博客西藏在最高处过一种生活

日志

༄༅།།༼ས་མཐོའི་ཕུགས་འདུན་བསྐྲུན་པའི་བོད་ཀྱ ...

已有 106 次阅读2019-9-18 07:31 |系统分类:见闻

 
               ༄༅།།༼ས་མཐོའི་ཕུགས་འདུན་བསྐྲུན་པའི་བོད་ཀྱི་གོམས་འགྲོས༽ཏེ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་60འཁོར་བའི་རིང་
                                 བོད་ཀྱི་རིག་གནས་ཐོན་ལས་ཀྱི་ལོའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར་46ཟིན་པ།
                                  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།

                         
            
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ལ་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་60འཁོར་བའི་ལོ་ཡང་རེད། ལོ་མང་རིང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་དར་སྤེལ་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཤུགས་ཆེན་བཏང་བས་བོད་ཀྱི་རིག་གནས་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་བྱུང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་ཇེ་ཚོགས་སུ་ཕྱིན་ཡོད་ཅིང་། 2018ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་མི་འབོར་གྱི་ཕྱོགས་བསྡུས་ཁྱབ་ཚད་སོ་སོར་97.1%དང་98.2%ཟིན་ཡོད་པ་དང་། ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ལོའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར་46ཟིན་ཡོད། 
     རིག་གནས་བྱ་གཞག་དར་རྒྱས་ཆེན་པོ་བྱུང་པ།
     གཞི་རྩའི་ཐོག་གྲོང་ཁྱེར་(ས་གནས་)ཁག་ཚང་མར་དཔེ་མཛོད་ཁང་ཡོད་པ། 
     རྔ་ཆེན་གྱི་སྒྲ་ཞིག་གྲགས་པ་དང་བསྟུན་ནས་རྔོན་པ་དང་ལྷ་མོ་བཅས་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་པ་རེད། སྙན་འཇེབས་ལྡན་པའི་གཞས་གདངས་དང་ལྷོད་ཉམས་དོད་པའི་གར་གྱི་སྟངས་སྟབས།  རིང་དུ་གཡུག་པའི་འཁྲབ་ཆས་ཀྱི་ཕུ་རུང་བཅས་ལས་གནའ་བོའི་ལྷ་མོའི་ཟློས་གར་གྱི་གཟི་ཉམས་ངོམས་ནས།མངོན་མིན་རིག་གནས་ཤུལ་བཞག་ཏེ་བོད་ཀྱི་ལྷ་མོའི་ཟློས་གར་གྱི་ཉམས་འགྱུར་ཡོངས་སུ་མངོན་ཡོད། དེ་གར་འདུས་པའི་གཟིགས་མོ་བ་ཚོས་སྔ་ས་ནས་ལག་ཐོགས་ཁ་པར་བླངས་ནས་པར་ལེན་གྱི་ཡོད་ཅིང་ལྷ་མོ་ལྟ་བའི་སྤྲོ་སྣང་ནི་སྤྱི་གླིང་ཧྲིལ་པོར་ཁྱབ་ཡོད་པ་རེད། 
