博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་རྣམས་ཀ ...

已有 88 次阅读2019-9-9 08:28 |系统分类:见闻


             ༄༅།།མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་རྣམས་ཀྱིས་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྗེས་དྲན་ཞུ་བའི་                                          ཉིན་མོ་ཐོན་ལ་ཉེ་བའི་སྐབས་འདིར་སྔོན་ཐོན་དཔེ་ལེགས་ཅན་རེ་འགར་དངོས་བཅར་འཚམས་འདྲི་བྱས།
                             ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། མི་གསལ།རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

                                  

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མུར་ཉིན་འགའི་རིང་ལ། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྗེས་དྲན་ཞུ་བའི་ཉིན་མོ་ཐོན་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་དང་། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡོན། ཝུའུ་ཧེ་ཁོན། ལིག་ཐུང་ཏི་བཅས་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་ཝང་ལིས་མེན། དབྱང་ཧྥིན་ཁྲོན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་ཝང་ཞོན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མེན་ཀོ་བཅས་ཀྱིས་སོ་སོར་མཚོ་སྔོན་གྱི་སྔོན་ཐོན་དཔེ་ལེགས་ཅན་ཡན་ཕིན་དང་ལིག་ཡུང་ཀང་། དབྱང་ཞའོ་ཧྭ་སོགས་ལ་དངོས་བཅར་འཚམས་འདྲི་བྱས།

      སྔོན་ཐོན་དཔེ་ལེགས་ཅན་གྱི་འཐུས་མི་རྣམས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་དགའ་སྤྲོ་ཚད་མེད་སྐྱེས་ཀྱིན་ཡོད་པར་མ་ཟད། མུ་མཐུད་དུ་སྣེ་ཁྲིད་ཀྱི་བྱེད་ནུས་བཏོན་ནས། ལྔ་བཞི་འཐབ་ཇུས་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་བྱེད་རྒྱུ་ཡིན་ཟེར། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-9-21 23:06 , Processed in 0.030928 second(s), 21 queries .

返回顶部