博客西藏在最高处过一种生活

日志

༄༅།།ས་མཐོའི་དཔོག་དཀའ་བའི་གསང་བ་བརྟོལ་ནས་ ...

已有 69 次阅读2019-9-24 15:24 |系统分类:见闻


                       ༄༅།།ས་མཐོའི་དཔོག་དཀའ་བའི་གསང་བ་བརྟོལ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད།
                             མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པར་གྲུབ་འབྲས་གལ་ཆེན་ཐོབ་པ།
                          ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། སངས་སྐྱབས།

                                     
      འདི་ནི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་བོད་ལྗོངས་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་རུ་ཁག་གིས་ཇོ་མོ་གླང་མའི་ཁུལ་དུ་བསྐྱོད་དེ་ཕྱོགས་ཡོངས་ནས་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་བཞིན་པ། པར་འདི་ནི་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་མཁོ་འདོན་བྱས། 
      ལེ་ཚན་གཏོད་པའི་གཏམ།
      བརྩེ་སེམས་ཟབ་མོ་ས་མཐོར་བཅངས། མངགས་བཅོལ་ཟབ་མོ་དང་དུ་བླངས། མངའ་རིས་ས་མཐོ་ནས་གཙང་གསུམ་ཆུ་འགོའི་བར་དང་། ལེ་དབར་ཁྲི་ཕྲག་གི་མུ་མེད་བྱང་ཐང་ནས་ཆུ་མོ་ཡར་ཀླུང་གཙང་པོའི་བར་གྱི་ཕྱོགས་བཞི་མཚམས་བརྒྱད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་སེམས་ཟབ་མོ་འཆང་གནང་ལུགས་གང་ལེགས་མངོན་པ་དང་། སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཡང་ནས་ཡང་དུ་ཚོར་བཞིན་ཡོད། དེ་རིང་ནས་བཟུང་འདི་ག་ཚགས་པར་ཐོག“བརྗིད་ཆེའི་ལོ་ངོ་70 དུས་རབས་གསར་པར་འབད་འཐབ་བྱེད——སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་ཞུ”ཞེས་པའི་ལེ་ཚན་གཏོད་རྒྱུ་ཡིན་པས། ཚང་མས་དོ་ཁུར་ཟབ་མོ་ཡོད་པ་ཞུ། 
      མཚོ་བོད་ས་མཐོར“འཛམ་གླིང་གི་ཡང་རྩེ”དང“ས་གོ་ལའི་སྣེ་གསུམ་པ”ཞེས་གྲགས་པ་དང་། དེ་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་། དེར་ས་གོ་ལའི་སྣོད་བཅུད་ཁོར་ཡུག་གི་དཔོག་དཀའ་བའི་གསང་བ་མང་པོ་འདུས་ཡོད། “ས་མཐོའི་དཔོག་དཀའ་བའི་གསང་བ”དག་མིའི་རིགས་ཀྱིས་འཚོལ་ཞིབ་དང་བརྟོལ་རྒྱུའི་དགོས་གལ་ཆེན་པོ་ཡོད། 
