博客西藏在最高处过一种生活

日志

༄༅།།འོད་སྟོང་འབར་བའི་གྲུབ་འབྲས་བཏོད། གནས ...

已有 112 次阅读2019-9-18 07:58 |系统分类:见闻


                              ༄༅།།འོད་སྟོང་འབར་བའི་གྲུབ་འབྲས་བཏོད། གནས་མཆོག་གྲོང་དུ་བཀྲག་མདངས་བསྣན།
                              —— ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་རིང་གི་ལྷ་སའི་འཕོ་འགྱུར།  
                             ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། ཀླུ་མོ་མཚོ།

                    

 

     2018ལོར། ལྷ་ས་གྲོང་ཁྱེར་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་110.1ཟིན་ཏེ་དུས་མཚུངས་ལས་22.84%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་35650ཟིན་ཏེ་དུས་མཚུངས་ལས་10%འཕར་བ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14420ཟིན་ཏེ་དུས་མཚུངས་ལས་11%འཕར་བ།

     ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་སྟབས་བདེ་ལ་ནུས་ཆེའི་གཞུང་ལམ་དྲ་བ་རིམ་བཞིན་བསྐྲུན་ཏེ་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕར་རྩ་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅིང་། གྲོང་ཁྱེར་དང་གྲོང་གསེབ་གང་སར་བསྲིངས་པའི་གྲོང་གསེབ་གཞུང་ལམ་གྱིས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དང་དམངས་བརྟན་དམངས་ཕན་ལ་སོགས་པར་འདེགས་སྐྱོར་ཐུབ་ནས་ཞིང་འབྲོག་པར་ཞབས་འདེགས་དང་ཞིང་འབྲོག་པའི་དཔལ་འབྱོར་གོང་འཕེལ་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་རེད།

     ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གི་གྲོང་མི་ཐུབ་བསྟན་མགོན་པོས་སྤྲོ་སྣང་ཆེན་པོས“འགྲིམ་འགྲུལ་སྟབས་བདེར་ཕྱིན་པ་དེས་ང་ཚོའི་མཉམ་ལས་ཁང་ནས་ཐོན་སྐྱེད་བྱས་པའི་བོད་བྱའི་སྒོ་ང་དུས་ཐོག་ཏུ་ལྷ་སའི་གྲོང་ཁུལ་གྱི་ཁྲོམ་རར་འཚོང་ཐུབ་པ་མ་ཟད། རིན་གོང་ཡང་མཐོ་པོ་རག་གི་འདུག”ཅེས་བརྗོད་པ་དང་། ཁོང་གིས་ཁྲོམ་རའི་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་ཤིང་། ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་ཏེ་ཡུལ་སྐོར་བ་དེ་བས་མང་བ་རང་ཉིད་ཀྱི་ཕ་ཡུལ་དུ་ཡུལ་སྐོར་ལ་གདན་ཞུ་བྱ་རྒྱུའི་འཆར་གཞི་ཡང་ཡོད་པ་རེད།

     “ཏཱ་ཀྲོའུ་གནས་ཆུ”དང“སྟག་རྩེའི་ནས་ཀྱི་བག་ལེབ” “འདམ་གཞུང་རྫོང་གི‘ཐོབ་ཐང་ལག་ཁྱེར’ཡོད་པའི་ཚགས་ཤ”སོགས་ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས“དག་ཞིང་མཐའ་མ”བརྟན་སྲུང་བྱ་རྒྱུའི་འདུ་ཤེས་མངོན་པར་བྱས་ཏེ་ས་གཙང་བདེ་ཐང་ཐོན་ལས་ལག་བསྟར་ཤུགས་ཆེན་བྱས་པ་དང་། ཕྱོགས་སྒྱུར་རིམ་སྤོར་་འབུར་ཐོན་ཡོང་བར་བྱས་ཏེ་སྲོལ་རྒྱུན་གྱི་ལེགས་ལྡན་ཐོན་ལས་སླར་ཡང་སྐྱེ་སྟོབས་འབར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ལོ་རྒྱུས་འབུར་ཐོན་ཡོང་བར་བྱས་ཏེ་རིག་གནས་ཡུལ་སྐོར་ལས་རིཌ་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་བ་སོགས་རེ་བས་ཁེངས་པའི་ཐོན་ལས་རེ་རེས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་མགྱོགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ལྡན་གྱི་གཤོག་ཟུང་བསྒར་ཡོད།

