博客西藏在最高处过一种生活

日志

༄༅།།མཚོ་སྔོན་གྱི་སྐྱེ་ཁམས་ས་ཁོངས་གཙོ་བོའ ...

已有 185 次阅读2019-7-14 07:50 |系统分类:见闻


                        ༄༅།།མཚོ་སྔོན་གྱི་སྐྱེ་ཁམས་ས་ཁོངས་གཙོ་བོའི་ཁོར་ཡུག་བརྟན་བརླིང་ངང་གོང་འཕེལ་དུ་ཕྱིན་པ།
                              རྩོམ་པ་པོ། མི་གསལ།
རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

                                      
     རྒྱུས་ལོན་པ་ལྟར་ན། 2018ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་ས་ཁོངས། མདོ་ལ་རི་བོའི་ས་ཁོངས་སོགས་ཀྱི་སྐྱེ་ཁམས་ས་ཁུལ་གཙོ་བོའི་ཁོར་ཡུག་བརྟན་བརླིང་ངང་གོང་འཕེལ་དུ་ཕྱིན་ཡོད་པ་རེད།
     མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནས་མཚོ་སྔོན་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མ་ལག་གིས་ལྟ་ཞིབ་བྱས་པ་བརྒྱུད། རྐྱང520ལྷག་གིས་གྲུབ་པའི་རྐྱང་ཚོགས་དང་དེ་མིན་ད་དུང་རྫ་ཆུའི་མགོ་ཁོངས་དང་ཨ་ཆེན་གངས་རྒྱབ་ནས་གཙོད་དང་གསའ་གཟིག ཝ་དམར་དང་སྤྱང་ཀི་སོགས་ཀྱི་རི་དྭགས་རྒྱུ་པའི་སྣང་ཚུལ་མང་པོ་ཞིག་ལྟ་ཞིབ་བྱེད་ཐུབ་པ་བྱུང་།
     གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་ཟབ་སྤེལ་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཁོར་ཡུག་རིམ་བཞིན་ཇེ་ལེགས་སུ་སོང་པ་རེད། གཞི་གྲངས་ལྟར་ན། 2018ལོར་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཁོར་ཡུག་གནས་ཚུལ་དེ་རིམ་པ“འབྲིང་གྲས”སུ་བསླེབས་ཏེ། ཆུའི་ཐོན་ཁུངས་ཀྱི་སྤྱིའི་ཐོན་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར501.3ཡོད་པས། དེ་སྔའི་ལོ་མང་པོ་དང་བསྡུར་ན16.6%ཇེ་མང་ལ་སོང་ཡོད་པ་རེད།
     མཚོ་སྔོན་པོའི་མངའ་ཁོངས་ནས་གཙོ་བོ་དགོ་དམར་གྱི་གྲངས་ཀའི་འཕེལ་ཚད་ལེགས་ཤིང་མཚོ་སྔོན་པོའི་ཉ་ཡི་སྤྱིའི་ཐོན་ཚད་ཏུན་ཁྲི8.12ལ་བསླེབས་ཡོད། ལོ་རེར་མཚོ་སྔོན་པོ་ནས་འཚོ་གནས་བྱེད་བཞིན་པའི་བྱ་རིགས92ནས་ཁྲི20བརྒལ་ཡོད་པས། ཀྲུང་གོའི་ལྗོངས་ཁུལ་ནང་བྱ་རིགས་ཀྱི་རྒྱུད་སྤེལ་ཚད་ཆེས་མང་ལ་བྱ་ཁྱུ་འདུས་ཚད་ཆེས་ཆེ་བའི་རྒྱུད་སྤེལ་ས་གནས་རུ་གྱུར་ཡོད་པ་རེད།
     མདོ་ལ་རི་བོའི་ཁོངས་ཀྱི་ཆུ་ཡི་སྤྱིའི་ཐོན་ཁུངས་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར100བརྒལ་ནས་ལོ་སྔོན་མ་དག་དང་བསྡུར་ན་ཆ་སྙོམས་སྒོས41.3%ཇེ་མང་དུ་ཕྱིན་ཡོད་ཅིང་། ས་ཁོངས་ཀྱི་ལྗང་སྒྱུར་ཚད་ཆ་སྙོམས་སྒོས75%ལ་བསླེབས་ཡོད་པ་རེད།
     ཞེས་རོང་ཆེན་ལྷ་རྒྱ་དཔལ་གྱིས་མཚོ་སྔོན་པོ་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-14 08:54 , Processed in 0.025973 second(s), 20 queries .

返回顶部