博客西藏在最高处过一种生活

日志

༄༅༎རྒྱལ་ཁབ་གསར་འཛུགས་ཆེད་མཛད་རྗེས་ཆེན་པོ ...

已有 56 次阅读2019-9-1 09:32 |系统分类:见闻


        ༄༅༎རྒྱལ་ཁབ་གསར་འཛུགས་ཆེད་མཛད་རྗེས་ཆེན་པོ་འཇོག་མཁན་སྤྱི་ཁྱབ་སི་ལིན་ཀྲུའུ་ཏེའི་འགྲེམས་སྟོན་ཆེ་མོ་ཤང་ཀང་དུ་སྤེལ་འགོ་ཚུགས་པ།

                          ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།

                 

                                      
     མི་དམངས་དྲ་བའི་འཕྲིན། ཚེས་28ཉིན། ཤང་ཀང་གི་ཀྲུང་དབྱང་དཔེ་མཛོད་ཁང་དུ་“རྒྱལ་ཁབ་གསར་འཛུགས་ཆེད་མཛད་རྗེས་ཆེན་པོ་འཇོག་མཁན་སྤྱི་ཁྱབ་སི་ལིན་ཀྲུའུ་ཏེའི་(ཤང་ཀང་)འགྲེམས་སྟོན་ཆེ་མོ་”འགོ་བཙུགས་པ་རེད། ལོ་རྒྱུས་ཀྱི་པར་རིས་རྩ་ཆེན་400ལྷག་ཙམ་འགྲེམས་སྟོན་བྱས་པ་དེས་ཀྲུའུ་ཏེའི་བྱས་རྗེས་གཟེངས་སུ་ཐོན་པ་དང་ལེགས་སྐྱེས་ཆེན་པོ་ཕྱོགས་ཡོངས་དང་གསོན་ཉམས་དོད་པའི་ངང་མངོན་པར་བྱས་ཡོད།
     ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་ཡིས་ཤིས་ཚིག་སྒྲོན་སྐབས་ད་ཐེངས་ཀྱི་འགྲེམས་སྟོན་གྱིས་ཤང་ཀང་གི་གྲོང་མིས་ལོ་རྒྱུས་ཐོག་གི་རླབས་ཆེན་མི་སྣ་དང་རྒྱལ་ཁབ་ཀྱིས་བསྐྱོད་མྱོང་བའི་ལམ་བུ་ཤེས་རྟོགས་ཡོང་བ་བྱས་ནས་རྒྱལ་ཁབ་ལ་གཏོགས་སེམས་དང་མོས་སེམས་ཆེ་རུ་འགྲོ་ཐུབ་ཅེས་བཤད་པ་རེད། ཁོང་གིས་མིག་སྔའི་གཏུམ་སྤྱོད་ཆེ་རུ་འགྲོ་བ་དང་དྲག་སྐྱོད་པའི་གཞི་ཁྱོན་ཆེ་བའི་གཏོར་བཤིག་བྱ་སྤྱོད་མདུན་དུ་ང་ཚོས་ངེས་པར་དུ་ཡིད་ཆེས་བརྟན་པོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”སྲུང་སྐྱོང་མཁན་གྱི་འགན་འཁུར་ནས། ཁྲིམས་སྐྱོང་ལ་སྲུང་སྐྱོང་དང་གཏུམ་སྤྱོད་བཀག་འགོག་བྱས་ཏེ་ཤང་ཀང་གི་སྤྱི་ཚོགས་ལྷིང་འཇགས་སླར་གསོ་ཡོང་བ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
     ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལུའུ་ཤིན་ཉིང་གིས་ཤིས་ཚིག་སྒྲོན་སྐབས། མིག་སྔའི་ཤང་ཀང་གི་དུས་བབ་མེས་རྒྱལ་གྱི་པང་དུ་ལོག་ཚུན་གྱི་ཛ་དྲག་ཆེ་ཤོས་ཀྱི་རྣམ་པར་གནས་ཡོད་པས་ང་ཚོས་སྔོན་བྱོན་པའི་ས་ནས་སྟོབས་ཤུགས་བསྡུ་ལེན་བྱེད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ང་ཚོ་རང་དབང་ལ་དགའ་ཞེན་ཡོད་མོད་།  ཡིན་ཡང་བརྙས་བཅོས་དང་གཏོར་བཤིག་གཏོང་བའི་“རང་དབང་”དེ་མིན་། ང་ཚོས་ཁྲིམས་སྐྱོང་ལ་གཅེས་སྤྲས་བྱེད་མོད།  ཡིན་ཡང་དྲག་ཤུགས་ལ་བཟོད་སྒོམ་བྱེད་པའི་"ཁྱིམ་སྐྱོང”དེ་མིན། ཁོང་གིས་དཀའ་ཚེགས་ཆེ་བའི་དུས་བབ་ཀྱི་མདུན་དུ་ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུའུ་ཏེའི་ཚ་བོ་ཀྲུའུ་ཧོ་ཕིང་དང་། ཤང་ཀང་ཙི་ཅིང་དུས་དེབ་ཁང་གི་ཧྲེ་ཀྲང་དབྱང་ཡུང་གིས་སྔ་རྗེས་སུ་ཤིས་ཚིག་སྒྲོན་པ་རེད། འགྲེམས་སྟོན་དེ་ཤང་ཀང་ཙེ་ཅིང་དུས་དེབ་ཁང་གིས་སི་ཁྲོན་དབྱི་ལུང་ཀྲུའུ་ཏེའི་བཞུགས་གནས་རྙིང་པ་དོ་དམ་ཅུས་སོགས་ཚན་པ་དང་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་བོད་ལྗོངས་སློབ་ཆེན་སློབ་གསོའི་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-10-21 23:34 , Processed in 0.024999 second(s), 20 queries .

返回顶部