博客西藏在最高处过一种生活

日志

༄༅།།བོད་བརྒྱུད་ནང་བསྟན་“མཐོ་རམས་པའི”མཐོ་ ...

已有 103 次阅读2019-5-20 07:27 |系统分类:见闻


 ༄༅།།བོད་བརྒྱུད་ནང་བསྟན་“མཐོ་རམས་པའི”མཐོ་རིམ་ཡོན་གནས་སྩོལ་བ་དང་དགེ་རྒན་ཆེན་མོ་དཔྱད་འདེམས་བསྐོ་བཞག་བྱེད་སྒོ་པེ་ཅིང་དུ་སྤེལ་འགོ་ཚུགས།
                               ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

                  
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་5པའི་ཚེས་13ཉིན་གྱི་སྔ་དྲོར། བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཡོན་གནས་དཔྱད་འཇོག་ཨུ་ཡོན་ལྷན་ཁང་སྐབས་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་དང་དགེ་རྒན་ཆེན་མོའི་ཐོབ་ཐང་དཔྱད་འཇོག་ཨུ་ཡོན་ལྷན་ཁང་སྐབས་ལྔ་པའི་ཚོགས་འདུ་ཐེངས་དང་པོ་དེ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཉི་འོད་ཐོག་ཁང་དུ་འཚོགས་པས། 2019ལོའི“མཐོ་རམས་པའི”མཐོ་རིམ་ཡོན་གནས་སྩོལ་བ་དང་དགེ་རྒན་ཆེན་མོ་དཔྱད་འདེམས་བསྐོ་བཞག་གི་བྱེད་སྒོ་དེ་དངོས་སུ་སྤེལ་འགོ་ཚུགས་པ་རེད། 
      ཚོགས་འདུའི་ཐོག་མཐོ་རིམ་ཡོན་གནས་དཔྱད་འཇོག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གཉིས་གསར་སྣོན་བྱ་རྒྱུའི་ཆོད་དོན་དང་།  མཐོ་རིམ་ཡོན་གནས་དཔྱད་འཇོག་གི་ཞིབ་ཕྲའི་ལས་དོན་ཨུ་ཡོན་ལྷན་ཁང་གསར་དུ་འཛུགས་པར་ཁྱབ་བསྒྲགས་གནང་། གྲོས་བཤེར་བརྒྱུད་ནས་སྐབས་བཅོ་ལྔ་པའི་མཐོ་རིམ་ཡོན་གནས་དཔྱད་འཇོག་བྱེད་ཐབས་དང་ལས་ཀའི་འཆར་འགོད་ལ་ཆོག་མཆན་ཐོབ་པ་དང་། སྐབས་བཅོ་ལྔ་པའི་མཐོ་རིམ་ཡོན་གནས་དཔྱད་འཇོག་ལས་ཀའི་བཀོད་སྒྲིག་གཏན་འཁེལ་བྱས། ཚོགས་འདུའི་ཐོག་སྐབས་ལྔ་པའི་དགེ་རྒན་ཆེན་མོའི་ཐོབ་ཐང་དཔྱད་འཇོག་ཨུ་ཡོན་ལྷན་ཁང་གསར་འཛུགས་དང་ཞིབ་ཕྲའི་ལས་ཀའི་ཨུ་ཡོན་ལྷན་ཁང་གསར་དུ་འཛུགས་པར་ཁྱབ་བསྒྲགས་གནང་བ་དང་། གྲོས་བཤེར་བརྒྱུད་ནས་སྐབས་ལྔ་པའི་དགེ་རྒན་ཆེན་མོའི་ཐོབ་ཐང་དཔྱད་འཇོག་བྱ་ཐབས་དང་ལས་ཀའི་འཆར་འགོད་ལ་ཆོག་མཆན་ཐོབ་པ་རེད།
      བོད་བརྒྱུད་ནང་བསྟན་མཐོ་རིམ་ཡོན་གནས་དཔྱད་འཇོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སྒོ་མང་ཚང་གིས་ གསུང་བཤད་ལས་བསྟན་པ་ལྟར་ན།  