博客西藏在最高处过一种生活

日志

༄༅།།མཚོ་བྱང་ཁུལ་གྱི་ཞིང་བའི་ལོ་ལེགས་དུས་ ...

热度 1已有 47 次阅读2019-9-7 16:03 |系统分类:见闻


                  ༄༅།།མཚོ་བྱང་ཁུལ་གྱི་ཞིང་བའི་ལོ་ལེགས་དུས་ཆེན་དང་འཇུ་ལག་རྫོང་གི་ནོར་དཀར་རིག་གནས་གནས་སྐོར་དུས་ཆེན་ཚོགས།
                                      རྩོམ་པ་པོ། མི་གསལ།
རྩོམ་ཁུངས། ཨ་མདོའི་འཕྲིན་སྟེགས།

                       
     ཟླ་བརྒྱད་པའི་འཇུ་ལག་ལ་འབྲུ་རིགས་སྣ་ལྔའི་ལོ་ལེགས་རྣམ་པར་བཀྲ་ལ། ཉེ་ལམ“ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་། རིག་གནས་དར་སྤེལ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བ”བཅས་བརྗོད་དོན་བྱས་པའི་མཚོ་བྱང་ཁུལ་གྱི་ཞིང་བའི་ལོ་ལེགས་དུས་ཆེན་སྐབས་དང་བོ་དང་འཇུ་ལག་རྫོང་གི་ནོར་དཀར་རིག་གནས་གནས་སྐོར་དུས་ཆེན་སྐབས་གཉིས་པ་མཛེས་ཤིང་ལྟ་ན་སྡུག་པའི་མདོ་ལ་རི་བོའི་སྐྱེ་ཁམས་ཕྱུགས་རར་གཟབ་རྒྱས་ངང་འཚོགས། 

                       
     ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཨ་དགེ་འདུན་དང་། ཁུལ་དཔོན་གཞོན་པའམ་ཁུལ་རིག་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ལིག་པོ་ཁྲོན། འཇུ་ལག་རྫོང་གི་འབྲེལ་ཡོད་ཏང་སྲིད་མགོ་ཁྲིད་དང་། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། མཐའ་འཁོར་སྤུན་ཟླའི་རྫོང་གི་ཞིང་ཕྱུགས་སོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ། རྫོང་ཕྱི་ནང་གི་ཞིང་ཕྱུགས་ཁེ་ལས་ཀྱི་འཐུས་མི་བཅས་མགོ་རྩོམ་མཛད་སྒོར་ཞུགས་ཤིང་། ལིག་པོ་ཁྲོན་གྱིས་ཤིས་ཚིག་ཕུལ།  
 
                       
     འཇུ་ལག་རྫོང་ཨུ་དང་རྫོང་སྲིད་གཞུང་། མཚོ་བྱང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་བྱང་ཁུལ་གྱི་ཞིང་བའི་ལོ་ལེགས་དུས་ཆེན་སྐབས་དང་བོ་དང་འཇུ་ལག་རྫོང་ནོར་དཀར་རིག་གནས་གནས་སྐོར་དུས་ཆེན་སྐབས་གཉིས་པ་དེས། དོན་དངོས་ལ་གཞིགས་ཤིང་ཡུལ་བབ་དང་བསྟུན་ནས་ས་གནས་དེ་གའི་དམངས་སྲོལ་རིག་གནས་དང་ཟུང་འབྲེལ། ཞིང་དུས་ཞིང་ལས། ཞིང་བ་མང་ཚོགས་བཅས་ཀྱི་སྤྲོ་སེམས་དང་དགའ་བ་ཡོད་ཚད་རྩ་འཛུགས་བྱས་ཏེ། མཚོན་བྱེད་རང་བཞིན་ཆེ་བ་དང་ཁྱད་ཆོས་མངོན་གསལ་དོད་པ། སྣ་མང་ཕུན་སུམ་ཚོགས་པའི་སྤུས་ལེགས་ཕྱུགས་རྒྱུད་དང་ཞིང་ཕྱུགས་ཐོན་རྫས།  དམངས་ཁྲོད་ཀྱི་ལག་ཤེས་ཐོན་རྫས་སོགས་འགྲེམས་སྟོན་དང་གླུ་གར་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས་དུས་སྐབས་གསར་བའི་ཞིང་བའི་མཐུན་སྒྲིལ་ཞི་མཐུན་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་གང་ལེགས་སྒོས་མངོན་པར་བྱས་ཏེ། ཞིང་རྨོ་རིག་གནས་དང་ཡུལ་སྲོལ་གོམས་གཤིས་དར་སྤེལ་ཤུགས་ཆེན་བཏང་ནས་ཞིང་བ་རྣམས་དུས་ཆེན་གྱི་བདག་པོ་དངོས་མ་ཞིག་བྱེད་དུ་བཅུག 

