博客西藏在最高处过一种生活

日志

༄༅།།ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུ ...

已有 72 次阅读2019-8-9 07:06 |系统分类:见闻


  ༄༅།།ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་13པས་བོད་རང་སྐྱོང་ལྗོངས་ལ་ལྟ་སྐུལ་མཛུབ་ཁྲིད་ཀྱི་གནས་ཚུལ་ཚུར་ལན་བྱས་པ།
                               ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། རྡོ་རྗེ།

                        
     རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་། ཚེས་6ཉིན་གྱི་སྔ་དྲོ། ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་13པས་བོད་རང་སྐྱོང་ལྗོངས་ལ་ལྟ་སྐུལ་མཛུབ་ཁྲིད་ཀྱི་གནས་ཚུལ་ཚུར་ལན་བྱེད་པའི་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་13པའི་ཙུའུ་ཀྲང་ཀྲུའུ་ཝུའེ་ཆུན་གྱིས་རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་ལྟ་སྐུལ་མཛུབ་ཁྲིད་ཀྱི་གནས་ཚུལ་བརྡ་ཁྱབ་ཀྱང་བཏང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྟ་སྐུལ་མཛུབ་ཁྲིད་ཀྱི་དག་ཐེར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་རྣམ་འགྱུར་མཚོན་པའི་གསུང་བཤད་གནང་བ་དང་། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཀྲང་ཀྲི་ཅེ་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་མི་སྣ་ཚོགས་འདུར་ཕེབས་ཡོད་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
      ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། 2019ལོའི་ཟླ་6ཚེས་10ནས་ཟླ་7ཚེས་2ཉིན་བར། ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་13པ་བོད་རང་སྐྱོང་ལྗོངས་སུ་བཅའ་སྡོད་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་ཞིང་། བཅའ་སྡོད་བྱེད་རིང་། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཀྲུང་དབྱང་གི་བླང་བྱ་ནན་པོར་གཞིགས་ནས་ལྟ་སྐུལ་དང་མཛུབ་ཁྲིད་དངོས་འབྲེལ་དང་ལྟ་སྐུལ་དང་མཛུབ་ཁྲིད་ནན་པོ་བྱས་ཏེ་ནག་སེལ་གཤེད་བཅོམ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟུང་འབྲེལ་དམ་ཟབ་བྱས་ཐོག་ཆེད་དོན་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
      ཀྲུའུ་ཝུའེ་ཆུན་གྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་དེ་ཏང་ལ་ལྷག་བསམ་རྣམ་དག་ཡོད་མེད་ལ་ཐད་ཀར་ཞིབ་དཔྱད་བྱེད་པ་ཞིག་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་ལ་བརྡ་ལན་ཞུ་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་བཅས་ལ་བརྩིས་ནས་ཆབ་སྲིད་ཀྱི་ཚུགས་གནས་ལ་དམིགས་ནས་འགན་འཁྲི་བརྒྱུད་སྤྲོད་གནད་ལ་འཁེལ་བར་བྱེད་པ་དང་། གཞི་རིམ་གྱི་རྨང་གཞིར་དམིགས་ནས་སྲིད་སྐྱོང་རྨང་གཞི་དེ་བས་བརྟན་པོ་ཡོང་བར་བྱེད་པ། དམིགས་བསལ་གྱི་ལྗོངས་བབ་ལ་དམིགས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཁྲིམས་བཞིན་རྡུང་རྡེག་གཏོང་བར་དམིགས་ནས་ཆེད་དོན་འཐབ་རྩོད་ལ་འཕེལ་རིམ་ཐོན་པ་བྱེད་པ་བཅས་བྱས་པས་ལྗོངས་ཡོངས་སུ་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། སྤྱི་ཚོགས་ལྷིང་འཇགས་སྒྲིག་ལམ་ལྡན་པ། མི་སེར་བདེ་སྡོད་ལས་བརྩོན་ཡོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད་ཅེས་གསུངས་པ་རེད།
     ཀྲུའུ་ཝུའེ་ཆུན་གྱིས་ལྟ་སྐུལ་མཛུབ་ཁྲིད་བྱེད་རིང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་ཅུང་མངོན་གསལ་དོད་པོ་ཡོད་པ་ཤེས་རྟོགས་བྱུང་། ཡིན་ནའང་། ད་དུང་མངོན་གསལ་དོད་པའི་གནད་དོན་ཁ་ཤས་གནས་ཡོད་པ་སྟེ། དེ་དག་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་མི་འདང་བ་དང་། ནག་སེལ་གཤེད་བཅོམ་འཐབ་ཇུས་བཀོད་སྒྲིག་གི་དོན་སྙིང་གལ་ཆེན་དང་ནང་དོན་ཟབ་མོར་གོ་བ་ལོན་ཚད་མི་འདང་བ། ཆེད་དོན་འཐབ་རྩོད་ཀྱི་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་རྒྱུ་གནད་ལ་མི་འཁེལ་བ། ས་གནས་ཁག་དང་སྡེ་ཚན་ཁག་གི་ནག་སེལ་གཤེད་བཅོམ་ལས་དོན་སྤེལ་རྒྱུ་དོ་སྙོམས་མེད་པ། “ཁྲིམས་བཞིན་ཆད་པ་ནན་པོ་གཅོད་པ”དང་། “རྒྱབ་རྩ་གཏོར་བ”“ཟ་ལམ་གཅོད་པ”བཅས་ཀྱི་ཐད་སྔར་བཞིན་ལས་དོན་སྤེལ་ཤུགས་མི་འདང་བའི་གནད་དོན་གནས་པ།ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟུང་འབྲེལ་དམ་ཟབ་བྱེད་ཤུགས་མི་འདང་བ་བཅས་རེད་ཅེས་གསུངས་པ་རེད།
