博客西藏在最高处过一种生活

日志

༄༅།།རབ་མཛེས་མཚོ་སྔོན་གྱི་ཀྲུང་གོ་གསར་བ་ད ...

已有 608 次阅读2019-5-23 09:25 |系统分类:见闻


                      ༄༅།།རབ་མཛེས་མཚོ་སྔོན་གྱི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ70འཁོར་བའི་མཚོ་སྔོན་མི་རིགས་
                               ས་ཁུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་ཟླ6པའི་ནང་པེ་ཅིན་དུ་སྤེལ་རྒྱུ་ཡིན་པ།
                                 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར། 

                               

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ3པའི་ཚེས269ཉིན། གསར་འགོད་པས་རབ་མཛེས་མཚོ་སྔོན་གྱི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ70འཁོར་བའི་མཚོ་སྔོན་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོ་སྟེང་ཤེས་གསར་ལྟར་ན། ཟླ6པའི་ཚེས19ཉིན་ནས་ཚེས27ཉིན་བར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མི་རིགས་རིག་གནས་ཕོ་བྲང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྒྲུབ་འགན་ཁུར་བའི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ70འཁོར་བའི་མཚོ་སྔོན་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་པེ་ཅིན་མི་རིགས་ཕོ་བྲང་ནས་འགྲེམ་སྟོན་བྱེད་རྒྱུ་རེད། 

       ཐེངས་འདིའི་གྲུབ་འབྲས་འགྲེམ་སྟོན་བྱ་འགུལ་ལེགས་པོར་སྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་མི་སྣ་ཁོངས་མི་ཡིན་པའི་འགྲེམ་སྟོན་གྲ་སྒྲིག་འགོ་ཁྲིད་ཚན་ཆུང་བཙུགས་ནས། གཅིག་གྱུར་སྒོས་བཀོད་སྒྲིག་བྱེད་པ་དང་འགན་འཁྲི་གསལ་འབེབས་ཀྱིས་བྱ་བའི་འགན་ཁུར་ཐག་གཅོད་བྱས། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་འགྲེམ་སྟོན་བྱ་བར་རིམ་པ་སོ་སོའི་ཏང་ཨུ་དང་། སྲིད་གཞུང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བཅས་འབྲེལ་ཡོད་ལས་ཁུངས་དག་གིས་ཚད་མཐོ་བའི་མཐོང་ཆེན་བྱེད་དུ་བཅུག་ནས། སྔ་མོ་ནས་གྲ་སྒྲིག་ལེགས་པོ་བྱེད་པ་དང་མཉམ་གཅིག་ཏུ་བྱ་འགུལ་ལེགས་འགྲུབ་འབྱུང་ཆེད་འབད་པ་བྱེད་དགོས་པའི་བླང་བྱ་བཏོན། དུས་མཚུངས་སུ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ད་དུང་མི་རིགས་རིག་གནས་ཕོ་བྲང་གི་འགོ་ཁྲིད་གདན་ཞུ་བྱས་ཏེ་འགྲེམ་སྟོན་གྱི་བརྗོད་དོན་དང་ཇུས་འགོད། བཟོ་བཀོད་ཐད་ནས་ཟི་ལིང་དང་རྨ་ལྷོ། མཚོ་ནུབ་སོགས་ས་གནས་ལ་ཡུལ་དངོས་སུ་བརྟག་དཔྱད་བྱས། བརྟག་དཔྱད་ཚན་ཆུང་གིས་མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་གིས་མི་རིགས་བྱ་བར་མཐོང་ཆེན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་འབུར་ཏུ་ཐོན་ཡོད་ལ། མི་རིགས་རིག་གནས་ཀྱི་རྨང་མཐུག་པས་ཐེངས་འདིའི་འགྲེམ་སྟོན་སྤེལ་བར་རྨང་གཞི་བརྟན་པོ་བསྐྲུན་ཡོད་ཟེར། 

      ཐེངས་འདིའི་གྲུབ་འབྲས་འགྲེམ་སྟོན་ནི་ལོ་ངོ70རིང་གི་མཚོ་སྔོན་གྱི་འཕོ་འགྱུར་འགྲེམ་སྟོན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་འཛུགས་སྐྲུན་ལག་བསྟར་བྱེད་པའི་བྱ་འགུལ་གལ་ཆེན་ཞིག་ཡིན་པ་དང་། མིག་སྔར་གྲ་སྒྲིག་བྱ་བ་རིམ་པ་ཡོད་པའི་སྒོ་ནས་སྒྲུབ་བཞིན་ཡོད།  །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-6-16 20:49 , Processed in 0.024635 second(s), 21 queries .

返回顶部