      2017ལོའི་ཟླ་8ཚེས་19ཉིན། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པ་ལྷ་སར་འགོ་ཚུགས་པ་དང་། མཚོ་བོད་ས་མཐོའི་ཆུ་དང་། སྣོད་བཅུད། མིའི་རིགས་ཀྱི་སྒུལ་སྐྱོད་སོགས་ལ་རྟོག་ཞིབ་དང་ཞིབ་འཇུག་བྱས་ནས། མཚོ་བོད་ས་མཐོའི་འགྱུར་ལྡོག་གི་བརྒྱུད་རིམ་དང་ནང་རྐྱེན་དེ་བཞིན་དེས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་བཅས་གསལ་པོར་རྟོགས་ཐབས་བྱ་རྒྱུ་ཡིན་ཞིང་། དེ་ནི་ལོ་ངོ་40ལྷག་ཙམ་སོང་རྗེས་བསྐྱར་དུ་མཚོ་བོད་ས་མཐོར་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱས་པ་ཞིག་རེད། 
      ཐུགས་རེ་ཟབ་མོས་ངར་ཤུགས་འཕེལ། བསླབ་བྱ་ནན་པོས་དྲོ་སྐྱིད་སྦྱིན། 
      ལོ་གཉིས་ལྷག་ཙམ་རིང་ཚན་རིག་རྟོག་ཞིབ་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་བཏང་སྟེ། མཐོ་གྲང་གསོ་རླུང་དཀོན་པ་ལ་སོགས་ཀྱི་ངལ་བ་དུ་མ་ཁྱད་བསད་ཀྱིས་བློ་སྟོབས་ཆེན་པོ་དང་ངར་ཤུགས་ཆེན་པོའི་ཐོག་ནས་མཚོ་བོད་ས་མཐོའི་མི་མེད་ལུང་སྟོང་ཁུལ་དུ་བསྐྱོད་དེ། འཁྱགས་རོམ་དང་། མཚོ། ཆུ་དཔྱད། གནམ་གཤིས། མཐོ་གྲང་གི་སྣོད་བཅུད་དང་། སྐྱེ་དངོས་སྣ་མང་རང་བཞིན།  ས་ཆའི་ཐོན་ཁུངས་འགྱུར་ལྡོག་སོགས་ལ་རྟོག་ཞིབ་ཧུར་ཐག་བྱས་པ་མ་ཟད། རིག་ཚན་མང་བ་དང་། ཟུར་ཚད་མང་བ། རིམ་པ་མང་བ་བཅས་ཀྱི་ཐོག་ནས“སྣེ་གསུམ་པའི”དཔོག་དཀའ་བའི་གསང་བ་འཚོལ་ཞིབ་གསལ་འགྲེལ་བྱེད་བཞིན་ཡོད། 
     གཙང་པོ་དང་། ཆུ་བོ། མཚོ་གསུམ་ལ་བརྟག་དཔྱད་ཞིབ་ཕྲ་བྱས།
     ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཚོགས་པས་ཁྱོན་ཆེད་དོན་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་60ལྷག་ཙམ་བཙུགས་ནས། ཐོག་མར་གཙང་པོ་དང་མཚེའུ་ཡི་ཆུ་འགོར་རྟོག་ཞིབ་བྱེད་འགོ་བཙུགས་ཤིང་། འབྲི་ཆུའི་ཆུ་འགོ་ཁུལ་དང་བོད་ཀྱི་མཚེའུ་ཆེ་ཤོས་སེར་གླིང་མཚོའི་ཁོངས་སུ་གཙོ་གནད་ཐོག་ལྟ་དཔྱད་བྱས་པ་རེད། 
     རྟོག་ཞིབ་ལས་ཤེས་རྟོགས་བྱུང་བར། ལོ་བཅུ་ཕྲག་རིང་སེར་གླིང་མཚོའི་རྒྱ་ཁྱོན་1976ལོ་ནས་ད་བར་40%ཙམ་ཆེ་རུ་ཕྱིན་པ་དང་། ཉེ་འགྲམ་གྱི་སྤྱི་ལེ་ངོས་གྲུ་220ལྷག་ཙམ་གྱི་འབྲོག་ར་བསྣུབས་པས་དེ་ནི་མཚོ་བོད་ས་མཐོའི་མཚེའུ་ཡི་ཁྲོད་དུ་མཚོ་ཁར་འགྱུར་ལྡོག་ཆེ་ཤོས་བྱུང་བའི་མཚེའུ་ཞིག་རེད། སེར་གླིང་མཚོ་རྒྱུག་ཁུལ་དེ“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་ལྟེ་བའི་ཁུལ་གྱི་གྲས་ཤིག་ཡིན་ལ་འབྲི་ཆུའི་ཆུ་འགོ་ཡང་ཡིན། ཚན་རིག་རྟོག་ཞིབ་ཀྱི་ཐོག་མའི་འབྲས་བུ་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདས་ཟིན་པའི་ལོ་ངོ་50ཡི་རིང་། མཚོ་བོད་ས་མཐོར་སྤྱི་ལེ་ངོས་གྲུ་1ཡན་གྱི་མཚེའུ་ཡི་གྲངས་འབོར་1081ནས་1236བར་མང་དུ་ཕྱིན་པ་དང་། མཚེའུ་ཡི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4ནས་སྤྱི་ལེ་ངོས་གྲུ་4.74བར་ཆེ་རུ་ཕྱིན་ཡོད།