      བོད་རང་སྐྱོང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་ལས་དོན་ཐད་གནས་པའི་གནད་དོན་ལ་དམིགས་ནས་ཀྲུའུ་ཝུའེ་ཆུན་གྱིས་དག་ཐེར་བསམ་འཆར་ཁག་དྲུག་བཏོན་གནང་བ་སྟེ། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མུ་མཐུད་མཐོ་རུ་བཏང་སྟེ་རང་སྐྱོང་ལྗོངས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་མཐོ་རླབས་གསར་པ་འཕྱུར་བར་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་ངོས་འཛིན་སྔར་བས་བྱེད་ཟབ་ཏུ་བཏང་ནས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བོད་རང་སྐྱོང་ལྗོངས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་དོན་སྙིང་གལ་ཆེན་དང་ནང་དོན་ཟབ་མོར་ངོས་འཛིན་གང་ལེགས་བྱེད་པ་དང་། ཁོངས་ཞུགས་ཚན་པ་དང་མི་དམངས་མང་ཚོགས་ཀྱི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ནས་ནག་གཤེད་ཕྱོགས་གཏོགས་གངས་ལྗོངས་ས་མཐོའི་ཐོག་གབ་ས་མེད་པ་བཟོ་དགོས་པ་དང་། གཉིས་ནས་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་བཏང་ནས་ནག་གཤེད་ཕྱོགས་གཏོགས་དང་སྤྱི་ཚོགས་ཟང་ཟིང་གི་སྣང་ཚུལ་མཐའ་གཅིག་ཏུ་གཙང་སེལ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དར་ཆ་གསལ་སྟོན་གྱི་སྒོ་ནས་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། རིམ་ཁག་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གིས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། འགོ་ཁྲིད་ཚོགས་ཆུང་གི་ཁོངས་ཞུགས་ཚན་པ་ཁག་གིས་རང་ངོས་ཀྱི་འགན་འཁྲི་ཁ་གསལ་བཟོ་བ་བཅས་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་ལས་ཀའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་གྲོང་ཚོའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཏེ་གཞི་རིམ་གྱི་སྲིད་དབང་རྨང་གཞི་བརྟན་དུ་གཏོང་དགོས། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྔར་བས་ལེགས་འདེམས་ཧྲག་སྒྲུག་ཡག་པོ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འདི་ཉིད་ཁ་ཕྲལ་ཕྱོགས་གཏོགས་ལ་རྡུང་རྡེག་གཏོང་བ་དང་། མང་ཚོགས་ཁྱིམ་དར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པ། སྤྱི་ཚོགས་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱེད་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས་པ། བཞི་ནས་བོད་ཀྱི་དམིགས་བསལ་ལྗོངས་བབ་དང་ཟུང་འབྲེལ་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དང་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་དབར་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ། ལྔ་ནས་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་སུ་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་ཚུན་གྱི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་། ཕྱོགས་སྡོམ་བྱེད་མཁས་པོ། ཁྱབ་གདལ་གཏོང་མཁས་པོ་བཅས་བྱས་ཏེ་ཆེད་དོན་འཐབ་རྩོད་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཟུང་འབྲེལ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཟུང་འབྲེལ་བྱེད་པ་དང་། ནག་གཤེད་ཕྱོགས་གཏོགས་ལ་འགོག་ཟོན་དང་རྡུང་རྡེག་གཏོང་བའི་ཕུགས་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ནག་སེལ་གཤེད་བཅོམ་གྱི་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཡག་པོ་ཞུ་དགོས་པ། དྲུག་ནས་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཚུར་ལན་གནས་ཚུལ་ལ་མཐོང་ཆེན་པོ་བྱས་ནས་དག་ཐེར་གྱི་ལས་དོན་དོན་འཁྱོལ་ནན་ཏན་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པའི་མཐོ་ཚད་ཀྱི་ཐོག་ནས་རང་རྟོགས་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། འཕྲལ་སྒྲུབ་འཕྲལ་བཅོས་དང་དག་ཐེར་དངོས་འབྲེལ་བྱས་ནས་དག་ཐེར་གྱི་བྱ་ཐབས་ཚང་མ་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
