博客西藏在最高处过一种生活

日志

༄༅།།མཚོ་སྔོན་གྱིས་གཞི་རིམ་གྱི་སྨན་པའི་དཔ ...

已有 42 次阅读2019-5-14 18:43 |系统分类:见闻




༄༅།།མཚོ་སྔོན་གྱིས་གཞི་རིམ་གྱི་སྨན་པའི་དཔུང་སྡེ་འཛུགས་སྐྱོང་བྱ་རྒྱུ་རེད།
ཡོང་ཁུངས་།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། ཁོན་ཐར་འཚོས་བསྒྱུར།
                                         

     ཟླ5ཚེས12ཉིན་ཟི་ལིང་ནས་སྤེལ་བའི་འཕྲིན། ནད་ཀྱིས་ཕོངས་པའི་ཁྱིམ་ཚང་མང་ཞིང་། མང་ཚོགས་ཀྱི་ནད་གཞི་རྙོག་འཛིང་ལྡན་པ། གཞི་རིམ་དུ་སྨན་པ་འཇོན་ལྡན་དཀོན་པ་ལ་སོགས་གནས་ཚུལ་ལ་གཞིགས་ནས། མཚོ་སྔོན་གྱིས“གཞི་རིམ་གྱི་སྨན་པ་འཇོན་ལྡན་ཅན་གྱི་དཔུང་སྡེ་འཛུགས་སྐྱོང་ལས་གཞི”ལག་བསྟར་བྱས་ཏེ། ཐོག་མར་དབུལ་ནག་ས་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་སྨན་པ་དཀའ་བཅུ་པའི་འཇོན་ལྡན་གོ་ཆོད་སྨན་པ་བསྡུས་ནས་རིམ་གྱིས་གྲོང་ཁྱེར་གྱི་མི་འབོར་ཁྲི་རེར་དང་། ཞིང་འབྲོག་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་རེར་གོ་ཆོད་སྨན་པ་གཉིས་ཡན་བཀོད་སྒྲིག་བྱ་རྒྱུ་མ་ཟད། རྐང་འཛིན་སྨན་པའི་ཟབ་སྦྱོང་དང་གོ་ཆོད་སྨན་པའི་ལག་རོགས་སྐྱེད་སྲིང་གི་ཟབ་སྦྱོང་། ནད་སྡོད་སྨན་ཁང་གི་སྨན་པ་ཚད་ལྡན་ཅན་དུ་གཏོང་བའི་ཟབ་སྦྱོང་སོགས་ལས་གཞི་མང་པོ་ལ་བརྟེན་ནས་ལོ་རེར་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་འཕྲོད་བསྟེན་དང་འཆར་སྐྱེས་ཆེད་ལས་སྐོར་གྱི་ལག་རྩལ་པ300སྐྱེད་སྲིང་བྱ་རྒྱུ་བྱས་འདུག
      མཚོ་སྔོན་གྱིས“དགུན་ལ་དྲོད་ཁོལ་སྐྱེལ་བའི་བདེ་ཐང་དབུལ་སྐྱོར་གྱི་ཞབས་ཞུ་བྱེད་སྒོ”ཡི་རྒྱུན་མུ་མཐུད་དུ་སྤེལ་ཞིང་། 2018ལོར་འཕྲོད་བསྟེན་འཆར་སྐྱེས་སྐོར་གྱི་འཇོན་མིའི་དཔུང་སྡེ783སྟེ་མི3600ལྷག་སྒྲིག་འཛུགས་བྱས་ཏེ། “སྨན་པ་མངགས་པ་དང་། སྨན་རྫས་སྐྱེལ་བ། བདེ་ཐང་སྦྱིན་པ། སྲིད་ཇུས་འདོན་པ”བཅས་ནད་དཔྱད་ནད་བརྟག་གི་བྱེད་སྒོ་སྤེལ་ནས་ནད་ཀྱིས་ཕོངས་པའི་ཁྱིམ་ཚང་ལ་སྨན་བཅོས་ཐད་ཁྲིད་སྟོན་ཚད་ལྡན་དང་། སྨན་རྫས་ཐད་ནས་བཀོལ་སྤྱོད་ཚད་ལྡན་བཅས་སུ་བཏང་ནས་ནད་གཞི་ལྕི་མོ་ཕོག་པའི་དབུལ་པོའི་མི་འབོར་ལ་ཁྱད་པར་ཅན་གྱི་སྨན་བཅོས་ཇུས་ཐབས་བཟོས་ངོར། སྔ་གཞུག་ཏུ་མི་ཐེངས་ཁྲི5ལ་ནད་བརྟག་ནད་དཔྱད་དང་ལུས་པོར་རིན་མེད་ཐོག་ནད་བཤེར་བྱས་ཏེ། ནད་ལྕི་བོའི་དབུལ་པོའི་ནད་པ230ལ་ནད་བཅོས་བྱས་པ་དང་། དྲིལ་སྒྲོག་བྱེད་སྒོ་ཐེངས 510སྤེལ་ཡོད་པ་རེད།