     ད་ཐེངས་རྟོག་ཞིབ་བྱས་པ་བརྒྱུད། སེར་གླིང་མཚོ་ཚུད་པའི་བོད་བྱང་ཐང་གི་མཚེའུ་ཡི་མཚོ་གཏིང་གི་ས་བཀྲ་བཟོས་ནས། སེར་གླིང་མཚོ་རྒྱུག་ཁུལ་གྱི་ཆུ་དཔྱད་དང་། རླུང་ཁམས་ཆེན་པོ། སྔོ་ཁེབས་སོགས་ལ་ལྟ་དཔྱད་བྱས་པ་མ་ཟད། སེར་གླིང་མཚོ་གཏིང་གི་བྲག་རྡོའི་དཔེ་བླངས་ནས། ལོ་རྒྱུས་ཐོག་མཚོ་ཁ་ཇེ་ཆེར་རྒྱས་པ་དང་སྐབས་དེ་དུས་ཀྱི་སྣོད་བཅུད་ཁོར་ཡུག་གི་འབྲེལ་བ་ཞིབ་འཇུག་བྱས་པས། འཕེལ་རིམ་བདེ་བླག་བྱུང་བ་དང་གྲངས་གཞི་གལ་ཆེན་ཡང་བསགས་ཏེ་སྟོང་ཆ་མང་པོ་བསྐངས་བ་རེད། 
     “རང་བྱུང་ཁམས་ཆེན་པོའི་རྟེན་རྫས་བཤམས་མཛོད་ཁང”ལ་འཚོལ་ཞིབ་བྱས། 
     འཁྱགས་རོམ་ལ“རང་བྱུང་ཁམས་ཆེན་པོའི་རྟེན་རྫས་བཤམས་མཛོད་ཁང”ཞེས་སུ་གྲགས། བོད་ལྗོངས་ནི་རང་རྒྱལ་གྱི་འཁྱགས་རོམ་ཁྱབ་ཁུལ་ཆེ་ཤོས་ཀྱི་ཞིང་ལྗོངས་ཆེ་ཤོས་ཡིན་ཞིང་། དེའི་འཁྱགས་རོམ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་3ཙམ་ཟིན་པ། དེས་རྒྱལ་ཡོངས་ཀྱི་འཁྱགས་རོམ་རྒྱ་ཁྱོན་བསྡོམས་འབོར་གྱི་48%ཙམ་བཟུང་གི་ཡོད། 
     མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་འཁྱགས་རོམ་དང་ཁོར་ཡུག་འགྱུར་ལྡོག་གི་རྟོག་ཞིབ་རུ་ཁག་ངོས་ནས་བརྗོད་ན། སྐུ་ལྷ་དར་གདོང་དང་གདང་ལའི་འཁྱགས་རོམ་དང་དེ་བཞིན་མཚོ་བོད་ས་མཐོའི་འཁྱགས་རོམ་ཆེ་ཤོས་ཏེ་ཕོ་རོག་གངས་རིའི་ལྟེ་བར་བསྐྱོད་ནས་འཁྱགས་དཔེ་ལེན་རྒྱུ་དེ་ནི་རྟོག་ཞིབ་རུ་ཁག་གི་ལས་འགན་གཙོ་བོ་རེད། 
     མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་ཚན་རིག་རྟོག་ཞིབ་ལས་མངོན་པར། འདས་ཟིན་པའི་ལོ་50ཡི་རིང་། མཚོ་བོད་ས་མཐོ་དང་དེའི་ས་འབྲེལ་ཁུལ་གྱི་འཁྱགས་རོམ་གྱི་རྒྱ་ཁྱོན་15%ཙམ་ཆུང་དུ་ཕྱིན་པ་དང་། ས་མཐོའི་ལོ་མང་རིང་གི་འཁྱགས་སའི་རྒྱ་ཁྱོན་ཡང་16%ཆུང་དུ་ཕྱིན་ཡོད། གཞན་ཡང་། ཚན་རིག་རྟོག་ཞིབ་ཚོགས་པས་འཁྱགས་རུད་ཐོན་པའི་རྒྱུ་རྐྱེན་གསལ་སྟོན་རགས་ཙམ་བྱས་པ་དང་། འཁྱུགས་རུད་ཚན་རིག་སྔོན་བརྡའི་མ་ལག་བཙུགས་ནས་འཕྲལ་སྡོམ་དོ་དམ་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད། 
     རྒྱ་མཚོ་སྐམ་སར་གྱུར་པས་ཉམས་དགའི་ཡུལ་ལྗོངས་ལྷུན་གྱིས་གྲུབ། 