      ཝུའུ་དབྱིང་ཅེས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བཏོན་པའི་དག་ཐེར་གྱི་བླང་བྱ་དང་བསམ་འཆར་གྲོས་འགོ་གནད་འཁེལ་ཁ་གསལ་ཡོད་ལ། དམིགས་སའི་རང་བཞིན་དང་། མཛུབ་ཁྲིད་ཀྱི་རང་བཞིན། བཀོལ་སྤྱོད་ཀྱི་རང་བཞིན་བཅས་ཆེན་པོ་ཡོད་པས་བོད་ཀྱི་དོན་དངོས་དང་ཡོངས་སུ་མཐུན་གྱི་ཡོད། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཚུར་ལན་བྱས་པའི་གནད་དོན་ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་རྦད་དེ་མོས་མཐུན་ཡོད་ལ་ལྷག་བསམ་རྣམ་དག་ངང་དང་ལེན་ཞུས་ནས་རེ་རེ་བཞིན་དག་ཐེར་བྱ་ཐབས་བཟོས་ཏེ་ཕྱོགས་ཡོངས་ནས་དག་ཐེར་དང་། མགྱོགས་མྱུར་དག་ཐེར། མཐའ་གཅིག་ཏུ་དག་ཐེར་བཅས་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།
      ཝུའུ་དབྱིང་ཅེས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་རེད། བོད་ལྗོངས་འདི་ཉིད་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་ངོས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མར་གནས་ཡོད་པས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཡག་པོ་སྤེལ་རྒྱུ་དེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་དང་། བློ་ཕྱོགས་གཏད་མིན་དང་སྲིད་དབང་སྲ་བརྟན། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་མེས་རྒྱལ་གཅིག་གྱུར་བཅས་དང་འབྲེལ་བ་ཡོད། དེར་བརྟེན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་དག་ཐེར་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཚུར་ལན་གནད་དོན་དག་ཐེར་གྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཡག་པོ་འཁུར་བ། ཕྱོགས་ཡོངས་ནས་དག་ཐེར་བྱེད་པ་དང་། བརྒྱུད་རིམ་ལྡན་པའི་ངང་དག་ཐེར་ལ་སྐུལ་འདེད་གཏོང་བ། དག་ཐེར་ནན་པོ་དང་ཏན་ཏིག་བྱེད་པ་བཅས་བྱས་ནས་འགྱུར་མེད་ཀྱི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་མུ་མཐུད་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་གསལ་སྟོན་གནང་བའི་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་གཞི་དང་། འགོ་འཛུགས་ས་དང་དོན་ལ་བབས་སར་དམ་འཛིན་ནན་པོ་བྱས་ཏེ་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་གཞི་མཐའ་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ནག་སེལ་གཤེད་བཅོམ་ནི་བརྟན་ལྷིང་སྲུང་སྐྱོང་བྱེད་པ་ཞིག་ཡིན་པའི་འདུ་ཤེས་ཟབ་ཏུ་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ། མ་བྱུང་སྔོན་འགོག་བྱེད་རྒྱུ་རྩ་དོན་དུ་བྱས་ནས་ལས་དོན་སྒྲུབ་པ། གནད་དོན་ཆེན་པོ་ཐོན་རྒྱུ་སྔོན་འགོག་བྱས་ནས་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱེད་རྒྱུ་ཚད་གཞིར་བཟུང་སྟེ་ལས་བྱེད་པར་ལྟ་བ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྒུལ་ཤུགས་སུ་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཙོ་གནད་དུ་བྱེད་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་སྟོན་ཕྱོགས་སུ་བྱེད་པ། རྒྱབ་རྩ་དང་འབྲེལ་རྒྱ་མེད་པར་བཟོ་རྒྱུ་ཚད་བརྒལ་དུ་བྱེད་པ། ཁྲིམས་བཞིན་ཆད་པ་ནན་པོ་གཅོད་རྒྱུ་འགན་ལེན་དུ་བྱེད་པ། གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུ་རྨང་གཞིར་བྱེད་པ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་མི་དམངས་ཀྱི་དམག་འཁྲུག་དེར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། སྤྱི་ཚོགས་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བར་བྱེད་པ། དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བ། བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ལ་དྲིན་ལན་འཇལ་བ་བཅས་བྱས་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་དང་དགའ་སྟོན་གྱི་རྣམ་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-15 07:09 , Processed in 0.028485 second(s), 20 queries .

返回顶部