博客西藏在最高处过一种生活

日志

༄༅།།བྱང་ཆུབ་ཤིང་ལོར་བཞེངས་པའི་ཐང་ག ... ...

已有 62 次阅读2019-9-9 14:47 |系统分类:见闻


                                             ༄༅།།བྱང་ཆུབ་ཤིང་ལོར་བཞེངས་པའི་ཐང་ག
                                   ——“བྱང་ཆུབ་ཤིང་ལོའི་ཐང་ག”ནས་བོད་ཀྱི་རིག་གནས་ཐོན་ལས་ལ་བལྟ་བ།
                               ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། སྣང་རྡོར།

                                
 
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  བྱང་ཆུབ་ཤིང་ལོས་ཐང་ག་བཞེངས་པས་ལས་དབང་ལ་འགྱུར་ལྡོག་ཕྱིན་ཞིང་། རིག་གནས་ཀྱིས་དེར་ཚེ་སྲོག་གསར་པ་ཞིག་སྦྱིན་པ་སྟེ“བྱང་ཆུབ་ཤིང་ལོའི་ཐང་ག”བཞེངས་ནས་སྲོལ་རྒྱུན་གྱི་རིག་གནས་དང་དེང་རབས་ཀྱི་གསར་གཏོད་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཡོད། 
      གཞིས་རྩེའི་ཡུལ་སྐོར་དྲན་རྟེན་དངོས་རྫས་ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་ཇོ་མོ་གླང་མའི་སྙིང་རྗེ་མོ་ལགས་བུད་མེད་ལས་གཏོད་རྟེན་གཞིར་གསར་འགོད་པས་ལོ་མའི་སྟེང་ངོ་མཚར་ཆེ་བའི་ཐང་ག་བཞེངས་པའི“བྱང་ཆུབ་ཤིང་ལོའི་ཐང་གའི”རྣམ་པ་ངོ་མ་མཐོང་བྱུང་། 
      བྱང་ཆུབ་ཤིང་ནི་ཚ་ཁུལ་གྱི་རྩི་ཤིང་ཞིག་ཡིན་ལ། སངས་རྒྱས་སངས་རྒྱས་སའི་སྡོང་པོ་ཞིག་ཀྱང་རེད། ངག་རྒྱུན་ལྟར་ན་ནང་བསྟན་གསར་གཏོད་པ་སྟོན་པ་ཤཱཀྱ་མུ་ནེས་བྱང་ཆུབ་ཤིང་འོག་ཏུ་དཀྱིལ་དཀྲུང་དུ་བཞུགས་ནས་སྒོམ་སྒྲུབ་གནང་མྱོང་ཡོད། དེས་ན་བོད་རྒྱུད་ནང་བསྟན་ལ་ལོ་རྒྱུས་ཀྱི་འབྱུང་ཁུངས་ཟབ་མོ་ཞིག་ལྡན་ཡོད། ཐང་ག་ནི་བོད་ཀྱི་རིག་གནས་ཁྲོད་ཐུན་མིན་ཁྱད་ཆོས་ལྡན་པའི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་དེར་ཀྲུང་གོའི་མི་རིགས་རི་མོའི་སྒྱུ་རྩལ་གྱི་དངོས་རྫས་རྩ་ཆེན་གྱི་མཚན་སྙན་ཐོབ་པ་དང་། བོད་རིགས་ཀྱི“ཤེས་བྱ་ཀུན་བཏུས་ཆེ་མོ”ཞེས་བརྗོད་ཀྱི་ཡོད་ལ། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཁྲོད་ཀྱི་རྩ་ཤིན་ཏུ་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཀྱང་རེད། 