      མཚོ་སྔོན་གྱིས“དོ་དམ་ལས་བྱེད་པ་དང་ལག་རྩལ་འཇོན་མི་ཟུང”འདེམས་མངགས་ཀྱི་རྣམ་པ་སྤྱད་དེ། ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང12ཀྱི་ཆེད་ལས་ལག་རྩལ་པ150མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་རྫོང་རིམ་པའི་གཞུང་གཉེར་སྨན་ཁང14ལ་མངགས་ནས་རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་དོ་དམ་ཆུ་ཚད་ཇེ་ལེགས་ཡོང་བར་རོགས་རམ་དང་མི་སྣ་སྐྱེད་སྲིང་ཐད་ནས་ཟབ་སྦྱོང་སྤེལ་རྒྱུ་རེད། དེ་དང་ཆབས་ཅིག་ཏུ་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་འཇོན་མི་མཉམ་སྤྱོད་ཐབས་ལམ་ལ་བརྟེན་ནས་འཇོན་མི་མཉམ་སྤྱོད་དང་། ཚན་ཞིབ་མཉམ་ལས། གནས་མང་ལས་གཉེར་ལ་སོགས་ཀྱི་ལམ་ནས་ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་དང་གྲོང་ཁྱེར་སྨན་ཁང་བར་དུ་མཉམ་གྲོས་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཐོག སྨན་བཅོས་ཐོན་ཁུངས་ལེགས་ཤོས་ལ་སྐུལ་སྤེལ་བྱས་ནས་གཞི་རིམ་དུ“གཏན་སྡོད”ཀྱི་སྨན་བཅོས་དཔུང་སྡེ་ཁག་ཅིག་གཟུག་རྒྱུ་རེད།
      ད་སྔ་མཚོ་སྔོན་དུ་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི95ཡོད་ཅིང་། དེ་ཡུལ་ཚོ་དང་གྲོང་རྡལ། སྡོད་ཁུལ་གྱི་སྨན་ཁང339ལ་ཁྱབ་ཡོད་པ་དང་། སྨན་བཅོས་ལག་རྩལ་པ་མི་ཐེངས9671གཞི་རིམ་དུ་མངགས་ནས་ཆེད་ལས་ཚན་ཁག་གསར་པ144འཛུགས་རོགས་དང་ལག་རྩལ་གསར་པ་དང་ལས་སྒོ་གསར་པ་ཁག1554སྤེལ། ཞིང་ཆེན་ཡོངས་ཀྱི་རྫོང29ཡི་ཁྱབ་ཁོངས་ནས་ནད་བརྟག་ཚད80%ཡན་ལ་བསླེབས།ནད་ཀྱིས་ཕོངས་པའི་དབུལ་ཚང་གི་འབྱོར་བ་ཇེ་ལེགས་སུ་བཏང་བའི་མི་འབོར་དེ2016ལོའི་ཁྲི7.8ནས་ད་སྔའི་ཁྲི1.4ལ་མར་ཆག་ནས82%ཇེ་ཉུང་དུ་སོང་ཡོད་ལ། དབུལ་དམངས་ཀྱི་སྐྱིད་སྣང་དང་བདེ་སྣང་ཇེ་ཆེར་སོང་བ་མངོན་གསལ་ཡིན་པ་རེད།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-5-21 14:38 , Processed in 0.049722 second(s), 21 queries .

返回顶部