                       
     དུས་མཚུངས་སུ། རིན་ཐང་དང་ཡིད་དབང། གསོན་ཤུགས་དེ་བས་ཆེ་བ་བཅས་ཀྱི་ཞིང་ཕྱུགས་ལས་ཀྱི་ཐོན་ལས་མ་ལག་གཏོད་རྒྱུ་དམིགས་ཚད་དུ་བྱས་ནས་ས་མཐོའི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། མཚོ་བྱང་རྫོང་བཞིའི་སྤུས་ལེགས་ཕྱུགས་རྒྱུད་དང་ཞིང་ཕྱུགས་ཐོན་རྫས་ཀྱི་ཆས་རྟགས་མུ་མཐུད་གཏོད་པ། “རིག་གནས+གནས་སྐོར+ཕྱུགས་ལས”ཀྱི་ཞིང་ཕྱུགས་ལས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཞིང་ཆེན་ཕྱི་ནང་དུ་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་།
     ལིག་པོ་ཁྲོན་གྱིས་ཤིས་ཚིག་ལས་བསྟན་དོན། ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཞིང་ཆེན་ཏང་ཨུའི“དམིགས་བསལ་གཅིག་དང་མཐོ་བ་གཉིས”དང་ཁུལ་ཨུས“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་པ་དང་ཞིང་ཕྱུགས་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། རོང་འབྲོག་པའི་ཐོན་འཕར་འབབ་འཕར་དམིགས་ཚད་དུ་བྱས་ནས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་ལ་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་རྒྱུན་མཐུད་ངང་སྐྱེད་སྲིང་བྱས་ཏེ་ཁྱད་ལྡན་ཆས་རྟགས་གཏོད་པ། རོང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་མཚོ་བྱང་གི་དོན་དངོས་དང་འཚམ་པའི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་པས་ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་པར་བསྟན།    
     རྒྱུས་ལོན་པ་ལྟར་ན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་བའི་ལོ་ལེགས་དུས་ཆེན་སྐབས་དང་བོ་དང་འཇུ་ལག་རྫོང་གི་ནོར་དཀར་རིག་གནས་གནས་སྐོར་དུས་ཆེན་སྐབས་གཉིས་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བ་དང་། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ70འཁོར་བ། ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་སོགས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་ནང་དོན་ཕུན་སུམ་ཚོགས་པོ་དང་། རིག་གནས་ཀྱི་ནང་དོན་ཟབ་པ། ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་དུས་ཆེན་གཟབ་རྒྱས་ངང་སྤེལ་ལ། བྱེད་སྒོའི་རིགས་སྣ་མང་ཞིང་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་རིགས་ཀྱི་ལས་སྣོན་ཁེ་ལས40དང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་སོགས་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་ནང་ཞུགས་པ་དང་། སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་དེ་ཞིང་ལས་ཐོན་རྫས་དང་སྤུས་ལེགས་ཕྱུགས་ལས་ཐོན་རྫས། དམངས་ཁྲོད་ལག་ཤེས་བཟོ་རྩལ་ཐོན་རྫས། ཁྱད་ལྡན་གསོ་སྤེལ་གསར་སྤེལ་ཐོན་རྫས་བཅས་རིགས་བཞིར་ལ་ཕྱེས་ཡོད། འཇུ་ལག་རྫོང་གིས་མཚོ་བྱང་བྱང་ཁུལ་གྱི་བཞོན་མའི་ར་བ་དང་ཞང་གྲོང12རྩ་འཛུགས་བྱས་ནས་སྤུས་ལེགས་ཕྱུགས་རྒྱུད་འགྲེམས་སྟོན་ནང་ཞུགས་པ་དང་། སོ་སོར་ནོར་ལུག་གི་འགྲེམས་ཁུལ་བཙུགས་ནས་སྤུས་ལེགས་ཕྱུགས་རྒྱུད་རིགས5དང་མགོ་གྲངས636 ཕྱུགས་ཟོག་གི་བྱེ་བྲག་བྱ་དགའ་བཞི་དང་ཚོགས་སྤྱིའི་བྱ་དགའ་བདུན་བཅས་བཙུགས་ཡོད་པ་རེད།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་མཚོ་སྔོན་པོ་དྲ་བ་ལས་བཏུས་སོ།