      གཞིས་རྩེ་གྲོང་ཁྱེར་གྱི་བོད་ཀྱི་ལྷ་ཁང་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་ཕུར་བུས། བོད་ཀྱི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་བཀོལ་སྤྱོད་ཐུབ་པའི་གཞི་རྒྱུ་སྣ་མང་ཕུན་སུམ་ཚོགས་པོ་ཡོད། རང་ལྗོངས་ཀྱི་རིག་གནས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་ཚོང་ཟོག་འདྲ་མིན་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོད། འོན་ཀྱང་དེའི་ཁྲོད་ནས་འབུར་དུ་ཐོན་པ་དང་འབྲེལ་མང་ཚོགས་ཚོས་དགའ་པོ་བྱེད་པ་ནི་ཧ་ཅང་དཀའ་ལས་ཁག་པོ་ཞིག་རེད། བྱང་ཆུབ་ཤིང་ལོའི་ཐོག་ཐང་ག་བཞེངས་རྒྱུ་དེ་ནི་ང་ཚོའི་བསམ་པར་གདམ་ག་ཡག་ཤོས་ཤིག་རེད་སྙམ་གྱི་འདུག་ཅེས་བཤད། 
      འོན་ཀྱང་འདབ་གཤོག་ལྟར་སྲབ་པའི་ལོ་མའི་སྟེང་ཐང་ག་བཞེངས་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན། ཐོག་མར“བྱང་ཆུབ་ཤིང་ལོའི་ཐང་ག”ཞིག་འཚོལ་བསྡུ་དང་ལས་སྣོན་བྱེད་པ་ནས་ཁྲོམ་རའི་ཐོག་བཏོན་པའི་བར་ལས་རིམ་མང་པོ་ཞིག་བརྒྱུད་དགོས་སྟབས་དུས་ཡུན་ཟླ་3ཙམ་འགོར་གྱི་ཡོད། 
      ཕུར་བུས་ངོ་སྤྲོད་བྱས་པར་གཞིགས་ན། གཅིག་ནས་ནེ་པ་ལ་ནས་བྱང་ཆུང་ཤིང་ལོ་འཚོལ་བསྡུ་བྱས་ཏེ་བོད་དུ་ནང་འདྲེན་བྱེད་པར་ཉིན་7ཙམ་འགོར་གྱི་ཡོད་པ་དང་། གཉིས་ནས་ཤིང་ལོ་ཆུ་གྲང་མོའི་ནང་ཡུན་རིང་སྦང་སྟེ་ལོ་མའི་ནང་ཉིང་མེད་པ་བཟོས་ནས“བྱང་ཆུབ་སེང་རས”བཟོ་བར་ཉིན་10ལྷག་ཙམ་འགོར་གྱི་ཡོད། གསུམ་ནས་ཤིང་ལོ་མནན་པ་དང་སྨན་ཆུའི་ནང་སྦང་སྟེ“བྱང་ཆུབ་སེང་རས”ལ་ཐུམ་སྐྱོ་སྦྱར་ནས་བཟོ་ལྟ་ཞིག་ཆགས་པར་བྱེད་པར་སླར་ཡང་ཉིན་10འགོར་གྱི་ཡོད། 
      བཞི་ནས་བཟོ་སྤུས་དག་པའི“བྱང་ཆུབ་སེང་རས”བདམས་ནས་འབྲི་བར་ཉུང་མཐར་ཡང་ཉིན་21འགོར་གྱི་ཡོད། ལྔ་ནས་ཕྱེད་ཙམ་གྲུབ་པའི“བྱང་ཆུབ་ཤིང་ལོའི་ཐང་ག”ཀོང་ཀྲོའུ་རུ་དབོར་ནས་མཛེས་རྒྱན་སྤྲས་པ་དང་ཐུམ་སྒྲིལ་བརྒྱབ་རྗེས་སླར་ཡང་བོད་དུ་འདྲེན་པར་ཟླ་བ་གཅིག་ཙམ་འགོར་གྱི་ཡོད། 
      ཕུར་བུས་བཟོ་རྩལ་གྱི་བརྒྱུད་རིམ་ཁྲོད་རི་མོ་འབྲི་བ་ནི་དཀའ་ལས་ཁག་ཤོས་རེད། ཐོག་མའི་དུས་སུ་རི་མོའི་ཚོས་གཞི་སྙོམས་པོ་མི་ཆགས་པ་དང་ལོ་མའི་རྩ་རིས་ཀྱི་མཐུད་ས་ཡག་པོ་ཡོང་གི་མེད། ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད་ང་ཚོར་གཞི་ནས་ཐབས་ལམ་ཤིག་རྙེད་དེ་ངོ་མཚར་ཆེ་བའི“བྱང་ཆུབ་ཤིང་ལོའི་ཐང་ག”ཞིག་བཞེངས་ཐུབ་བྱུང་ཞེས་བཤད། 
      བློ་རྩེ་གཅིག་སྒྲིམ་གྱིས“མཛེས་རྒྱན་སྤྲས་པ”བརྒྱུད་བྱང་ཆུབ་ཤིང་ལོ་ཆུང་ཆུང་དེར་བརྗིད་ཉམས་ཀྱིས་རྒྱན་ཞིང་། ད་ཆ་ཕུར་བུས“བྱང་ཆུབ་ཤིང་ལོའི་ཐང་གའི”རིག་གནས་ཀྱི་ཉིང་བཅུད་ལ་གཏོར་བཤིག་མི་ཕོག་པའི་སྔོན་འགྲོའི་ཆ་རྐྱེན་འོག་དེ་བས་ཚན་རིག་དང་མཐུན་པ་དང་ཕན་ནུས་ཆེ་བའི་བཟོ་རྩལ་བརྒྱུད་རིམ་ཞིག་འཚོལ་ཞིབ་ཐུབ་པས་ཐང་ག་བཞེངས་པའི་དུས་ཚོད་ཐུང་དུ་སོང་ལ“བྱང་ཆུབ་ཤིང་ལོའི་ཐང་གའི”ཁྲོམ་རའི་འགྲན་རྩོད་ནུས་པའང་ཆེ་རུ་ཕྱིན་ཡོད་ཅེས་བརྗོད། 
