博客西藏在最高处过一种生活

日志

༄༅།།ཀན་སུའུ་དཔའ་རིས་རྫོང་གིས་གཟི་བརྗིད་ང ...

已有 77 次阅读2019-7-3 18:49 |系统分类:见闻


      ༄༅།།ཀན་སུའུ་དཔའ་རིས་རྫོང་གིས་གཟི་བརྗིད་ངང་ཏང་ནང་ཞུགས་ནས་ལོ་50ལོན་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་གཟེངས་བསྟོད་གནང་བ།
                                 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

     ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་98ལོན་པར་དྲན་གསོ་ཞུ་བའི་དུས་ལ། སྙིང་སྟོབས་དར་སྤེལ་དང་སྤྱོད་བཟང་སྤེལ་བ། སྔར་བས་ཀྱང་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་ལས་འགན་བློ་ལ་བརྟན་པོར་འཆང་བ།  སྤྱོད་ལམ་ལ་ཁག་ཁུར་ཡོད་པ། ལས་གཏོད་གསར་གཏོད་བཅས་ཀྱི་ཆེད་དུ། ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་སྒྲུབ་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས། གཟི་བརྗིད་ངང་ཏང་ནང་ཞུགས་ནས་ལོ་50ལོན་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་སྐོར་ཞིག་ལ་གཟེངས་བསྟོད་གནང་བ་རེད། 

                          
                          ཏང་ནང་ཞུགས་ནས་ལོ་50ལོན་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གཟེངས་བསྟོད་ཐོབ་མཁན།

       དཔའ་རིས་རྫོང་གིས་རྫོང་ཡོངས་ཀྱི་ཏང་ཞུགས་ན་ཚོད་ལོ་50ཡན་གྱི་གུང་ཁྲན་ཏང་ཡོན་རྒན་པ་256གི་ཁྲོད་ནས་ཕུལ་བྱུང་གུང་ཁྲན་ཏང་ཡོན་རྒན་པ་20བདམས་ནས"ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག" དང་མཉམ་དུ་གཟེངས་བསྟོད་གནང་བ་དང་། གུང་ཁྲན་ཏང་ཡོན་རྒན་པའི་གཟི་བརྗིད་ཀྱི་སྣང་བ་དང་། ཁོངས་གཏོགས་ཀྱི་སྣང་བ། ཐོབ་བྱུང་གི་སྣང་བ་བཅས་སྔར་བས་ཇེ་དྲག་ཏུ་བཏང་།
       རྒྱུས་ལོན་པ་ལྟར་ན། ཐེངས་འདིར་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་གྱི་དཔེ་མཚོན་ཅན་ནི་རྫོང་ཡོངས་ཀྱི་ཞིང་འབྲོག་ས་ཁུལ་དང་སྡེ་ཁུལ། སློབ་གྲྭ། ལས་ཁུངས། སྤྱི་དབང་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་སོགས་འཐབ་ཕྱོགས་སོ་སོ་ནས་ཐོན་པའི་ཕུལ་བྱུང་འཐུས་ཚབ་པ་ཡིན་པ་དང་། ཁོ་ཚོའི་སྔོན་ཐོན་བྱ་གཞག་གིས་ཏང་གི་སྔོན་ཐོན་རང་བཞིན་དང་རྣམ་དག་རང་བཞིན་མཚོན་ལ། ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དར་སྤེལ། དུས་རབས་གསར་པའི་གུང་ཁྲན་ཏང་མིའི་ཆབ་སྲིད་སྤྱོད་ལམ་དང་སྔོན་ཐོན་སྣང་བརྙན་ཟབ་མོར་མངོན་ཡོད་པ་རེད། སྒོས་སུ་ཏང་ནང་ཞུགས་ནས་ལོ་50ཡན་ལོན་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་རྣམས་ནི་ཚ་ཚ་འུར་འུར་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་རླབས་ཆེན་རྔམ་བརྗིད་ཀྱི་བཅོས་སྒྱུར་སྒོ་འབྱེད་ལ་ཞུགས་ཏེ། དཔའ་རིས་ཀྱི་འཛུགས་སྐྲུན་ལ་སེམས་ཤུགས་གང་ཡོད་དང་རྩ་ཆེ་བའི་ལང་ཚོ་བཅས་ཕུལ་ཡོད་ཅིང་། ད་ལྟའི་བར་དུའང་"ཐོག་མའི་བསམ་འདུན་མི་བརྗེད་པ་དང་ལས་འགན་བློ་ལ་བརྟན་པོར་བཅངས"ཡོད། སྐྱེ་ཁམས་མཛེས་སྡུག་ལྡན་པ་དང་ཐོན་ལས་ཕུལ་དུ་བྱུང་བ། མང་ཚོགས་ཕྱུག་པོར་ཆགས་པ་བཅས་ཀྱི་ཞི་མཐུན་དཔའ་རིས་འཛུགས་སྐྲུན་བྱེད་ཆེད་མུ་མཐུད་དུ་སྟོབས་ཤུགས་འབུལ་བཞིན་ཡོད།
       ཏང་ཞུགས་ན་ཚོད་ལོ་60ཡིན་པའི་ཁྲིན་ཀྲང་ཞིང་གིས་རང་ཉིད་ཏང་ནང་ཞུགས་པའི་ཉམས་མྱོང་ཕྱིར་དྲན་བྱས་པ་ན་ད་ལྟའང་མ་བརྗེད་པར་གསལ་བོར་དྲན་ལ། ལོ་ན་ཉི་ཤུའི་སྐབས་ལ་ཁོས་ང་རྒྱལ་དང་དགའ་སྤྲོ་དཔག་ཏུ་མེད་པའི་སྒོ་ནས་ཏང་གི་དར་ཆའི་མདུན་དུ་གཟི་བརྗིད་ཀྱིས་དམ་བཅས་པ་རེད།  ཁྲིན་ཀྲང་ཞིང་གིས་"འདི་ནི་ང་ལ་མཚོན་ན་གཟི་བརྗིད་བླ་ན་མེད་པ་ཞིག་ཡིན་པར་མ་ཟད། དེ་བས་ཀྱང་ལས་འགན་ལྕི་མོ་ཞིག་རེད"ཅེས་བཤད་བྱུང་།  ཏང་ནང་ཞུགས་པ་ནས་བཟུང་ཁོས་རང་གི་དམ་བཅའ་ལྟར་མི་ཡག་པོ་དང་དོན་བཟང་པོ་གང་ཐུབ་བྱས་པ་དང་། བློ་གཅིག་སེམས་གཅིག་གིས་ཏང་ལ་བློ་དཀར་བ་དང་། ཁ་ཞེ་གཉིས་མེད་ཀྱིས་མི་དམངས་ལ་ཞབས་འདེགས་ཞུས་ཡོད། 

