博客西藏在最高处过一种生活

日志

༄༅།།མཚོ་སྔོན་གྱིས་ཞིང་ཆེན་ལས་བྱེད་པ་རྒན་ ...

已有 101 次阅读2019-7-4 07:31 |系统分类:见闻


                        ༄༅།།མཚོ་སྔོན་གྱིས་ཞིང་ཆེན་ལས་བྱེད་པ་རྒན་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།
                                   ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། མི་གསལ།

                               

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་གཅིག་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ལས་བྱེད་པ་རྒན་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ལས་བྱེད་པ་རྒན་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཡུས་ཡན་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ལས་བྱེད་པ་རྒན་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཁོང་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

       ཝང་ཡུས་ཡན་གྱིས་བསྟན་དོན། རྒྱ་ཆེ་བའི་ལས་བྱེད་པ་རྒན་པ་རྣམས་ཀྱིས་མཚོ་སྔོན་གྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར། འཕེལ་རྒྱས་བཅས་ཀྱི་བྱ་གཞག་ཐད་བྱས་རྗེས་ཆེན་པོ་བཞག་མྱོང་བ་དང་། ཁོ་ཚོ་ནི་ཏང་གི་རིན་དང་བྲལ་བའི་རྒྱུ་ནོམ་ཡིན་པས། དུས་རྟག་པར་ལས་བྱེད་པ་རྒན་པའི་ལོ་རྒྱུས་ཀྱི་མཛད་རྗེས་སེམས་ནས་བརྗེད་མི་རུང་ལ། ལས་བྱེད་པ་རྒན་པའི་ཞབབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

       ཁོང་ཡུང་གིས་ནན་གྱིས་བསྟན་དོན། བར་མ་ཆད་པའི་སྒོ་ནས་ལས་བྱེད་པ་རྒན་པའི་བྱ་བ་ཡི་གལ་ཆེན་རང་བཞིན་གྱི་ངོས་ཟིན་སྔར་ལས་ཇེ་མཐོར་གཏོང་དགོས་པ་དང་། ལས་བྱེད་པ་རྒན་པའི་བྱ་བ་ཡི་བསམ་བློའི་རང་རྟོགས་དང་ལག་ལེན་རང་རྟོགས་མངོན་གསལ་གྱིས་ཇེ་མཐོར་གཏོང་དགོས། བློ་གཅིག་སེམས་གཅིག་གིས་ལས་བྱེད་པ་རྒན་པའི་བྱ་བའི་དཀའ་གནད་ཐག་གཅོད་པར་ཞིབ་འཇུག་བྱས་ནས། གྲོས་ཚོགས་ཀྱི་ཞིབ་འཇུག་ལས་རིམ་དངོས་འབེབས་དམ་འཛིན་བྱས་མཐར། ཞིང་ཆེན་ཏང་ཨུ་སེམས་བདེ་བ་དང་ལས་བྱེད་པ་རྒན་པ་རྣམས་ཡིད་ཚིམ་པར་བྱེད་དགོས་ཟེར། །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-13 00:12 , Processed in 0.026638 second(s), 20 queries .

返回顶部