     འཁྲབ་སྟོན་བྱེད་རིང་། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་མི་ཚོགས་ཀྱི་འཚང་ཁས་ཁེངས་ཡོད་ཅིང་།མི་ཚོགས་ཀྱི་གསེབ་ཏུ་འཛུལ་ནས་པར་ཞིག་རྒྱག་རྒྱུའང་ཤིན་ཏུ་ཁག་པོ་རེད།  ཁོང་ཚོ་ནི་ཁ་ཤས་དཀྱིལ་དྲུང་དུ་བསྡད་ཡོད་པ་དང་ཁ་ཤས་ནི་ཤིང་སྐས་ཀྱི་རྐུབ་སྟེགས་ཐོག་བསྡད་ཡོད་པ། ཡང་ཁ་ཤས་ནི་མི་ཚོགས་ཀྱི་གསེབ་ཏུ་འཚང་ནས་ལངས་ཏེ་བསྡད་འདུག་པའམ་ཡང་ན་ལན་ཀན་གྱི་འགྲམ་དུ་ཁ་སྦུབ་ཏུ་བསྡད་འདུག  དེ་ལས་ཀྱང་བྱིས་པར་དག་ནི་ཨ་ཕའི་སྐེ་ལ་ཞོན་ནས་བསྡད་འདུག ལྷ་མོར་ལྟ་ཆེད་མི་རྣམས་ཀྱིས་ཉི་འོད་ལ་མི་ངལ་ཞིང་འཚང་ཁ་རྒྱག་རྒྱུར་མི་སྐྲག་པ། ངོ་མཚར་ཆེ་བའི་གནས་སུ་འཕྲད་སྐབས་དགོད་སྒྲ་དང་ཐལ་མོ་བརྡབ་ནས་རྟིང་སྐུལ་གྱི་ཀི་སྒྲས་ཡོངས་སུ་ཁེངས་འདུག་ཅིང་། འདི་ནི་2019ལོའི་ཞོ་སྟོན་རིང་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ལྷ་མོ་འཁྲབ་སྟོན་བྱེད་སྐབས་ཀྱི་རྣམ་པ་ཞིག་རེད། 
       ལྷ་མོ་ནི་ཧ་ཅང་གཞི་རྒྱ་ཆེ་བའི་ཟློས་གར་གྱི་རིགས་ཀྱི་མ་ལག་ཅིག་ཡིན་ཞིང་། མཚོ་བོད་ས་མཐོའི་ས་གནས་ཁག་གི་རང་བྱུང་ཆ་རྐྱེན་དང་འཚོ་བའི་གོམས་སྲོལ། རིག་གནས་སྲོལ་རྒྱུན། ཡུལ་སྐད་བཅས་མི་འདྲ་བའི་དབང་གིས་ལྷ་མོ་ལ་སྒྱུ་རྩལ་གྱི་རིགས་དང་གྲུབ་མཐའ་མང་པོ་བྱུང་ཡོད། ལྷ་མོ་ནི་ལོ་ངོ་600ལྷག་ཙམ་གྱི་སྔོན་ནས་དར་པ་ཡིན་ལ་བོད་རིག་གནས་ཀྱི“འགྱུར་རྡོ་གསོན་པོ”ཞིག་མཚན་སྙན་རྒྱས་ཡོད། 2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཁག་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། 2009ལོར་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་རེད། ལོ་མང་རིང་འཕེལ་རྒྱས་བཏང་བ་བརྒྱུད་ལྗོངས་ཡོངས་སུ་དམངས་ཁྲོད་ལྷ་མོ་རུ་ཁག་140ལྷག་ཙམ་ཡོད་པ་རེད། 
      ལྷ་མོ་ནི་རང་ལྗོངས་ཀྱི་རིག་གནས་བྱ་གཞག་གོང་འཕེལ་དང་དར་རྒྱས་ཆེན་པོ་བྱུང་པའི་བསྡུས་གཟུགས་ཤིག་ཡིན་ཞིང་། ལོ་ངོ་60ཡི་རིང་རང་ལྗོངས་ཀྱིས་སྔ་རྗེས་སུ་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་དང་ལྷ་ས། དེ་བཞིན་ས་ཁུལ་ཁག་གི་གློག་བརྙན་ཁང་བཅས་བཙུགས་པ་དང་། རང་སྐྱོང་ལྗོངས་གླུ་གར་ཚོགས་པ་དང་ལྷ་མོ་འཁྲབ་ཚོགས། ཟློས་གར་ཚོགས་པ། གྲོང་ཁྱེར་དང་ས་གནས་ཁག་གི་མི་རིགས་སྒྱུ་རྩལ་ཚོགས་པ་དང་རྫོང(ཆུས)75ཡི་སྒྱུ་རྩལ་ཚོགས་པ། གྲོང་གསེབ་ཀྱི་ལས་ཞོར་རིག་རྩལ་རུ་ཁག་2400ལྷག་ཙམ་སོགས་རིག་རྩལ་འཁྲབ་སྟོན་ཚོགས་པ་བཙུགས་པ་མ་ཟད། གྲོང་གསེབ་དང་འབྲོག་ཁུལ་དུ་བསྐྱོད་དེ་ཐག་རིང་ལུང་ཁུག་ས་ཁུལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གསར་པ་འཁྲབ་སྟོན་བྱས་པ་རེད། དེ་དང་ཆབས་ཅིག་རིག་གནས་ཐོན་རྫས་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས《གོས་འཁྲུད་གླུ་དབྱངས》དང་། 