博客西藏在最高处过一种生活

日志

༄༅།།ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐོ ...

已有 151 次阅读2019-6-29 08:15 |系统分类:见闻


                              ༄༅།།ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐོར་གྱི་རྒྱུན་ཤེས་ཐོར་བུ།
                                  ཡོང་ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། མི་གསལ།

                         
      གཅིག ཀྲུང་དབྱང་གི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱིས་ནག་ཚོགས་སྟོབས་ཤུགས་ཀྱི་བྱ་སྤྱོད་གང་དག་གཙོ་བོར་བཟུང་སྟེ་རྡུང་རྡེག་གཏང་དགོས།
      (1) འཇིགས་སྐུལ་ལ་བརྟེན་ནས་ཆབ་སྲིད་ཀྱི་བདེ་འཇགས་དང་ལྷག་པར་དུ་ལམ་ལུགས་ཀྱི་བདེ་འཇགས་དང་སྲིད་དབང་གི་བདེ་འཇགས། དེ་བཞིན་ཆབ་སྲིད་ཁྱབ་ཁོངས་སུ་འཛུལ་བའི་ནག་ཚོགས་སྟོབས་ཤུགས་བཅས་གཙོ་བོར་བཟུང་སྟེ་རྡུང་རྡེག་གཏང་རྒྱུ། 
      (2) ལྐོག་རྔན་སྤྲོད་པ་དང་དྲག་ཤུགས་སྤྱོད་པ། མགོ་སྐོར་གཏོང་བ། འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཞི་རིམ་གྱི་སྲིད་དབང་ཧམ་བཟུང་དང་། གཞི་རིམ་གྱི་འདེམ་བསྐོ་ལ་གཏོར་བཤིག་གཏོང་བ། གྲོང་གསེབ་ཀྱི་དཔལ་འབྱོར་ཐོན་ཁུངས་སྒེར་སྡེམ་བྱེད་པ། ཐུན་མོང་གི་རྒྱུ་ནོར་ཧམ་བཟུང་བྱེད་པ་བཅས་ཀྱི་ནག་ཚོགས་སྟོབས་ཤུགས་གཙོ་བོར་བཟུང་སྟེ་རྡུང་རྡེག་གཏང་རྒྱུ། 
      (3) ཁྱིམ་རྒྱུད་དང་ཆོས་ལུགས་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་ཏུ་ཁྲིམས་མེད་ལུགས་མེད་དང་ཕྱོགས་གཅིག་ཧམ་བཟུང་། མི་སེར་ལ་བརྙས་བཅོས་གཉའ་གནོན་བཅས་བྱེད་པའི“སྡེ་བའི་གཏེ་བོ”དང“ཤང་གི་གཏེ་བོ”སོགས་ཀྱི་ནག་ཚོགས་སྟོབས་ཤུགས་གཙོ་བོར་བཟུང་སྟེ་རྡུང་རྡེག་གཏང་རྒྱུ། 
      (4) ས་ཞིང་བསྡུ་ལེན་དང་བོགས་ལེན། ཁང་པ་བཤིག་སྤོ། ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་བརྒྱུད་རིམ་ནང་ཞིང་འབྲོག་མང་ཚོགས་ལ་ངན་སྐུལ་བྱས་ནས་ཟིང་ཆ་སློང་བ་དང་། ཚོགས་སྤྱིའི་རང་བཞིན་གྱི་མཚོན་ཆར་བརྟེན་ནས་འཐབ་རྩོད་བྱེད་པའམ་གོང་ཞུ་བྱེད་པར་རྩ་འཛུགས་བྱེད་པའི་ནག་ཚོགས་སྟོབས་ཤུགས་གཙོ་བོར་བཟུང་སྟེ་རྡུང་རྡེག་གཏང་རྒྱུ། 
      (5) བཟོ་སྐྲུན་ཨར་ལས་དང་འགྲིམ་འགྲུལ་སྐྱེལ་འདྲེན། གཏེར་ཁའི་ཐོན་ཁུངས། དངོས་ཟོག་སྐྱེལ་འདྲེན་སོགས་ཀྱི་ཁྱབ་ཁོངས་དང་ལས་རིགས་སོགས་ཧམ་བཟུང་བྱེད་པ་དང་ཁྲིམས་འགལ་གྱིས་ས་ཆ་བཟུང་བ། གང་འདོད་ཀྱིས་སྔོག་འདོན་བྱེད་པ། གཉེར་སྐྱོང་སྒེར་སྡེམ་བྱེད་པ་བཅས་ཀྱི་ནག་ཚོགས་སྟོབས་ཤུགས་གཙོ་བོར་བཟུང་སྟེ་རྡུང་རྡེག་གཏང་རྒྱུ། 
      (6) གཙོ་བོ་ཚོང་འདུས་དང་སྡེབ་འཚོང་ཁྲོམ་ར། རླངས་འཁོར་ས་ཚིགས་དང་གྲུ་ཁ། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་སུ་ཧམ་ལེན་བཙན་ཤེད་དང་བཙན་གྱིས་ཉོ་འཚོང་བྱེད་དུ་འཇུག་པ། སྡོད་སའི་རིན་དངུལ་དང་སྲུང་སྐྱོང་གྲོན་དངུལ་སོགས་བཙན་ཤེད་ཀྱིས་བསྡུ་ལེན་བྱེད་པ་སོགས་ཀྱི་ནག་ཚོགས་སྟོབས་ཤུགས་གཙོ་བོར་བཟུང་སྟེ་རྡུང་རྡེག་གཏང་རྒྱུ། 
      (7) “འཆལ་རྒྱན་དུག་གསུམ”དང་ས་འོག་ཤོ་ཁང་སོགས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁ་ལོ་སྒྱུར་བ་དང་གཉེར་སྐྱོང་བྱེད་པའི་ནག་ཚོགས་སྟོབས་ཤུགས་གཙོ་བོར་བཟུང་སྟེ་རྡུང་རྡེག་གཏང་རྒྱུ། 
      (8) ཁྲིམས་འགལ་ངང་སྐྱེད་མཐོའི་དངུལ་བུན་གཏོང་བ་དང་དྲག་ཤུགས་ལ་བརྟེན་ནས་བུ་ལོན་འདེད་པ། “འཇམ་ཐབས”སྤྱད་དེ་བུ་ལོན་འདེད་པ་བཅས་ཀྱི་ནག་ཚོགས་སྟོབས་ཤུགས་གཙོ་བོར་བཟུང་སྟེ་རྡུང་རྡེག་གཏང་རྒྱུ། 
      (9) དམངས་ཁྲོད་ཀྱི་རྩོད་གཞི་ལ་ཐེ་གཏོགས་བྱས་ནས“གསང་བའི་ཁྲིམས་བསྟར་རུ་ཁག”བྱེད་པའི་ནག་ཚོགས་སྟོབས་ཤུགས་གཙོ་བོར་བཟུང་སྟེ་རྡུང་རྡེག་གཏང་རྒྱུ། 
      (10) མངའ་ཁོངས་ཕྱིའི་ནག་ཚོགས་ནང་འཛུལ་དང་། དེ་བཞིན་རྒྱལ་ཁོངས་ལས་བརྒལ་བའམ་མངའ་ཁོངས་ལས་བརྒལ་བའི་ནག་ཚོགས་སྟོབས་ཤུགས་གཙོ་བོར་བཟུང་སྟེ་རྡུང་རྡེག་གཏང་རྒྱུ་བཅས་སོ། །
      
