博客西藏在最高处过一种生活

日志

༄༅།།ད་ལོར་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་ ...

已有 73 次阅读2019-5-22 18:37 |系统分类:见闻


                 ༄༅།།ད་ལོར་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་མཚོ་སྔོན་ལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར15.77བཏང་།
                                ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

                    

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་འབྱོར་བའི་གནས་ཚུལ་ལྟར་ན། མིག་སྔའི་བར་དུ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་ཆ་སྙོམས་སུ་མཚོ་སྔོན་ལ་རོགས་སྐྱོར་རྣམ་གྲངས་ཀྱི་མ་དངུལ་འཆར་གཞི་རྩིས་སྤྲོད་བྱས་ཤིང་། མཚོ་སྔོན་གྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར15.77ལ་སླེབས་པ་དང་། ལོ་སྔོན་མ་ལས6.8%འཕར་བ་དང་། ད་ལྟ་མ་དངུལ་སྒོར་དུང་ཕྱུར10.16དངོས་སུ་རྩིས་སྤྲོད་བྱས།

      ད་ལོའི་རིང་ལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་འཐབ་ཇུས་འཆར་འགོད་དངོས་འབེབས་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་བྱ་བའི་གཙོ་གནད་ལ་དམིགས་ནས། རོགས་སྐྱོར་དང་ལེན་ས་ཁུལ་གྱི་དགོས་མཁོ་དངོས་ལྟར2019ལོའི་མཚོ་སྔོན་རོགས་སྐྱོར་རྣམ་གྲངས་ཀྱི་མ་དངུལ་འཆར་གཞི་ཞིབ་འཇུག་དང་དངོས་འབེབས་བྱས་ཏེ། རོགས་སྐྱོར་བྱ་བ་མུ་མཐུད་དུ་རིམ་སྤར་བྱུང་བར་ཤུགས་སྣོན་བྱས། དེའི་ཁྲོད། པེ་ཅིན་དང་། ཐེན་ཅིན། ཧྲན་ཏུང་བཅས་ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱི་ལོ་ཧྲིལ་བོའི་རོགས་སྐྱོར་མ་དངུལ་ཡོངས་རྫོགས་དངོས་སུ་འབྱོར་བ་དང་། ཧྲང་ཧེ་དང་ཅང་སུའུ་ཡིས་ལོ་ཧྲིལ་བོའི་རོགས་སྐྱོར་མ་དངུལ50%རྩིས་སྤྲོད་བྱས། དབུལ་ཐར་མཁྲེགས་གཏོར་དང་། དམངས་འཚོ་ལེགས་བཅོས། ཐོན་ལས་འཕེལ་རྒྱས། སྤྱི་ཚོགས་ཀྱི་སྤྱི་བའི་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན། འཇོན་མིའི་རྒྱབ་སྐྱོར་སོགས་དང་འབྲེལ་བའི་རོགས་སྐྱོར་རྣམ་གྲངས400གཏན་ཁེལ་བྱས་ཤིང་། དེའི་ཁྲོད་གསར་སྐྲུན་རྣམ་གྲངས211ཡོད་པ་དང་། མཐུད་སྐྲུན་རྣམ་གྲངས189ཡོད། གསར་སྐྲུན་དང་མཐུད་སྐྲུན་རྣམ་གྲངས་ཁྲོད་རྣམ་གྲངས260ལས་འགོ་བརྩམས་པ་དང་། ལས་གཞི་ཡར་བསྐྱར་ལས་འགོ་རྩོམ་ཚད65%ལ་སླེབས་ཡོད།

      དེ་མིན། པེ་ཅིན་དང་ཐེན་ཅིན་གྱིས་ཡང་བསྐྱར་མ་དངུལ་སྒོར་དུང་ཕྱུར1.62བཏང་ཡོད་པ་རེད། པེ་ཅིན་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར1.25བཏང་བ་དེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དང་ཤིན་ཏུ་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། ཐེན་ཅིན་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི3690དངོས་འབེབས་བྱས་པ་དེ་གཙོ་བོ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཚན་རྩལ་ཁང་གི་འཛུགས་སྐྲུན(སྒོར་ཁྲི2000)དང་གནད་འཕིགས་དབུལ་སྐྱོར(སྒོར་ཁྲི1690)ཐད་བཀོལ་སྤྱོད་བྱ་རྒྱུ་རེད།  །

      ཞེས་རོང་ཆེན་ལྷ་རགྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-6-16 21:20 , Processed in 0.024244 second(s), 21 queries .

返回顶部