博客西藏在最高处过一种生活

日志

༄༅།།ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བ ...

已有 46 次阅读2019-8-29 10:13 |系统分类:见闻


                      ༄༅།།ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི“ང་དང་ངའི་
                              མེས་རྒྱལ”ཞེས་པའི་བརྗོད་དོན་གཙོ་བོའི་སྤྱི་ཕན་གློག་བརྙན་སྟོན་འགོ་ཚུགས་པ།
                         ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། ཀླུ་མོ་མཚོ།

                                                            

       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི“ང་དང་ངའི་མེས་རྒྱལ”ཞེས་པའི་བརྗོད་དོན་གཙོ་བོའི་སྤྱི་ཕན་གློག་བརྙན་སྟོན་པ་དང་རང་རྒྱལ་ནས་ཐོན་པའི་ཕུལ་བྱུང་གློག་བརྙན་གྱི་བརྡ་ཆ་འགྲེམས་སྟོན་ཆིང་ཏའོ་ཤིས་ཧའེ་ཨན་ཁུལ་གསར་དུ་བྱེད་འགོ་ཚུགས་པ་རེད། གློག་བརྙན་གྱི་བརྗོད་དོན་གཙོ་བོ་སྟོན་པ་དང་འགྲེམས་སྟོན་གྱི་བྱེད་སྒོ་འདི་ཟླའི་ཚེས་29བར་རྒྱུན་མཐུད་རྒྱུ་རེད། དེའི་རིང་ཕུལ་བྱུང་གློག་བརྙན་12སྟོན་རྒྱུ་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་བརྡ་ཆ་100ལྷག་ཙམ་འགྲེམས་སྟོན་བྱ་རྒྱུ་རེད། བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ་སྤྱི་ཚོགས་ཡོངས་སུ་ཀྲུང་གོ་གསར་པར་གུས་པས་བསྟོད་པ་དང་དུས་རབས་གསར་པར་འབད་འཐབ་བྱེད་པའི་དཔའ་ངར་ཆེ་སྐྱེད་ཀྱི་ཉམས་འགྱུར་མངོན་པར་བྱ་རྒྱུ་དེ་ཡིན།

      ངོ་སྤྲོད་བྱས་པར་གཞིགས་ན། གཅིག་སྡུད་ཐོག་སྟོན་པའི་སྤྱི་ཕན་གློག་བརྙན་12དེ་དག་སྣ་མང་ཕུན་སུམ་ཚོགས་པའི་གློག་བརྙན་གྱི་པར་ཆས་སྐད་ཡིག་དང་གསོན་ཉམས་དོད་པའི་མི་སྣའི་གཟུགས་བརྙན་བརྒྱུད། མང་ཚོགས་ཀྱིས་ཀྲུང་གོའི་གློག་བརྙན་དུས་རབས་ཀྱི་བརྡ་རྟགས་ལ་གོ་བ་དང་ཤེས་རྟོགས་ཟབ་ཏུ་གཏོང་བ་དང་། མི་རྣམས་ཀྱིས་དངོས་ཡོད་བརྗོད་དོན་དང་གསར་བརྗེའི་ལོ་རྒྱུས་བརྗོད་དོན་གྱི་གློག་བརྙན་ལ་དགའ་པོ་དང་མོས་སེམས་བྱེད་ཤུགས་ཆེ་རུ་གཏོང་བ། མེས་རྒྱལ་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་མངོན་པ་བཅས་བྱ་རྒྱུ་རེད། དེས་ན། ཀྲུང་དབྱང་དྲིལ་བསྒྲགས་པུའི་གློག་བརྙན་གྲངས་གཞིའི་ལེ་ཚན་དོ་དམ་ལྟེ་གནས་ཀྱིས་ལོ་70ལྷག་ཙམ་གྱི་རླབས་ཆེའི་འཕོ་འགྱུར་བཀོད་པ་དང་ཀྲུང་གོའི་གཏམ་རྒྱུད་བརྗོད་པའི་བརྩམས་ཆོས་རྩེ་གྲ་འདི་དག་བདམས་པ་རེད། བྱེད་སྒོ་སྤེལ་རིང་ཤིས་ཧའེ་ཨན་ཁུལ་གསར་གྱི་ས་གནས་དེ་གའི་ཡུལ་མི་སྤུན་ཟླ་ཚོར་སྔ་རྗེས་སུ་སྟོན་རྒྱུ་རེད།

       “ང་དང་ངའི་མེས་རྒྱལ”ཞེས་པ་དང་བསྟུན་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་སྤྱི་ཕན་གློག་བརྙན་སྟོན་པ་དང་། རྒྱལ་ནང་ནས་ཐོན་པའི་ཕུལ་བྱུང་གློག་བརྙན་གྱི་བརྡ་ཆ་འགྲེམས་སྟོན་བྱེད་རྒྱུ་རེད། “ང་དང་ངའི་མེས་རྒྱལ”ཞེས་པའི་གློག་བརྙན་དང་བརྙན་འཕྲིན་གྱི་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོའང་དུས་མཚུངས་སུ་སྤེལ་ནས་གྲོང་མི་ཚོར་ཕྱོགས་པའི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་སྤྱི་ཕན་གློག་བརྙན་ཁང་པའི་ཕྱི་རོལ་དུ་སྟོན་རྒྱུ་དང་། ཕུལ་བྱུང་གློག་བརྙན་གྱི་བརྡ་ཆ་འགྲེམས་སྟོན། གློག་བརྙན་དང་བརྙན་འཕྲིན་གྱི་རོལ་དབྱངས་འདུ་ཚོགས། མང་ཚོགས་འཁྲབ་སྟོན་པའི་ཀུང་ཧྲེའི་སྤྱིའི་སྐུལ་སློང་། ཆིང་ཏའོ་ཡི་གློག་བརྙན་བརྙན་འཕྲིན་གྱི་འགྲུལ་བཞུད་ལམ་ཚད་སོགས་ཁག་ཆེ་གྲས་ལྔའི་གློག་བརྙན་དང་བརྙན་འཕྲིན་གྱི་རིག་གནས་འགྲེམས་སྤེལ་བྱེད་སྒོ་10ལྷག་ཙམ་སྤེལ་རྒྱུ་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་མང་ཚོགས་དེའི་ནང་ཞུགས་པའི་ཕན་སྐུལ་ལས་སྟེགས་གཏོད་རྒྱུ་རེད།

       ད་རེས་ཀྱི་བྱེད་སྒོ་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའི་གློག་བརྙན་གྲངས་གཞིའི་ལེ་ཚན་དོ་དམ་ལྟེ་གནས་དང་། ཀྲུང་གུང་ཧྲན་ཏུང་ཞིང་ཨུད་དྲིལ་བསྒྲགས་པུའུ། ཧྲན་ཏུང་ཞིང་ཆེན་གློག་བརྙན་ཅུས་བཅས་ཀྱིས་མཛུབ་ཁྲིད་བྱས་པ་དང་2019ལོའི་ཆིང་ཏའོ་རྒྱལ་སྤྱིའི་གློག་བརྙན་དང་བརྙན་འཕྲིན་དངོས་མང་སྟོན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་ཞིག་རེད། །

       ཅེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-10-24 08:20 , Processed in 0.026275 second(s), 20 queries .

返回顶部