博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུ ...

已有 154 次阅读2019-6-30 07:46 |系统分类:见闻



                   ༄༅།།མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར2.9བཏང་ནས་ཁང་རྙིང་སྒྱུར་བཀོད་བྱ་རྒྱུ་རེད།
                              ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་སྒྲིག་པ། ཀླུ་མོ་མཚོ།

                              

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར2019ལོའི་རྒྱལ་ཁབ་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར2.9བཏང་སྟེ། འཆར་གཞི་ལྟར་ན། ཁང་རྙིང་ཁྲི3སྒྱུར་བཀོད་བྱ་རྒྱུ་རེད།

      ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལ་འདེགས་སྐྱོར་དང་། ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས་དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་ཡག་པོ་བྱ་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཚད་མཐོའི་མཐོང་ཆེན་དང་། རྒྱལ་ཁབ་སྲིད་ཇུས་ཀྱི་དངུལ་གཏོང་དང་ཟུང་འབྲེལ་གྱིས་རྒྱལ་ཁབ་ཀྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་དང་ཁང་རྙིང་སྒྱུར་བཀོད་ཀྱི་ཆེད་དོན་མ་དངུལ་འབྲེལ་མཐུད་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་འཚོ་བ་དང་སྡོད་གནས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གཏང་རྒྱུ་ཡིན་པ་རེད།

       སྡོད་ཁང་གི་སྤྱི་པའི་ས་ཁོངས་དང་། ཨར་སྐྲུན་ནུས་རྒྱུ་བསྲི་ཚགས་སྒྱུར་བཀོད། གློག་སྐས་སྒྲིག་སྦྱོར་སོགས་ཚུད་ཡོད། དེ་དང་ཆབས་ཅིག་སྡེ་ཁུལ་ནང་ཁུལ་གྱི་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ཆུ་གློག་ལམ་གསུམ། སོལ་རླངས་སོགས་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་བྱས་ནས་སྡེ་ཁུལ་གྱི་རྒན་གསོ་དང་། བུ་བཅོལ་ཁང་། སྨན་བཅོས། བཟའ་བཅའ། གཙང་སྦྲ་སོགས་ཞབས་ཞུའི་སྒྲིག་བཀོད་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱས་ཡོད། གྲོང་ཁྱེར་འཛུགས་སྐྲུན་སྒྲིག་བཀོད་ཀྱི་ཞན་ཆ་བསལ་ནས་ཁུལ་ཆུང་དང་ཐད་ཀར་འབྲེལ་བ་ཡོད་པའི་འགྲོ་ལམ་དང་། ཆུ་འདོན་འབུད། སོལ་རླངས་མཁོ་འདོན། གློག་མཁོ་འདོན། རླངས་འཁོར་འཇོག་པ། དེ་བཞིན་འཚོ་བའི་གད་སྙིགས་སོགས་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་བྱ་རྒྱུ་ཡིན་པ་རེད།

      ལས་རིམ་གྱི་གོམ་སྟབས་རྗེས་མར། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་མུ་མཐུད་དུ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱུན་མཐུད་སྦྲེལ་མཐུད་བྱས་ནས་མ་དངུལ་དང་ལས་གཞི་དེ་བས་མང་བའི་རྒྱབ་སྐྱོར་ཐོབ་ཐབས་བྱེད་པ། ས་ཁུལ་ཁག་གིས་ལས་གཞི་མགྱོགས་མྱུར་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས“བྱ་བ་དངོས་ཡག་པོ་སྒྲུབ་པ་དང་བྱ་བ་བཟང་པོ་ཏན་ཏིག་སྒྲུབ་པའི”འགན་ལེན་བྱ་རྒྱུ་ཡིན་པ་རེད། 

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-7-16 18:28 , Processed in 0.024988 second(s), 21 queries .

返回顶部