博客西藏在最高处过一种生活

日志

༄༅།།བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོས་མ ...

已有 208 次阅读2019-6-30 07:35 |系统分类:见闻


                       ༄༅།།བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོས་མཐར་ཕྱིན་སློབ་མའི་སློབ་ཐོན་མཛད་སྒོ་འཚོགས་པ་དང་
                         སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་སློབ་བུ་རྣམས་ལ་ལྷག་བསམ་དྲོན་མོའི་ཞལ་གདམས་གནང་བ། 
                              ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།


                             
                                                   མཐར་ཕྱིན་མཛད་སྒོའི་ཡུལ་དངོས།

      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་6པའི་ཚེས་26ཉིན། བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་2015ལོའི་ཡོན་གནས་འཛིན་གྲྭ་དང་སྐབས་དང་པོའི་གྲ་སྒྲིག་འཛིན་གྲྭའི་སློབ་ཐོན་མཛད་སྒོ་དེ་སློབ་གྲྭའི་ཚོམས་ཆེན་དུ་སྤེལ།
      ཐེངས་འདིའི་མཐར་ཕྱིན་སློབ་མའི་ཁྲོད་དུ་སྐབས་དང་པོའི་གྲ་སྒྲིག་འཛིན་གྲྭའི་སློབ་མ་91ལ་དམའ་རིམ་སྒོམ་རམས་པའི་བསླབ་གནས་དང་། 2015ལོའི་ཡོན་གནས་འཛིན་གྲྭའི་སློབ་མ་82ལ་འབྲིང་རིམ་ཤེས་རམས་པའི་སློབ་གནས། སློབ་མ་47ལ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པ་དང་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་ཐུན་མོང་གིས་འབྲིང་རིམ་མཉེས་ཐང་སྔགས་རམས་པའི་བསླབ་གནས་བཅས་བསྩལ་བ་རེད། 
      རྒྱུས་ལོན་བྱས་པ་ལྟར་ན། སྐབས་འདིའི་མཐར་ཕྱིན་འཛིན་གྲྭའི་སློབ་མས་འཛིན་གྲྭ་བགོ་སྟངས་དང་སློབ་གཉེར་གྱི་བླང་བྱ་ལྟར་དུ། ཆོས་ཕྱོགས་ནས་ཆོས་ལུགས་ཀྱི་ཆོ་ག་དང་རྨང་གཞིའི་ཤེས་བྱར་བྱང་ཆུབ་ལ། གཞུང་བཀའ་པོད་ལྔ་ཁོང་དུ་ཆུད་པ། གསང་སྔགས་ཀྱི་གསུང་རབ་ལ་མངའ་བརྙེས་པ་སོགས་ཤེས་ཚད་མི་འདྲ་བ་དུ་མར་སླེབས་ཡོད་པ་དང་། ཚན་རིག་རིག་གནས་ཐད་རྒྱ་ཡིག་རྒྱ་སྐད་དང་། བོད་ཡིག སྙན་ངག་རིག་པ། ལོ་རྒྱུས། རྒྱལ་གཅེས་ལོ་རྒྱུས། ཁྲིམས་ལུགས། སྲིད་ཇུས། གློག་ཀླད། བོད་ཡིག་བཏགས་ཐབས། དེང་རབས་དོ་དམ་དང་དགོན་པའི་དོ་དམ་བཅས་ནང་བྱན་ཆུད་པའི་ཆུ་ཚད་ལ་ཐོན་ཡོད་འདུག
      “སློབ་བུ་རྣམ་པ་མཐར་ཕྱིན་རྗེས་སློབ་གྲྭ་དང་ཁ་བྲལ་ནས་རྒྱང་ཐག་རིང་པོ་ག་ཙམ་དང་དུས་ཚོད་རིང་པོ་ཅི་ཙམ་འགོར་ཀྱང་། བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་ནི་ནམ་ཡང་ཁྱེད་ཅག་གི་མ་ཡུམ་སློབ་གྲྭ་ཡིན་ངེས། ཇི་སྲིད་དུ་ཁྱེད་ཅག་གི་འཚར་ལོངས་ལ་མིག་གིས་འཚོས་ནས་ཡོད་ཅིང་། ཇི་སྲིད་དུ་ཁྱེད་ཅག་གིས་བླངས་པའི་གྲུབ་འབྲས་ལ་གཟི་བརྗིད་ཀྱི་སྣང་བས་ཁེངས་ནས་ཡོད།”ཅེས་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་སློབ་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་དེ་ལྟར་དུ་བཀའ་སློབ་གནང་བྱུང་། མཐར་ཕྱིན་སློབ་མས་ཀྱང་མ་ཡུམ་སློབ་གྲྭའི་མཚན་སྙན་སྲུང་བ་དང་། མ་ཡུམ་སློབ་གྲྭ་དྲིལ་སྒྲོག་བྱ་བའི་འོས་འགན་ནམ་ལས་འགན་འཁུར་ཡོད། 
      སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་གསུངས་དོན། མཐར་ཕྱིན་སློབ་མ་རྣམ་པས་ལྟ་ཚུལ་ལེགས་པོ་ཡིད་ལ་འཇགས་ཟིན་པ་རྣམས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་རྒྱུན་འཁྱོངས་ཡོད་པར་བྱ་བ་དང་། བསླབས་པའི་ཤེས་བྱ་རྣམས་ལག་ལེན་བྱེ་བྲག་ནང་བཀོལ་ཐུབ་པར་བྱ་བ། རང་ཉིད་ཀྱི་འཇོན་ཐང་རྣམས་དམ་པའི་ཆོས་སྤེལ་བ་དང་དོ་དམ། ཞབས་ཞུ། དད་ལྡན་མང་ཚོགས་ལ་སྣེ་ཁྲིད་ཡང་དག་པར་བྱ་བ་བཅས་ཀྱི་ཁྲོད་མངོན་པར་བྱེད་དགོས། རང་རྟོགས་ཀྱིས་སོ་སོའི་དགོན་པ་དང་རྫོང་། གྲོང་ཁྱེར། ལྗོངས་བཅས་ཀྱིས་སྤེལ་བའི་བརྗོད་དོན་གཙོ་བའི་ལག་ལེན་སློབ་གསོའི་བྱ་འགུལ་ནང་ལེགས་པར་ཞུགས་པ་དང་། ཕྱོགས་ཐམས་ཅད་ནས་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ཆབ་སྲིད་ཀྱི་གོ་རྟོགས་མཐོན་པོ་དང་ཆོས་ཀྱི་སློབ་སྦྱོང་བཟང་པོ། ཕྱོགས་བསྡུས་བྱང་ཚད་ལེགས་པོ་བཅས་ཕྱིར་མངོན་པར་བྱས་ཏེ། རང་སྒེར་དང་མ་ཡུམ་སློབ་གྲྭར་གཟི་བརྗིད་ཀྱི་སྣོན་མ་བྱེད་དགོས།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-9-17 06:41 , Processed in 0.024978 second(s), 21 queries .

返回顶部