博客西藏在最高处过一种生活

日志

༄༅།།ལོ་ཙཱ་བ་བཻ་རོ་ཙ་ནའི་སྒྲུབ་ཕུག ... ...

已有 481 次阅读2019-5-22 19:30 |系统分类:文化


                                                ༄༅།།ལོ་ཙཱ་བ་བཻ་རོ་ཙ་ནའི་སྒྲུབ་ཕུག
                                         རྩོམ་པ་པོ། མི་གསལ།
རྩོམ་ཁུངས། མཚོ་སྔོན་པོའི་དྲ་བ།

                       

     ཆོས་རྒྱལ་ཁྲི་སྲོང་གི་སྐུ་དུས་སུ་བོད་ཀྱི་མཐའ་མཚམས་སྲུང་བའི་རྒྱལ་ཕྲན་ཚ་རོང་རྒྱལ་པོ་མདོ་གཞེར་ནག་པོའི་ཟོ་དོར་ཆེན་པོ་ཞིག་ཡིན་པར་གྲགས། དུས་སྐབས་དེར་བོད་ཀྱི་མཁས་གྲུབ་ཆེན་པོ་ལོ་ཙཱ་བཻ་རོ་མཆོག་གིས་ནང་ཆོས་བསྒྱུར་སྤེལ་མཛད་པ་ལ་བར་ཆད་དུ་མ་ཞིག་དང་། ལྷག་པར་རྒྱལ་པོའི་བཙུན་མོ་དམར་རྒྱན་མས་མ་ཉེས་པའི་ཁ་ངན་སྣ་ཚོགས་པ་བརྗོད་པར་རྐྱེན་བྱས་ཏེ་མཐའ་སྤྱུགས་མཛད་ཡུལ་གྱི་གནས་ཡིན་པ་དང༌། ལོ་ཙཱ་ཆེན་པོས་གནས་འདིར་དམ་པའི་ཆོས་དར་སྤེལ་དང་བུ་སློབ་ཀྱི་མཆོག་གྱུར་ཤར་རྒྱལ་རོང་བ་གཡུ་སྒྲ་སྙིང་པོ་སོགས་གསོ་སྐྱོང་མཛད་པའི་ཞོར་དུ་ཁོང་ཉིད་ཀྱིས་ནང་བ་སངས་རྒྱས་པའི་ལམ་གྱི་མཐར་ཐུག་མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཉེ་ལམ་མངོན་དུ་བྱེད་ཡུལ་གྱི་སྒྲུབ་གནས་ཕུན་སུམ་ཚོགས་པར་བསྒྱུར་ཚུལ་གྱི་ལོ་རྒྱུས་བཞུགས་པའི་གནས་དེ་ཡིན་པ་དང༌། སློབ་དཔོན་གྱིས་དཔལ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་བའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པའི་ས་སྤྱོད་ཀྱི་གནས་རི་ཞིག་གི་ལོ་རྒྱུས་ཅན་དེ་ཡིན། གནས་འདིར་དམ་ཅན་ཕུག་མདུན་དུ་བཞུགས་པའི་སློབ་དཔོན་བེེ་རོའི་གྲུབ་རྟགས་ཀྱི་ཞབས་རྗེས་གསལ་བོ་ཡོད།
     ལོ་ཙཱ་བ་བཻ་རོ་ཙ་ན་ནི་སྙེ་མོ་ཁུལ་དུ་སྤྱི་ལོའི་དུས་རབས་བརྒྱད་པར་སྐུ་བལྟམས། ཁོང་ནི་མདོ་སྔགས་ཀྱི་ཆོས་ལ་མཁས་ཤིང་སྐད་གཉིས་སྨྲ་བའི་སྒྲ་བསྒྱུར་བ་ཞིག་ཀྱང་ཡིན་པ་དང་ཁོང་གིས་དབེན་པའི་བྲག་ཏུ་སྒྲུབ་པ་གཙོ་བོར་མཛད་པ་ལ་སྙེ་མོ་བྱེ་མཁར(ད་ལྟ་ཟངས་རི་ཆུས) པ་གོར། བྲག་ཡེར་པ། བསམ་ཡས་མཆིམས་ཕུ། ལྷོ་ཁ་འཕྱོངས་རྒྱས། མདོ་སྨད་རྒྱལ་རོང་ཚ་ཁོ་བཅས་སུ་ཁོང་གི་སྒྲུབ་ཕུག་ཡོད།

     ཞེས་རོང་ཆེན་ལྷ་རྒྱ་དཔལ་གྱིས་མཚོ་སྔོན་པོ་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-6-26 14:24 , Processed in 0.025257 second(s), 21 queries .

返回顶部