博客西藏在最高处过一种生活

日志

༄༅།།དངོས་ལྗོངས་བརྙན་ཕབ་འཁྲབ་ཚན《མཛེས་མའི་ ...

已有 80 次阅读2019-5-22 18:50 |系统分类:见闻


                            ༄༅།།དངོས་ལྗོངས་བརྙན་ཕབ་འཁྲབ་ཚན《མཛེས་མའི་ལུང་པ》ཞེས་པ་ཐོག་མར་འཁྲབ། 
                                      ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་སྒྲིག་པ། རྡོ་རྗེ།

                 
      སྤྱི་ཟླ5པའི་ཚེས19ཉིན། གནས་ཆེན་རྒྱལ་མོ་དམུ་རྡོའི་འདབས་རོལ་གྱི་དངོས་ལྗོངས་བརྙན་ཕབ་འཁྲབ་ཚན《མཛེས་མའི་ལུང་པ》ཞེས་པ་རོང་བྲག་རྫོང་སྤྲོ་སྣང་ཤང་དུ་ལེགས་འགྲུབ་ངང་ནས་སྤེལ་ཡོད་ཅིང་། འཁྲབ་སྟོན་པ430ཡིས《རྒྱལ་མོ་ཆུང་ཆུང》གི་སྐྱེས་སྐར་དང་འཚར་ལོངས། བརྩེ་དུང་། གཉེན་སྒྲིག དེ་མིན་རྒྱལ་རོང་བོད་རིགས་ཀྱི་ལྷ་སྒྲུང་དང་རྩོམ་རིག མཛད་སྒོ། གླུ་གར། འཚོ་བའི་གོམས་སྲོལ་བཅས་ལ་དམིསག་ནས་དཔའ་བོ་བཅུ་གསུམ་དང་བུ་མོ་ན་སོན་པའི་གུས་ལུགས་མཛད་སྒོ། གླུ་གཞས་འགྲན་བསྡུར། གྱང་འཛེགས་ཞབས་བྲོ་སོགས་འཁྲབ་སྟོན་ལེ་ཚན་འདྲ་མིན་སྤེལ་ཏེ་ལྟད་མོ་བ་རྣམ་པའི་མིག་དབང་ཀུན་ནས་འཕྲོག་པ་རེད།
      དངོས་ལྗོངས་བརྙན་ཕབ་འཁྲབ་ཚན《མཛེས་མའི་ལུང་པ》ཞེས་པར་ཁྱོན་བསྡོམས་ལེ་ཚན་ལྔ་ལ་དབྱེ་ཡོད་ཅིང་། ལེ་ཚན་དང་པོ་སྟེ། 《ཚེ་སྲོག་གི་མཛེས་སྡུག》དང་ལེ་ཚན་གཉིས་པ《ས་གཞིའི་མཛེས་སྡུག》 ལེ་ཚན་གསུམ་པ《བརྩེ་དུང་གི་མཛེས་སྡུག》ལེ་ཚན་བཞི་པ 《གུས་ལུགས་ཀྱི་མཛེས་སྡུག》བཅས་རིམ་པ་བཞིན་དུ་འཁྲབ་ཡོད་པས་རྒྱ་ཆེ་བའི་གཟིགས་མོ་བ་རྣམ་པ་དང་དྲྭ་ལམ་དུ་ཐད་གཏོང་ལ་ལྟ་བཞིན་པའི་དྲྭ་གྲོགས་ལྷན་རྒྱས་ལ་མིག་གི་དགའ་སྟོན་དུ་གྱུར་ཡོད།
      བསང་དུད་སྔོན་མོས་བར་སྣང་ཡོངས་སུ་ཁེངས། དུང་སྒྲ་སྙན་མོས་རྒྱལ་མོའི་ཡུལ་ལུང་དཀྲོག། ཞོགས་པའི་དུས་ཚོད10པའི་ཐོག་དངོས་ལྗོངས་བརྙན་ཕབ་འཁྲབ་ཚན《མཛེས་མའི་ལུང་པ》ཞེས་པ་དངོས་སུ་སྤེལ་འགོ་ཚུགས། འཁྲབ་སྟོན་པ་རྣམས་ཀྱིས་འབྲུ་དང་ཤུག་པ་སོགས་ལག་ཏུ་བཟུང་ནས་ཕྱོགས་མི་འདྲ་ས་ནས་གར་སྟེགས་སུ་བསྐྱོད་དེ་གནས་མཆོག་དམུ་རྡོའི་ཕྱོགས་ནས་བསང་མཆོད་འབུལ་ཏེ་སྨོན་ལམ་འདེབས། སྐབས་དེར། བྱིས་པའི་ངུ་སྐད་ཅིག་གིས་ལྷིང་འཇགས་དང་བག་ཕེབས་ཀུན་ནས་དཀྲོག