发表评论 评论 (1 个评论)

回复 pari 2019-9-10 06:10
དེང་སྐབས་དུག་རྒྱུ་ཡོད་པའི་རྫས་འགྱུར་ཚོས་གཞི་ཅན་གྱི་རྡོ་བརྐོས་དང་། རླུང་རྟ། རས་འཛར་བླ་དར་སོགས་ཀྱིས་བོད་ཀྱི་ས་ཆུ་མཚོ་རི་ལ་འབག་བཙོག་དང་གཏོར་བཤིག་ཧ་ཅང་ཆེན་པོ་བཏང་དང་གཏོང་བཞིན་ཡོད་ལ། རྫས་འགྱུར་འཕོ་འགྱུར་དང་བསྟུན་ནས་མིའི་རིགས་ལ་འབྲས་སྐྲན་ནད་རིགས་སློང་ཉེན་ཆེན་པོ་ཡོད། དེར་བརྟེན་དེ་དག་ནི་བོད་མི་ཚོས་རང་ཉིད་རང་གིས་གཙང་གསོད་བྱེད་པའི་བྱ་སྤྱོད་འབའ་ཞིག་རེད།
清除腐蚀毒害图伯特高原的化学物质彩雕彩色经幡
关于化学物质彩色石刻,彩雕,彩色经幡对图伯特山川江河的污染,破坏。现在不像千万年前,分布图伯特地区的石雕,石刻,有无色和彩色的。那时侯使用的是自然颜料,没有化学成分,没有毒素。现在就非常不同了,化学成分渗透和参合到几乎一切东西。当今遍布图伯特地区的彩色石雕,石刻的状况非常可怕。在湖里,在河边,在草原,在高山,无处不有,无处不在。肆意破坏图伯特高原,摧残践踏图伯特自然环境,同时在施行自我残杀,自我毁灭。下雨,下雪,刮风,石雕和石刻,经幡上的化学有毒颜料就会褪色,脱落,随着雨水,雪水,风,渗入土地,河流,湖泊。放在湖里和河边的彩雕,常年污染水资源。放在草原上,湖河边的彩雕,石刻,经幡,就会严重污染草地,草山。牛羊马要吃草,非常危险,直接危及人类健康。

再,大量采集石头,会严重破坏,损坏山体整体结构。
除了保留千万年前的雕刻,石雕外,其它应该一律撤除,清理干净。千万年前的石雕,石刻,保留原样,不要加色加工,如果是自然消失,就让它们消失吧。
图伯特的人,雪山,高山,草山,草原,蓝天,湖泊,河流,就是最美丽彩雕石刻经幡。应该爱惜,崇拜她们才对。
保护图伯特高原,就是保护亚洲。
保护图伯特高原,就是保护世界。
保护图伯特高原,就是保护图伯特和图伯特人民自己。

图伯特宗教人士和知识界,商界人士,应该为保护图伯特高原和图伯特人民,起个好的带头作用。

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-9-21 23:02 , Processed in 0.026591 second(s), 22 queries .

返回顶部