博客西藏在最高处过一种生活

日志

༄༅།།ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་སྣམ་བུའི་ ...

已有 70 次阅读2019-9-9 14:36 |系统分类:见闻


                          ༄༅།།ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་སྣམ་བུའི་རིག་གནས་དུས་ཆེན་ཚེས་6ཉིན་འགོ་ཚུགས་པ་རེད།
                                   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

                                     
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་4ཉིན། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དྲིལ་བསྒྲགས་པུའུ་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། 2019ལོའི་བོད་ལྗོངས་ཀྱི་“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”དང་གྲ་ནང་སྣམ་བུའི་རིག་གནས་དུས་ཆེན་ཟླ་9པའི་ཚེས་6ཉིན་འཚོག་རྒྱུ་རེད།
      འཁྲབ་སྟོན་ནི་“ལོ་ལེགས་བྱུང་བའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་མེས་རྒྱལ་ཡག་པོ་ཡོང་བར་སྨོན་འདུན་ཞུ་བ”གཙོར་བྱས་ཏེ། རང་ལྗོངས་ཀྱི་ས་གནས་ཁག་གི་ཞིང་འབྲོག་མང་ཚོགས་ཀྱིས་ཏང་གི་དྲིན་གཟོའི་སེམས་པ་དང་མེས་རྒྱལ་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་གདུང་མཚོན་པར་བྱས་ཤིང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ཚུན་དང་ལྷག་པར་དུ་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་རིང་ལ་བྱུང་བའི་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་མཚོན་པར་བྱས་པ་བརྒྱུད་ནས། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་ལ་བརྩེ་དུང་ཟབ་མོའི་སྨོན་འདུན་ཞུ་བ་མཚོན་པ་རེད།
     ཉིན་དེར་ཞིང་ཕྱུགས་ཐོན་རྫས་དང་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཚོང་འདུས་ཡུལ་དངོས་ལ་ལྟ་སྦྱོང་བྱེད་པ་དང་། རྫོང་(ཁུལ་)ཁག་གི་ཞིང་ཕྱུགས་ཐོན་རྫས་དང་། ཡུལ་ཐོན་ཁྱད་རྫས། མི་རིགས་ཀྱི་ལག་ཤེས་བཟོ་ལས་ཐོན་རྫས་བཅས་ལ་ལྟ་སྐོར་བྱེད་པ། ལྷོ་ཁ་གྲོང་ཁྱེར་གྱི་2019ལོའི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་“ངས་དགའ་ཤོས་བྱེད་པའི་ནས་རིགས་”དཔྱད་འདེམས་བྱེད་སྒོ་སྤེལ་བ། སྟོན་བསྡུའི་གཡུལ་ཁའི་ཡུལ་དངོས་སུ་ལྟ་སྦྱོང་བྱེད་པ། ལྷོ་ཁ་གྲོང་ཁྱེར་གྱི་སྐབས་དང་པོའི་“མཛེས་སྡུག་ལྡན་པའི་ཡར་ཀླུང་ནོར”དཔྱད་འདེམས་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།
      གཞན་ཡང་ཐག་འཐེན་འགྲན་སྡུར་དང་རྭ་ཅོའི་འགྲན་སྡུར། རྡོ་འགྱོགས་འགྲན་སྡུར། གཏའ་འཕར་འགྲན་སྡུར་སོགས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱི་འགོ་ཚུགས་མཛད་སྒོའང་འཚོག་རྒྱུ་རེད།
      དེ་དང་ཆབས་གཅིག་ད་ཐེངས་ཀྱི་རིག་གནས་དུས་ཆེན་སྐབས་དངོས་ཟོག་བརྗེ་རེས་ཀྱི་ཚོགས་འདུ་འཚོག་རྒྱུ་ཡིན་ལ། དེའི་དམིགས་ཡུལ་ནི་2019ལོའི་བོད་ལྗོངས་ཀྱི་“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་”དང་གྲ་ནང་སྣམ་བུའི་རིག་གནས་དུས་ཆེན་གྱི་ལྷ་མོའི་འཁྲབ་སྟོན་དང་དེ་བཞིན་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན། མི་རིགས་ཀྱི་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཞིང་འབྲོག་ལས་རིགས་ཐོན་རྫས་གང་ལེགས་སྤྱད་དེ་གྲ་ནང་རྫོང་གི་ཁྱད་ལྡན་ཐོན་ཁུངས་དང་ཁྱད་ལྡན་ཐོན་ལས་ཐོན་སྐྱེད་བྱ་རྒྱུ་རེད།
      གྲ་ནང་རྫོང་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། 2019ལོའི་བོད་ལྗོངས་ཀྱི་“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་”དང་གྲ་ནང་སྣམ་བུའི་རིག་གནས་དུས་ཆེན་ལེགས་པོ་གཉེར་བ་དེས་གྲོང་གསེབ་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་གང་ལེགས་མངོན་པ་དང་། གྲ་ནང་རྫོང་གི་ཞིང་འབྲོག་པའི་རླབས་ཆེའི་གསར་གཏོད་མངོན་པ། གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མདུན་ལམ་མངོན་པ། ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་ལ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་མངོན་ཐུབ་པ་ཞིག་རེད་ཅེས་གསུངས།
      “ཞིང་འབྲོག་མང་ཚོགས་ལ་ལོ་ལེགས་ཆེན་པོ་བྱུང་བའི་རྣམ་པར་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་། ཞིང་འབྲོག་པའི་ཐོབ་སྣང་དང་བདེ་སྐྱིད་ཚོར་བ་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་རེད། ཞིང་འབྲོག་ལས་རིགས་དེ་མདུན་ལམ་ཡོད་པའི་ཐོན་ལས་སུ་གྱུར་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡིད་དབང་འགུག་ནུས་ལྡན་པའི་ལས་རིགས་སུ་འགྱུར་བ། གྲོང་གསེབ་དེ་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་འགྱུར་བ་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཆེད་གཏོགས་དུས་ཆེན་རིང་ཞིང་འབྲོག་མང་ཚོགས་ཀྱི་སྤྲོ་སྣང་མངོན་འགྱུར་ཐུབ་པ་བྱེད་དགོས”ཞེས་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་གསུངས།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-9-21 23:02 , Processed in 0.025047 second(s), 21 queries .

返回顶部