       གཉིས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་ནམ་ཞིག་ནས་མགོ་ཚུགས་པ་ཡིན།
      2018ལོའི་ཟླ་དང་པོའི་ཚེས23ཉིན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱེད་མགོ་ཚུགས་པ་རེད།

      གསུམ། ནག་འཇོམས་ངན་སེལ་ཁྲོད་ཀྱི“ནག་པོ”དང“ངན་པ”ཞེས་པ་གང་ལ་གོ
      “ནག་པོ”ཞེས་པ་ནི་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་ལ་གོ་དགོས་པ་དང་། “ངན་པ”ཞེས་པ་ནི་སྟོབས་ཤུགས་ངན་པ་དང་སྟོབས་ཤུགས་ངན་པའི་ཉེས་གསོག་ཚོགས་པར་གོ་དགོས།

      བཞི། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་གསུམ་ནི་གང་དག་ཡིན།
     (1) མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་ཏང་ཡོན་ལས་བྱེད་པ་དང་སྤྱི་པའི་དབང་ཆ་སྤྱོད་པའི་གཞུང་ཞབས་མི་སྣས་ནག་ཚོགས་དང་ངན་འབྲེལ་བྱེད་པའི་རུལ་སུངས་ཀྱི་གནད་དོན།
     (2) ཏང་ཡོན་ལས་བྱེད་པ་དང་སྤྱི་པའི་དབང་ཆ་སྤྱོད་པའི་གཞུང་ཞབས་པས་ནག་ཚོགས་སྟོབས་ཤུགས“འགེབས་སྲུང”བྱེད་པའི་གནད་དོན། 
     (3) ས་གནས་ཏང་ཨུ་དང་སྲིད་གཞུང་། སྲིད་ཁྲིམས་ལས་ཁུངས། འབྲེལ་ཡོད་འགན་ནུས་སྡེ་ཁག་དང་དེའི་ལས་བྱེད་མི་སྣས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏོང་ཤུགས་མི་འདང་བའི་གནད་དོན་བཅས་ཡིན།

