ཆས་ལ་བརྟེན་ནས་གཟན་རྩྭ་བརྔ་བསྡུ་སོགས་བྱས་པ་རེད།


                     W020180925371145577866.jpg

      རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་གལ་ཆེར་འཛིན་ནས།  བོད་ཀྱི་ཞིང་འབྲོག་ལས་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།  བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ལོ ༤༠ རིང་བོད་ཀྱི་ཞིང་འབྲོག་ལས་འདི་ཉིད་འཚོལ་ཞིབ་ཁྲོད་བསྒྱུར་བཅོས་དང་བསྒྱུར་བཅོས་ཁྲོད་གོང་འཕེལ་ཟམ་མི་ཆད་པ་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད།


                     W020180925371145671761.jpg

      བོད་ལྗོངས་ཀྱིས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དང་པོ་བཏང་བ་དེས་བོད་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེ་མོ་གཅིག་སྒྲིལ་དང་།  ཞིང་འབྲོག་པའི་ཐོབ་སྣང་དང་བདེ་སྐྱིད་ཀྱི་སྣང་བ།  གཟི་བརྗིད་ཀྱི་སྣང་བ་བཅས་མཐོ་རུ་གཏོང་རྒྱུར་ཕན་པ་ཐོབ་ནས་ཞིང་འབྲོག་མང་ཚོགས་ཀྱི་ཧུར་སེམས་དང་རང་འགུལ་རང་བཞིན།  གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ནས།  ཞིང་འབྲོག་པའི་དངོས་པོའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་འགྲོ་རྒྱུ་དང་དུས་རབས་གསར་པའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་ཉམས་བཟང་མངོན་ཐུབ་པ་བྱ་རྒྱུ་རེད།  ། 

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།





评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-21 21:33 , Processed in 0.029195 second(s), 19 queries .

返回顶部