རིམ་གསུམ་ཡོན་གནས་ལམ་ལུགས་ལག་བསྟར་བྱ་རྒྱུ་ནི་རྒྱལ་ཁབ་ཀྱིས་བོད་བརྒྱུད་ནང་བསྟན་གྱི་དོན་དངོས་ནས་གཞི་ཚུགས་ཏེ་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་ལམ་འཛུགས་པའི་ཆེད་དུ་ཡིན་ལ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པོ་ཡོང་བར་ཁྲིད་སྟོན་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཀྱང་ཡིན། མཐོ་རིམ་ནང་བསྟན་སློབ་གླིང་གིས་བཙུགས་པའི་དགེ་རྒན་ཆེན་མོ་དཔྱད་འདེམས་བསྐོ་བཞག་ལམ་སྲོལ་འདིས་ཡོན་གནས་སློབ་གསོར་དགེ་རྒན་གྱི་དཔུང་སྡེ་འདང་ངེས་ཡོང་བར་ཁག་ཐེག་བྱས་ཡོད་པ་དང་། དེ་ནི་ཡོན་གནས་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་སྟེ། རིམ་གསུམ་ཡོན་གནས་མ་ལག་འཛུགས་སྐྲུན་ཁྲོད་དུ་ནུས་པ་གལ་ཆེན་འདོན་བཞིན་ཡོད། དུས་རྣམ་ཀུན་ཏུ་ཨུ་ཡོན་རྣམས་ཀྱིས་དུས་བསྟུན་འཕེལ་རྒྱས་དང་གསར་གཏོད་སྲོལ་འབྱེད་རྒྱུན་འཁྱོངས། འདྲ་མཉམ་དྲང་གཞག་དང་སྤུས་ཚད་འགན་ལེན་རྒྱུན་འཁྱོངས། འགན་འཁྲི་ནན་སྒྲུབ་དང་གོ་རིམ་ཚད་ལྡན་རྒྱུན་འཁྱོངས་བཅས་ཀྱིས། ཡོན་གནས་ལམ་ལུགས་གསར་བ་འཛུགས་པ་དང་དེའི་འཐུས་སྒོ་ཇེ་ཚང་དུ་གཏོང་བར་བྱས་རྗེས་ཆེན་པོ་བཞག་གནང་ཡོད། སྒོ་མང་ཚང་གིས་བསྟན་དོན། ཨུ་ཡོན་རྣམ་པས་《བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྩོལ་བའི་བྱེད་ཐབས་(ཚོད་ལྟའི་ལག་བསྟར)》ཀྱི་དགོངས་དོན་དང་། མཐོ་རིམ་ཡོན་གནས་དང་ཡོངས་འཛིན་ཐོབ་ཐང་དཔྱད་འཇོག་གི་བྱེད་ཐབས་སྐོར་ལ་གོ་བ་ཟབ་མོ་ལོན་བཞིན་ནན་ནན་ཏིག་ཏིག་གིས་ལག་བསྟར་བགྱིས་ནས། དཔྱད་འཇོག་བྱ་བའི་ཆུ་ཚད་མུ་མཐུད་ནས་ཇེ་མཐོ་དང་ཡོན་གནས་ལམ་ལུགས་འཛུགས་སྐྱོང་བྱ་བ་མུ་མཐུད་ནས་སྐུལ་འདེད་གཏོང་དགོས་ཞེས་བསྟན།
     རྒྱུས་ལོན་པ་ལྟར་ན། 2019ལོར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་དགེ་ལུགས་དང་ཇོ་ནང་། བཀའ་བརྒྱུད་བཅས་གྲུབ་མཐའ་གསུམ་ནས་ཕེབས་པའི་སློབ་མ་40ཡིས“མཐོ་རམས་པའི”མཐོ་རིམ་ཡོན་གནས་སྐབས་བཅོ་ལྔ་པའི་ནང་ལ་ཞུགས་རྒྱུ་ཡིན་ལ། དེ་ནི་སྔོན་མའི་ལོ་དག་ལ་བསྡུར་ན་ཆེས་མང་བའི་སྐབས་ཤིག་ཡིན། དེ་དང་ཆབས་ཅིག དགེ་རྒན་ཆེན་མོའི་ཐོབ་ཐང་དཔྱད་འཇོག་ལ་རེ་བ་ཞུ་བའི་མི་སྣ་8ཡོད། མ་འོངས་པའི་གཟའ་འཁོར་གཅིག་རིང་མཐོ་རིམ་ཡོན་གནས་ལ་རེ་བ་ཞུ་བའི་སློབ་མ་དང་དགེ་རྒན་ཆེན་མོའི་ཐོབ་ཐང་དཔྱད་འཇོག་ལ་རེ་བ་ཞུ་བའི་མི་སྣ་རྣམས་ཁག་སོ་སོར་བགོས་ནས་ཐོབ་ཐང་ཞིབ་བཤེར་དང་། རྩོད་གླེང་དམ་བཅའ། དཔྱད་རྩོམ་བགྲོ་གླེང་བཅས་ཀྱི་ནང་ལ་ཞུགས་རྒྱུ་རེད།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-6-16 21:21 , Processed in 0.027938 second(s), 21 queries .

返回顶部