《གྲོང་ཁྱེར་གསར་པར་ཉུལ་བ》《ཉི་མའི་བུ་མོ》《ཐུན་མོང་གི་ཁྱིམ་གཞིས》《རྒྱུད་དྲུག་གི་བརྩེ་སེམས》《མཁའ་ལམ》སོགས་རིག་རྩལ་བརྩམས་ཆོས་རྩེ་གྲ་ཁག་གཅིག་བཏོད་ཡོད། དངོས་ལྗོངས་ཟློས་གར་ཆེ་གྲས《རྒྱ་བཟའ་ཀོང་ཇོ》དང་། མི་རིགས་ཀྱི་གླུ་གར《བདེ་སྐྱིད་ལམ་དུ་ཡོད་པ》《ཤམ་བྷ་ལ་འཚོལ་བ》སོགས་རིག་གནས་ཐོན་ལས་འཁྲབ་སྟོན་རྣམ་གྲངས་ཁག་གཅིག་ལ་སྤྱི་ཚོགས་དང་དཔལ་འབྱོར་གཉིས་ཀའི་ཕན་འབྲས་ཐོན་ནས་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད། 2018ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་མི་འབོར་གྱི་ཕྱོགས་བསྡུས་ཁྱབ་ཚད་སོ་སོར97.1%དང་98.2%ཟིན་ཡོད་ཅིང་། གྲོང་ཁྱེར་(ས་ཁུལ་)དུ་དཔེ་མཛོད་ཁང་ཡོད་པ་དང་། རྫོང་ལ་ཕྱོགས་བསྡུས་རིག་གནས་ལྟེ་གནས་ཡོད་པ། ཞང་ལ་རིག་གནས་ཞབས་ཞུ་ལྟེ་གནས་ཡོད་པ་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དང་། སྲིད་འཛིན་གྲོང་ཚོ་རེ་རེར་རིག་གནས་ཁང་དང་ཞིང་པའི་དཔེ་ཁང་། གློག་བརྙན་ཁང་བཅས་ཡོད་པ། ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ལོའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར་46ཟིན་པ་དང་། རྒྱལ་ཁབ་དང་ཆུས། གྲོང་ཁྱེར(ས་ཁུལ)རྫོང་བཅས་རིམ་བཞིའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི(གླིང་ཁུལ)234ཟིན་ཡོད། 
      དཔེ་དེབ་ཉོ་བའི་གྲོན་དངུལ་ལོ་རེ་བཞིན་ཇེ་མང་དུ་བཏང་པ། 
      བོད་ལྗོངས་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་ཐོན་ཁུངས་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་བ། 
      རིག་རྩལ་རོལ་རྩེད་རྣམ་གྲངས་ཕུད་རང་ལྗོངས་ཀྱི་སྤྱི་པའི་རིག་གནས་འཕེལ་རྒྱས་ཐད་ལའང་ཚད་བརྒལ་ཆེན་པོ་བྱུང་ཡོད། ཟླ་8ཚེས་29ཉིན་བོད་ལྗོངས་དཔེ་མཛོད་ཁང་གི་ཉར་མཛོད་པུའུ་ཡི་ལས་དོན་མི་སྣས་ནམ་རྒྱུན་དང་འདྲ་བར་དཔེ་དེབ་འཁྱེར་ནས་དམག་སྒར་དུ་བསྐྱོད་དེ་དཔུང་སྡེའི་དཔོན་དམག་ཚོར་བསམ་པའི་འཚོ་བཅུད་སྦྱིན་ཡོད། གསར་འགོད་པས་ཤེས་རྟོགས་བྱུང་པར་གཞིགས་ན། ལས་དོན་མི་སྣས་རྡོག་ཐོན་མ་བྱས་གོང་རླངས་འཁོར་ནང་གི་དཔེ་དེབ་བརྗེ་གསོར་དང་ཁ་སྣོན་བརྒྱབ་པ་དང་།ད་ཐེངས་ཀྱི་བྱེད་སྒོར་དཔེ་དེབ་གསར་པ་100མང་དུ་བཏང་བས་དཔོན་དམག་གི་དཔེ་དེབ་ལྟ་ཀློག་གི་དགོས་མཁོ་སྔར་བས་སྐོང་ཐུབ་པ་མ་ཟད། ཁོང་ཚོར“ཕྱིར་མི་འབུད་པར”དཔེ་དེབ་གཡར་ཐུབ་པར་སྟབས་བདེ་བསྐྲུན་ཡོད་ཅིང་དཔེ་ཀློག་ཞབས་ཞུ་དེ་རིགས་ཀྱིས་དཔོན་དམག་གི་དཔེ་དེབ་ལྟ་ཀློག་གི་རྒྱུན་མཐུད་རང་བཞིན་ཆེ་རུ་ཕྱིན་ནས་དཔུང་སྡེའི་ལས་ཞོར་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་པ་རེད། འདི་ལྟ་བུའི་སྤྱི་པའི་རིག་གནས་ཞབས་ཞུ་དེ་སྔོན་ཆད་ཡིན་ན་རྩ་བ་ནས་སྒྲུབ་ཐུབ་ཀྱི་ཡོད་པ་མ་རེད། 