     གྲོང་ཁྱེར་གྱི་ལྟེ་བ་ནས་མུ་ཁའི་བར་དང་། སློབ་གསོའི་གྲོང་གསར་ནས་ཐོན་ལས་གླིང་བར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནས་དམངས་འཚོ་ལེགས་གཏོང་བར་གྱི་འཕོ་འགྱུར་མངོན་སུམ་མཐོང་ལ། འཕེལ་རྒྱས་འགྲོ་བཞིན་པའི་ལྟེ་བའི་གྲོང་ཁྱེར་འདིའི་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོའང་མི་ཚོས་ཅིག་ཅར་དུ་ཚོར་ཐུབ།

     དེང་གི་གནའ་གྲོང་ལྷ་སར་མེ་ཏོག་རབ་ཏུ་བཞད་ཅིང་། གངས་ལྗོངས་ས་མཐོ་རྣམ་པ་གསར་རྐྱང་དུ་གྱུར་ནས་མི་རིགས་ཁག་གི་མི་དམངས་ཚོས་དགའ་བའི་གླུ་དབྱངས་ཅི་དགར་ལེན་བཞིན་མཆིས། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་ངོ་མཚར་ཆེ་བའི་གནའ་གྲོང་ལྷ་སའི་ས་ཕྱོགས་གང་སར་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་དང་འབྱུང་བཞིན་མཆིས།

     ལྷ་ས་གྲོང་ཁྱེར་གྱི་ཟིལ་རླབས་དགུང་དུ་འཕྱུར་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་དཔལ་འབྱོར་བསྡོམས་འབོར་ཐད་མཆོང་སྐྱོད་ཆེན་པོ་བྱུང་བ་དང་། ཚང་མས་རྒྱལ་ཁབ་བམ་ས་ཁུལ་གྱི་དཔལ་འབྱོར་གནས་ཚུལ་ལ་ཚད་འཇལ་བའི་སྟོན་གྲངས་ཡག་ཤོས་སུ་ཁས་ལེན་པའི་GDPཡང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་རེད།

      2018ལོར། ལྷ་ས་གྲོང་ཁྱེར་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་110.1ཟིན་པ་དེ་དུས་མཚུངས་ལས་22.84%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་35650ཟིན་པ་དེ་དུས་མཚུངས་ལས་10%འཕར་བ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14420ཟིན་པ་དེ་དུས་མཚུངས་ལས་11%འཕར་ཡོད། གྲངས་གཞི་འདི་དག་ནི་ལྷ་སའི་ཕྱོགས་བསྡུས་དཔལ་འབྱོར་གྱི་སྟོབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པའི་མཚོན་བྱེད་རེད་ལ། དེ་ལས་ཕན་པ་ཆེ་ཤོས་ཐོབ་མཁན་ནི་མང་ཚོགས་ཡིན་པ་གོར་མ་ཆག

      མིག་སྔར། ལྷ་ས་གྲོང་ཁྱེར་ཀྱི་རྫོང་དང་ཆུས་དབུལ་པོ་8ཡོངས་རྫོགས་དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་225དབུལ་པོའི་གནས་ལས་ཐར་བ། དབུལ་པོ་ཐོན་ཚད་0.27%བར་དམའ་རུ་ཕྱིན་ནས་ལྗོངས་ཡོངས་སུ་སྔོན་ལ་སྤྱི་ཡོངས་ནས་དབུལ་སྒྲོལ་ཐུབ་པ་རེད།

      འགོ་ཚུགས་ས་གསར་པར་ལངས་པ་དང་དམིགས་ཚད་གསར་པར་ཕྱོགས་ཏེ། ལྷ་སས་སྔར་བས་རྒྱ་ཆེ་བའི་སྤྱི་ཡོངས་ཀྱི་མཐོང་རྒྱ་དང་ཡུན་རིང་གི་འཐབ་ཇུས་མིག་རྒྱང་ལ་བརྟེན་ནས་མདུན་སྐྱོད་ཀྱི་ལམ་བུ་གསར་པར་ལེའུ་གསར་པ་གཏོད་ངེས་རེད། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།





评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-10-21 23:12 , Processed in 0.023819 second(s), 20 queries .

返回顶部