     ལྔ། “ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས”ལ་དུས་མཚུངས་སུ“ཁྱད་ཆོས་བཞི”ཚང་དགོས་པ་གང་དག་ཡིན།
     (1) རྩ་འཛུགས་ཀྱི་ཁྱད་ཆོས། 
     ཅུང་བརྟན་འཇགས་ཡིན་པའི་ཉེས་གསོག་རྩ་འཛུགས་གྲུབ་ཅིང་། མི་གྲངས་ཅུང་མང་བ་དང་སྒྲིག་འཛུགས་བྱེད་མཁན་དང་མགོ་ཁྲིད་བྱེད་མཁན་གསལ་པོ་ཡོད་ལ། རྐང་འཛིན་ཁོངས་མི་གཞི་རྩའི་ཆ་ནས་གཏན་འཇགས་ཡིན། 
     (2) དཔལ་འབྱོར་གྱི་ཁྱད་ཆོས། 
     རྩ་འཛུགས་ཡོད་པའི་སྒོ་ནས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྤེལ་བའམ་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་དཔལ་འབྱོར་གྱི་ཁེ་ཕན་ཐོབ་པ་དང་། དཔལ་འབྱོར་གྱི་སྟོབས་ཤུགས་ངེས་ཅན་ཞིག་ཡོད་པར་བརྟེན་རྩ་འཛུགས་དེའི་བྱེད་སྒོར་རྒྱབ་སྐྱོར་བྱ་དགོས། 
     (3) བྱ་སྤྱོད་ཀྱི་ཁྱད་ཆོས། 
     དྲག་ཤུགས་དང་འཇིགས་སྐུལ་ལམ་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་རྩ་འཛུགས་ཡོད་པའི་སྒོ་ནས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཐེངས་མང་སྤེལ་ཏེ། མང་ཚོགས་ལ་ཁྲིམས་མེད་ལུགས་མེད་དང་བརྙས་བཅོས་གཉའ་གནོན་བྱེད་པ། 
     (4) གནོད་སྐྱོན་རང་བཞིན་གྱི་ཁྱད་ཆོས། 
     ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་བའམ་ཡང་ན་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་འགེབས་སྲུང་ངམ་རྒྱ་ཡན་དུ་བཏང་བར་བརྟེན་ནས་ཕྱོགས་གཅིག་ཧམ་བཟུང་བྱས་ཏེ། ས་ཁོངས་སམ་ལས་རིགས་ངེས་ཅན་ཞིག་ཁྲིམས་འགལ་གྱིས་ཚོད་འཛིན་ནམ་ཤུགས་རྐྱེན་ཚབས་ཆེན་བཟོས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཚོ་བའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་གཏོང་བ་བཅས་ཡིན།

      དྲུག ནག་ཚོགས་དང་འབྲེལ་བའི་ནག་ཉེས་ལ་རིགས་གང་དག་ཡོད།
      དེའི་ནང་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་སྒྲིག་འཛུགས་དང་མགོ་ཁྲིད། དེའི་ནང་ཞུགས་པ་བཅས་ཀྱི་ནག་ཉེས་དང་། ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་མངའ་ཁོངས་སུ་འཛུལ་ཏེ་འཕེལ་རྒྱས་གཏོང་བའི་ནག་ཉེས། ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་ལ་འགེབས་སྲུང་དང་དེ་རྒྱ་ཡན་དུ་གཏོང་བའི་ནག་ཉེས་སོགས་ཡོད།

      བདུན། ནག་ཚོགས་སྟོབས་ཤུགས་ཀྱི“སྲུང་གདུགས”ཞེས་པ་ནི་ཅི་ལྟ་བུ་ཞིག་ལ་གོ་དགོས།
      ནག་ཚོགས་སྟོབས་ཤུགས་ཀྱི“སྲུང་གདུགས”ཞེས་པ་ནི་གཙོ་བོ་རྒྱལ་ཁབ་ཀྱི་གཞུང་ཞབས་པས་རང་གི་དབང་ཆ་སྤྱད་དེ་ནག་ཚོགས་སྤྱོད་ངན་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ནང་ཞུགས་པའམ་ཡང་ན་ནག་ཚོགས་འགེབས་སྲུང་ངམ་རྒྱ་ཡན་དུ་གཏོང་བ། གྱོད་དོན་ཡོད་ཀྱང་ཐོ་འགོད་མི་བྱེད་པ། ཐོ་འགོད་བྱས་ཀྱང་ཞིབ་བཤེར་མི་བྱེད་པ། གྱོད་དོན་ལ་ཞིབ་བཤེར་བྱེད་ཤུགས་མི་འདང་བ་བཅས་ཀྱི་ཐོག་ནས་ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་སྟབས་བདེའི་ཆ་རྐྱེན་མཁོ་འདོན་བྱེད་པ་དང་། ནག་ཚོགས་སྟོབས་ཤུགས་ཀྱི་ཆད་གཅོད་ལས་གཡོལ་ཐབས་བྱེད་རོགས་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་གོ།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།

      

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-7-16 17:59 , Processed in 0.025128 second(s), 21 queries .

返回顶部