博客西藏在最高处过一种生活

日志

༄༅།།2019ལོར་མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོ ...

已有 86 次阅读2019-7-23 08:31 |系统分类:见闻


                   ༄༅།།2019ལོར་མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་མང་ཚོགས་ཁྲི་ལྷག་ལ་གསོ་སྦྱོང་བྱེད་འཆར་ཡོད་པ།
                           ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། ཀླུ་མོ་མཚོ།

                                       

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོར།མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་མང་ཚོགས་ཀྱི་སློབ་གསོའི་གསོ་སྦྱོང་བྱ་བས་ཐོན་ལས་དར་རྒྱས་ཀྱི་དམིགས་འབེན་ལས་འགན་ལ་སྐུལ་འདེད་བྱེད་པར་དམ་པོར་དམིགས་ཏེ། ཐོན་ལས་ལ་ཁ་ཕྱོགས་པ་དང་ཐོན་ལས་སུ་ཞུགས་པ། ཐོན་ལས་ལ་ཞབས་འདེགས་ཞུ་བ་བཅས་རྒྱུན་འཁྱོངས་བྱས་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེར་གཏོང་བ་དང་། བྱང་ཚད་མཐོ་བའི་རོང་འབྲོག་མང་ཚོགས་ཀྱིས་ཐོན་ལས་ཀྱི་ཁྱད་ཆོས་སྔོག་འདོན་བྱེད་པ་དང་། ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་བྱེད་པ། བྱེད་པོའི་རོགས་ལས་ཤུགས་ཆེར་གཏོང་བ། སྔོན་ཐོན་གྱི་ཞིང་ལས་ཚན་རྩལ་བཀོལ་སྤྱོད་བྱེད་པ་བཅས་ཕྱོགས་ཀྱི་འགྱེད་འཕྲོ་སྣེ་ཁྲིད་བྱེད་ནུས་འདོན་པར་སྐུལ་འདེད་བྱས་ཏེ། ཞིང་ཆེན་ཡོངས་སུ་རོང་འབྲོག་མང་ཚོགས་ཁྲི་ལྷག་གསོ་སྦྱོང་བྱེད་འཆར་ཡོད།

      2019ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་དང་ཟུང་འབྲེལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ནོར་ནག་དང་འབྲོག་ལུག ནས། ཞོག་ཁོག སྐེ་ཚེ། སྔོ་ཚོད། གྲང་ཆུའི་ཉ། རྒྱ་སྲན། གཟན་རྩྭ། འདྲེ་ཚེར་མ་བཅས་ཁྱད་ལྡན་ལེགས་བབ་ཐོན་ལས་བཅུའི་གནད་ཁེལ་དབུལ་སྐྱོར་ལ་སྐུལ་འདེད་བྱེད་པ་དང་། དབུལ་ཐར་གྱི་སྣེ་ཁྲིད་པ་གསོ་སྐྱོང་བྱེད་པའི་བྱ་འགུལ་ལག་བསྟར་བྱས་ནས། གསོ་སྦྱོང་གི་འདོད་མོས་དང་གསོ་སྦྱོང་གི་དགོས་མཁོ། ཐོན་སྐྱེད་འཕེལ་རྒྱས་ཀྱི་ནུས་པ་བཅས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་པ་གཙོ་བོར་གསོ་སྦྱོང་བྱེད་པ་དང་། དབུལ་ཕོངས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་བྱེད་དེ་ལས་གཉེར་ཤེས་ལྡན་མི་སྣ་ཉུང་ཞིང་། ལག་རྩལ་བཀོལ་སྤྱོད་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཤུགས་ཀྱིས་ཐག་བཅད་དེ། དབུལ་ཐར་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་དབུལ་ཕོངས་ཁྱིམ་ཚང་རང་སྟེང་གི་འཕེལ་རྒྱས་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་རེད།

      དུས་མཚུངས་སུ། གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་གཞིགས་ཏེ། “སྡེ་བ་གཅིག་ལ་ཐོན་རྫས་གཅིག་དང་། ཞང་གཅིག་ལ་ལས་རིགས་གཅིག”དང་། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཟོང་རྟགས་འཛུགས་པ། ཞིང་ལས་ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་དུ་སླེབས་པ། ཞིང་ལས་འཕྲུལ་ཆས་ཀྱི་ཁྱིམ་ཚང་ཆེན་པོ་དང་མཉམ་ལས་ཁང་འཕེལ་རྒྱས། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བཅས་ཀྱི་གཙོ་གནད་བྱ་བ་དང་། དེའི་མངའ་ཁོངས་སུ་རོང་འབྲོག་མང་ཚོགས་ལ་སློབ་གསོའི་གསོ་སྦྱོང་སྤེལ་བ་ཟུང་འབྲེལ་བྱས་ཏེ། ཕྱོགས་ཡོངས་ནས་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།




评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-8-19 07:50 , Processed in 0.024257 second(s), 21 queries .

返回顶部