     1996ལོར་བོད་ལྗོངས་དཔེ་མཛོད་ཁང་དངོས་སུ་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་སྒོ་ཕྱེ་བ་དང་། ལྟ་ཀློག་ཁང་འདུག་སྟེགས་673ལས་མེད། 2018ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི་40ཡོད་ཅིང་། དེ་ལས་རྒྱ་ཡིག་གི་དཔེ་དེབ་ཁྲི་30ལྷག་ཙམ་དང་བོད་ཡིག་གི་དཔེ་དེབ་ཁྲི་4ལྷག་ཙམ། དཔེ་རྙིང་ཁྲི་1.5། དབྱིན་ཡིག་དཔེ་དེབ་7330།  འཇར་པན་གྱི་དཔེ་དེབ་1326།མཐོང་ནུས་མེད་པའི་དཔེ་དེབ་3122། ལོ་ཆུང་བྱིས་པའི་དཔེ་དེབ་ཁྲི་2ལྷག་ཙམ། ཚགས་པར་དང་དུས་དེབ་ཁྲི་4.7། གློག་རྡུལ་དཔེ་དེབ་ཁྲི་14བཅས་ཡོད་པ་རེད། བོད་ལྗོངས་དཔེ་མཛོད་ཁང་ལ་ད་ཆ་ཡན་ལག་ཁང་16དང་སྐོར་སྐྱོད་ཞབས་ཞུའི་ས་ཚིགས་170ལྷག་ཡོད་ཅིང་། ཡན་ལག་ཁང་དེ་ལྷ་ས་གྲོང་ཁྱེར་ཕྱི་སྐད་སློབ་གླིང་དང་བོད་ལྗོངས་ཐང་ག་ལྷ་རིས་ཁང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ལྟ་ཞིབ་ཁང་དོ་དམ་ཉིང་ལག་རུ་ཁག རང་སྐྱོང་ལྗོངས་གླུ་གར་ཚོགས་པ། བསམ་ཡས་དགོན། རང་སྐྱོང་ལྗོངས་བཙོན་ཁང་སོགས་སུ་བཙུགས་ཡོད། སྐོར་སྐྱོད་ཞབས་ཞུའི་ས་ཚིགས་ནི་གཙོ་བོ་ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་དཔེ་ཚོང་ཁང་། ཁྲོམ་ལམ་སོགས་སུ་ཁྱབ་ཡོད་པ་རེད། 
     དུས་མཚུངས་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལོ་རེ་བཞིན་སྤྱི་པའི་དཔེ་མཛོད་ཁང་གི་འགྲོ་གྲོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅིང་། དཔེ་དེབ་ཉོ་བའི་འགྲོ་གྲོན་ཐད་ནས་བརྗོད་ན། ཐོག་མའི་སྒོར་ཁྲི་20ནས་ལོ་ལྟར་ཇེ་མང་དུ་བཏང་ཡོད་ཅིང་། མིག་སྔར་བོད་ལྗོངས་དཔེ་མཛོད་ཁང་གི་དཔེ་དེབ་ཉོ་བའི་འགྲོ་གྲོན་ལོ་རེར་སྒོར་ཁྲི་200ཟིན་ནས་སྤྱི་ཚོགས་སྤྱི་དམངས་ཀྱིས་དཔེ་དེབ་ལྟ་བའི་དགོས་མཁོར་འགན་ལེན་ནུས་ལྡན་ཐུབ་ཡོད། 
     སྤྱི་པའི་དཔེ་མཛོད་ཁང་གི་ཉར་ཚགས་བྱས་པའི་ཐོན་ཁུངས་སྦར་བས་འཐུས་སྒོ་ཚང་དུ་ཇེ་ཕྱིན་པ་དང་དེ་བཞིན་དཔེ་དེབ་ཁང་དང་དཔེ་དེབ་ལྟ་ས་ཇེ་མང་དུ་ཕྱིན་པ་དང་སྦྲགས་བོད་དུ་དཔེ་ཀློག་བྱ་རྒྱུ་དེ་ནི་མི་མང་པོ་ཞིག་གི་གོམས་གཤིས་སུ་གྱུར་ནས་མི་རྣམས་སོས་དལ་སྐབས་ཀྱི་གདམ་ག་ཞིག་ཏུ་གྱུར་ཡོད། དམངས་ཡོངས་ཀྱི་དཔེ་ཀློག་གོམས་གཤིས་རིམ་བཞིན་ཆགས་ནས་མི་དེ་བས་མང་པོས་སྤྱི་པའི་རིག་གནས་འཕེལ་རྒྱས་ལས་བྱུང་བའི་ཕན་བདེ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
     ཅེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-10-21 23:39 , Processed in 0.025530 second(s), 20 queries .

返回顶部