博客西藏在最高处过一种生活

日志

༄༅།།པྭ་ཐུར་མཚོ་སྔོན་དུ་བརྟག་དཔྱད་གནང་བར་ ...

已有 130 次阅读2019-7-23 08:24 |系统分类:见闻


                                ༄༅།།པྭ་ཐུར་མཚོ་སྔོན་དུ་བརྟག་དཔྱད་གནང་བར་ཕེབས་པ།
                             ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

                             

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7ཚེས15ཉིན་ནས་ཚེས19ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་དམངས་ཨུའི་ཧྲུའུ་ཅི་དང་ཀྲུའུ་རེན་པྭ་ཐུར་མཚོ་སྔོན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་མི་རིགས་ལས་དོན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སྐོར་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོ་སྒྲུབ་པ། སྤྱི་ཚོགས་ཡོངས་སུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་གྱུར་གྱི་འདུ་ཤེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་མི་རིགས་གཅིག་ཀྱང་ཆད་མི་རུང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་མི་རིགས་གཅིག་ཀྱང་ཆད་མི་རུང་”ཞེས་གསུངས་པ་རེད།

     ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་པཱ་ཐུར་དང་ས་གནས་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཆར་པར་མ་འཛེམས་པར་པན་ཡན་གྲོང་ཚོའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་ལ་གཟིགས་ཞིབ་གནང་བའི་མི་སེམས་འགུལ་བའི་རྣམ་པ་བསྐྱར་དྲན་བྱས་པ་དང་གནད་འཁེལ་དབུལ་སྐྱོར་གནས་སྤོའི་དཔེ་མཚོན་གྲོང་ཚོའི་གནས་ཚུལ་གྱི་དཔེ་མཚོན་རང་བཞིན་གྱི་བྱ་བར་ཕྱིར་དྲན་བྱས་པ་རེད། ཁོང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་བར་ཁྱད་ལ་རྒྱབ་སྐྱོར་དང་སྲིད་ཇུས་སྔར་བས་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ས་ཁུལ་དུ་སྤྱི་ཡོངས་ནས་དབུལ་ཐར་བྱེད་པར་སྣེ་ཁྲིད་དང་འབྱོར་འབྲིང་སྤྱི་ཚོགས་དུ་བསྐྱོད་པར་སྣེ་ཁྲིད་དགོས་པར་སྐུལ་འདེད་གཏོང་དགོས་པར་བསྟན།

      ཞོན་ཧྭ་དང་ཧུའུ་ཀྲུའུ་སོགས་ཀྱི་ས་གནས་སུ་པཱ་ཐུར་གྱིས་མི་རིགས་མཐུན་སྒྲིལ་གོང་འཕེལ་གསར་སྐྲུན་ལས་དོན་དང་། གྲངས་ཉུང་མི་རིགས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་གསར་འཛུགས་ལས་དོན་ལ་གཏིང་ཟབ་དང་རྒྱུན་འཁྱོངས། མི་རིགས་ཁག་གི་མང་ཚོགས་རྣམས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་དང་འདྲ  བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་”བྱེད་ཆེད་སྔར་བས་སྟོབས་ཤུགས་དང་ལེགས་སྐྱེས་འབུལ་དགོས་ཞེས་ནན་གྱིས་བསྟན་པ་མ་ཟད། ཁོང་གིས་ད་དུང་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་ཡུལ་ལ་ཆེད་ཕེབས་གྱིས་ས་གནས་དེ་གའི་དགོན་སྡེའི་དགེ་འདུན་པ་དང་དགོན་སྡེའི་བཅའ་སྡོད་ལས་བྱེད་པར་བཞུགས་མོལ་གནང་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པོ་ཡོང་རྒྱུར་མཛུབ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད། 

      མཚོ་སྔོན་ཞིང་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། མཚོ་ཤར་གྲོང་ཨུའི་ཧྲུའུ་ཅི་ཉིག་ཁྲེང་ཡུན་དང་། ཞིང་ཆེན་འགོ་གཙོ་གཞོན་པ་དབྱང་ཧྥེང་ཁྲུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཧའེ་དབྱིང་བཅས་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་ཞུས་པ་རེད། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-9 00:26 , Processed in 0.028199 second(s), 20 queries .

返回顶部