      ནེ་པ་ལ་ནས་བོད་བར་དང་། བོད་ནས་ཀོང་ཀྲོའུ་བར་སོགས་བྱང་ཆུབ་ཤིང་ལོ་ཆུང་ཆུང་དེ་མི་རིགས་ཀྱི་རིག་གནས་དང་དེང་རབས་བཟོ་རྩལ་ལ་གང་ལེགས་སྤྱོད་ཐུབ་པས། དེའི་རིན་གོང་འཕྲལ་དུ་འཕར་ནས་བོད“རྒྱུད་གཅིག་ལམ་གཅིག”དང་མཉམ་འདྲེས་ཐུབ་པའི་རིག་གནས་བརྡ་རྟགས་ཞིག་ལ་གྱུར་ཡོད། 
      ཕུར་བུར་རིག་གནས་ཐོན་ལས་ཀྱི་ཕན་པ་ཐོབ་ཅིང་། ཁེ་ལས་གཉེར་སྐྱོང་ཡག་པོ་བྱས་རྗེས་ཁོང་གིས་ཡུལ་མི་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་བསམ་བློ་ཞིག་འཁོར་ཏེ“ཀུང་སི+མཉམ་ལས་ཁང་+ལག་ཤེས་སྒྱུ་རྩལ་པ་+ཞིང་དུད”བཅས་ཀྱི་རྣམ་པར་བརྟེན་ནས་དམངས་ཁྲོད་དུ་ལུས་པའི་ལག་ཤེས་སྒྱུ་རྩལ་བ་གཅིག་སྡུད་སྒྲིག་འཛུགས་བྱས་ཏེ་གསོ་སྦྱོང་བྱས་ནས་ཞིང་ཞོར་དུས་ཚིགས་ལ་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་88ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་མ་ཟད། ཞིང་འབྲོག་པའི་ལག་ཤེས་སྒྱུ་རྩལ་བ་ཁག་གཅིག་གི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་ཀྱང་བྱས་ཡོད།
      ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་བོད་ཀྱིས་རིག་གནས་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་ལ་གཞིས་བཙུགས་ཏེ་སྲོལ་རྒྱུན་རིག་གནས་ཁྲོད་གསར་གཏོད་ཀྱིས་ཕྱུག་པའི་དར་བཟོའི་གཞི་རྒྱུ་མཉམ་འདྲེས་ཀྱིས་རིག་གནས་ཐོན་ལས་ལ་ཡག་ཐོག་ཡག་བརྩེགས་ཀྱི་རྣམ་པ་ཞིག་མངོན་ཡོད། 2018ལོའི་ལོ་མཇུག་བར་དུ་ལྗོངས་ཡོངས་སུ་རིགས་མི་འདྲ་བའི་རིག་གནས་ཁེ་ལས་6000ལྷག་ཙམ་དང་ལས་ཞུགས་མི་སྣ་ཁྲི་5ལྷག་ཙམ་ཡོད་པ་མ་ཟད། རིག་གནས་ཐོན་ལས་དཔེ་སྟོན་གླིང(རྟེན་གཞི)234ཡོད་པ་རེད། ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་2013ལོའི་སྒོར་དུང་ཕྱུར་24.24ནས་2018ལོའི་སྒོར་དུང་ཕྱུར་46བར་འཕར་ནས་ལོ་5བསྟུད་མར་ཆ་སྙོམས་འཕར་ཚད་15%ཡན་རྒྱུན་འཁྱོངས་ཐུབ་ཡོད་ལ། རིག་གནས་ཐོན་ལས་ཀྱིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།
       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-9-21 23:00 , Processed in 0.025825 second(s), 21 queries .

返回顶部