འདི་ནི་རྒྱལ་མོ་ཆུང་ཆུང་འཇིག་རྟེན་མི་ཡུལ་དུ་ཐོན་པའི་ཐོག་མའི་ངུ་སྐད་དེ་ཡིན་ཞིང་། འཁྲབ་ཚན་དང་པོ་དང་གཉིས་པ། གསུམ་པ་བཅས་ནི་རྒྱལ་མོ་ཆུང་ཆུང་སྐྱེས་པ་ནས་འཚར་ལོངས་བྱུང་བ། དེ་རྗེས་བརྩེ་དུང་འཚོལ་བ་དང་གཉེན་སྟོན་བྱེད་པའི་འཁྲབ་སྟོན་ལེ་ཚན་ཡིན་པ་དང་། དེ་མིན་བུ་མོ་ན་སོན་པའི་གུས་ལུགས་མཛད་སྒོ་དང་ནས་རྡུང་ཞབས་བྲོ་ལེགས་ཤོག་ཡ། གླུ་གཞས་འགྲན་བསྡུར། གྱང་འཛེགས་ཞབས་བྲོ། དམུ་རྡོའི་སྐོར་བྲོ་སོགས་རྒྱལ་རོང་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་ལེ་ཚན་འདྲ་མིན་སྤེལ་ཡོད་པས་ཡུལ་དངོས་སུ་འགའ་སྤྲོའི་ཐལ་སྒྲས་ཡོངས་སུ་ཁེངས།
      འཁྲབ་སྟོན་ཇུས་འགོད་པས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་སྤྱི་ཟླ་གསུམ་པའི་ཟླ་དཀྱིལ་ཙམ་ནས་རོང་བྲག་ས་ཁུལ་དུ་འཁྲབ་སྟོན་པ་ལེགས་འདེམས་བྱས་ཏེ་སྦྱོང་བརྡར་བྱས་ཡོད། ཟླ་བ་གཉིས་ཙམ་གྱི་རིང་ལ་སྲོལ་རྒྱུན་གྱི་གོམས་གཤིས་དང་གླུ་གཞས་ཀྱི་ཉམས་འགྱུར་ལ་བརྟེན་ནས་རིག་གནས་ཀྱི་ནང་དོན་ཟབ་པའི་འཁྲབ་སྟོན་ལེ་ཚན་སྤེལ་བ་ནི་ཕ་ཡུལ་ལ་དགའ་བ་དང་ཕ་ཡུལ་ལ་དུང་བའི་བརྩེ་སེམས་མཚོན་པ་ཞིག་ཡིན་པ་རེད།
      སློབ་མཐར་ཕྱིན་རྗེས་ཁྲེང་ཏུའུ་ལ་ལས་དོན་སྒྲུབ་བཞིན་པའི་ཚེ་རིང་ལྷ་མོས་རང་གི་གྲོགས་གླིང་དུ་ཕ་ཡུལ་དུ2019ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་སྤེལ་བའི་གཏམ་བཟང་དེ་གོ་འཕྲལ་མགྱོགས་མྱུར་དུ་ཕ་ཡུལ་ལ་ལོག་བསམ་ཡང་ལས་དོན་གི་དབང་གིས་རེ་ཞིག་ཏུ་ལོག་ཐུབ་མ་བྱུང་། དེ་རིང་སྔ་དྲོར་བརྙན་ལམ་ནས་ཐད་གཏོང་ལ་ལྟ་དུས་བུ་མོ་ན་སོན་པའི་གུས་ལུགས་མཛད་སྒོའི་ནང་དུ་བུད་མེད་ཨ་མ་དང་བྲལ་བའི་རྣམ་པ་མཐོང་དུས་མིག་ཟུང་ནས་རང་དབང་མེད་པར་མཆི་མ་ཤོར་སོང་། རང་གི་ཕ་ཡུལ་རྒྱལ་མོ་ཚ་བ་རོང་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བྲིས་འདུག་པ་རེད།།
          ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-6-16 21:44 , Processed in 0.025454 second(s), 21 queries .

返回顶部