     ཧི་མ་ལ་ཡའི་རི་རྒྱུད་ནི་མཚོ་བོད་ས་མཐོའི་རི་རྒྱུད་མཐོ་ཤོས་ཡིན། འོན་ཀྱང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པས། གངས་ཏི་སེའི་རི་རྒྱུད་ནི་མཚོ་བོད་ས་མཐོའི་རི་རྒྱུད་མཐོ་ཤོས་ཡིན་པའི་ར་སྤྲོད་བྱས་པ་དང་། སྐབས་དེ་དུས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆ་ཤས་མཚོ་ཡིས་བསྣུབས་པ་དང་ལོ་ངོ་ཁྲི་2400ནས་ཁྲི་1500གོང་གཞི་ནས་འཛམ་གླིང་གི་ཡང་རྩེར་གྱུར་ཡོད། འོན་ཀྱང་གངས་ཏི་སེའི་རི་རྒྱུད་ལོ་ངོ་ཁྲི་5500ཡི་གོང་ནས་ད་ཆའི་མཐོ་ཚད་ལྟར་གནས་ཡོད། 
     མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་རྟོག་ཞིབ་བྱེད་རྒྱ་ཆེ་ལ་དོ་ཁུར་བྱེད་ས་ཡང་ཧ་ཅང་མང་པོ་ཡོད། སྣེ་གསུམ་པའི་རྒྱལ་ཁབ་སྤྱི་གླིང་ཚོ་པ་འཛུགས་སྐྲུན་གྱི་ཚན་རིག་ཇུས་གཞིའི་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་གིས་ཇོ་མོ་གླང་མ་ནས་མངའ་རིས་བར་གྱི་ས་མཐོའི་མཐོ་གྲང་ཁུལ་གྱི་སྤང་ལྗོངས་དང་། འཁྱགས་རོམ་དང་འཁྱགས་རིའི་མཛེས་ལྗོངས། སྲོག་ཆགས་འཚོ་གནས་ཁུལ། ཆོས་ལུགས་རིག་གནས་ཀྱི་ཤུལ་བཞག་སོགས་ལ་རྟོག་ཞིབ་བྱས་ནས་བོད་ཀྱི་ས་གོ་ལའི་སྣེ་གསུམ་པའི་རྒྱལ་ཁབ་སྤྱི་གླིང་ཚོ་པར་ཚན་རིག་དང་མཐུན་པའི་ཇུས་གཞི་འདིང་རྒྱུར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བྱས་པ་དང་། སྣོད་བཅུད་བདེ་འཇགས་སྲུང་ཡོལ་མ་ལག་ལེགས་གཏོང་གི་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་གིས་རིགས་མི་འདྲ་བའི་འོག་སྔོ་ཁེབས་དང་ས་རྒྱུའི་ཁྱད་ཆོས་ཀྱི་ཧེ་བག་དང་དོ་མཉམ་གྱི་འབྲེལ་བར་དབྱེ་ཞིབ་དང་བསྡུར་བ་བྱས་ནས། མཚོ་བོད་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ལེགས་གཏོང་མ་ལག་གཏོད་རྒྱུར་ཚན་རྩལ་གྱི་འདེགས་སྐྱོར་བྱས་པ། མིའི་རིགས་ཀྱི་འགུལ་སྐྱོད་ལོ་རྒྱུས་དང་དེའི་ཤུགས་རྐྱེན་སྐོར་གྱི་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་གིས་ས་འོག་ནས་གནའ་བོའི་མིའི་རིགས་ཀྱི་གནའ་ཤུལ་སྔོག་འདོན་བྱས་པ་དང་འབྲེལ་ལོ་གྲངས་ཞིབ་དཔྱད་དང་ཁོར་ཡུག་དབྱེ་ཞིབ་སོགས་ཀྱི་མ་དཔེ་བླངས་ཏེ། མིའི་རིགས་ཀྱིས་ས་མཐོ་འཚོལ་ཞིབ་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་ཁོར་ཡུག་འགྱུར་ལྡོག་གི་རྒྱུ་རྐྱེན་སླར་གསོ་ཐུབ་ཡོད་པ་བཅས་རེད། 
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-23 05:09 , Processed in 0.027212 second(s), 20 queries .

返回顶部