                          
               ན་ཆུང་གདོང་ལེན་རུ་མིས་གཟི་བརྗིད་ངང་ཏང་ནང་ཞུགས་ནས་ལོ་50ལོན་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་མེ་ཏོག་འབུལ་བ།

      རྫོང་ཨུས་བསྩལ་བའི་གཟི་བརྗིད་དཔང་ཡིག་དང་དྲན་རྟེན་དངོས་པོར་བལྟས་ནས་རྒན་པོ་ཁྲིན་ཀྲང་ཞིང་གི་ཡིད་སེམས་རབ་ཏུ་གཡོས།  ཁོས་རྗེས་སུ་སྔར་ལས་ཀྱང་རང་གི་ཚེ་སྲོག་ལ་གཅེས་པ་བཞིན་དུ་ཏང་ལ་དགའ་བ་དང་ཏང་གི་འབོད་སྐུལ་གང་ཡོད་དང་དུ་ལེན་ངེས་ཡིན་ཞེས་ཟེར། 
      དཔའ་རིས་རྫོང་གིས་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་དཔེ་མཚོན་ཅན་ལ་སློབ་སྦྱོང་བྱེད་པ་དང་། སྐྱེ་ཁམས་མཛེས་སྡུག་ལྡན་པ་དང་ཐོན་ལས་ཕུལ་དུ་བྱུང་བ། མང་ཚོགས་ཕྱུག་པོར་ཆགས་པ་བཅས་ཀྱི་ཞི་མཐུན་དཔའ་རིས་འཛུགས་སྐྲུན་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་བོད་ཁུལ་འཕེལ་རྒྱས་སྔོན་བསྐྱོད་པ་བྱེད་པར་ལེགས་སྐྱེས་གང་ལེགས་འབུལ་རྒྱུའི་འབོད་སྐུལ་བྱས་པ་རེད།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-7-16 18:18 , Processed in 0.025529 second(s), 21 queries .

返回顶部