博客西藏在最高处过一种生活

日志

༄༅།།སྒྲིག་སྲོལ་གསར་པ་ཁག་ཅིག་ཟླ་5པ་ནས་ལག་ ...

已有 63 次阅读2019-5-14 15:53 |系统分类:见闻


                             ༄༅།།སྒྲིག་སྲོལ་གསར་པ་ཁག་ཅིག་ཟླ་5པ་ནས་ལག་བསྟར་བྱ་རྒྱུ་རེད།
                        ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་སྒྲིག་པ། རིན་སྒྲོལ།

        2019ལོའི་ཟླ་5པ་ནས་བཟུང་བཅའ་ཁྲིམས་དང་ཁྲིམས་སྲོལ་གསར་པ་ཁག་ཅིག་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། རྒན་གསོའི་འགན་བཅོལ་ཚན་པའི་གྲོན་དངུལ་དེ་16%བར་ཆག་ཡང་གཏོང་རྒྱུ།

                  
    《སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་ཚད་དམའ་རུ་གཏོང་བའི་ཕྱོགས་བསྡུས་ཇུས་གཞིའི》ནང་དུ། 2019ལོའི་ཟླ་5ཚེས་1ཉིན་ནས་བཟུང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ཚན་པའི་གྲོན་འཇལ་བསྡུར་ཚད་དམའ་རུ་གཏོང་རྒྱུ་དང་། མིག་སྔར་ཚན་པའི་གྲོན་འཇལ་བསྡུར་གྲངས་16%ལས་མཐོ་བའི་ཞིང་ཆེན་གྱིས་16%བར་ཆག་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
     དེ་དང་ཆབས་ཅིག་མུ་མཐུད་དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་ཚད་དམའ་རུ་གཏོང་རྒྱུ་ཡིན་པ་རེད། 2019ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་བསྡོམས་འབོར་1%ལག་བསྟར་བྱེད་མཁན་ཞིང་ཆེན་གྱིས་ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་ཚད་གཞི་དམའ་རུ་གཏོང་བའི་དུས་མཚམས་རང་བཞིན་གྱི་དུས་བཀག་ནས་2020ལོའི་ཟླ་4ཚེས་30ཉིན་བར་རིང་དུ་གཏོང་རྒྱུ་ཡིན་པ་དང་། 2019ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལས་རྨས་འགན་བཅོལ་གྱི་གྲོན་དངུལ་ཚད་གཞི་དམའ་རུ་གཏོང་བའི་དུས་མཚམས་རང་བཞིན་གྱི་དུས་བཀག་ནས་2020ལོའི་ཟླ་4ཚེས་30ཉིན་བར་རིང་དུ་གཏོང་རྒྱུ་རེད།
     རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཟླ་5ཚེས་1ཉིན་ནས་བཟུང《ཀྲུང་གོའི་ཁྲལ་བསྡུའི་ཡུལ་མིའི་ཐོབ་ཐང་བདེན་དཔང་》ཞེས་པའི་འབྲེལ་ཡོད་དོན་ཚན་ལེགས་སྒྲིག་བྱ་རྒྱུ་ཡིན་པ།

                   
      རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་1ཉིན་ནས་བཟུང《ཀྲུང་གོའི་ཁྲལ་བསྡུའི་ཡུལ་མིའི་ཐོབ་ཐང་བདེན་དཔང》ལེན་པའི་འབྲེལ་ཡོད་དོན་ཚན་ལེགས་སྒྲིག་བྱ་རྒྱུ་ཡིན་པ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི་ཁྲལ་བསྡུའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྲལ་བསྡུའི་གྲོང་མི་མི་སྒེར་ས་ཁོངས་ནང་སྡོད་ཡུན་ལོ་གཅིག་ནས་ཉིན་183བར་ལེགས་སྒྲིག་བྱས་པ་རེད།
    《ཀྲུང་གོའི་ཁྲལ་བསྡུའི་ཡུལ་མིའི་ཐོབ་ཐང་བདེན་དཔང་》ནི་གཙོ་བོ་མངའ་ཁོངས་ནང་ཁུལ་གྱི་ཁེ་ལས་སམ་ཡང་ན་མི་སྒེར་གྱིས་ཕྱི་ཕྱོགས་སུ་མ་འཇོག་དང་། གཉེར་སྐྱོང་། ངལ་ལས་མཁོ་འདོན་བཅས་ཀྱི་བྱེད་སྒོ་སྤེལ་སྐབས། ཀྲུང་གོ་སྲིད་གཞུང་གིས་ཕྱི་ཕྱོགས་སུ་མིང་རྟགས་བཀོད་པའི་ཁྲལ་བསྡུའི་གྲོས་ཆོད་སྣ་ཚོགས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱ་རྒྱུ་ཡོད་པས་མངའ་ཁོངས་ཕྱིའི་ཁྲལ་བསྡུའི་བཅའ་ཁྲིམས་ཀྱི་ཁྲལ་བསྡུའི་དབང་ཆར་ཚོད་འཛིན་བྱ་རྒྱུ་དེ་རེད། ར་སྤྲོད་ཡི་གེ་དེས“ཕྱིར་སྐྱོད་པའི”ཁེ་ལས་དང་མི་སྒེར་གྱི་མངའ་ཁོངས་ཕྱི་རོལ་གྱི་ཁྲལ་བསྡུའི་ཁུར་པོ་ནུས་ལྡན་ངང་ཆུང་དུ་གཏོང་ཐུབ་ཀྱི་ཡོད།
      ཁྲེང་ཏུའུ་རུ་ཟླ་5་པ་ནས་བཟུང་ཉེན་ཆེའི་ཟོག་རོ་འཚོ་བའི་གད་སྙིགས་ནང་བླུགས་ན་དངུལ་ཆད་མཐོ་ཤོས་སྒོར་འབུམ་1གཅོད་རྒྱུ་ཡིན་པ།


                   
     གཏན་འབེབས་གསར་པར་གཞིགས་ན། ཁྲེང་ཏུའུ་གྲོང་ཁྱེར་གྱི་ལས་ཁུངས་དང་མི་སྒེར་ལས་བྱུང་བའི་འཚོ་བའི་གད་སྙིགས་རང་གིས་བསྡུ་རུབ་བྱས་ཏེ་གད་སྙིགས་བླུགས་སྣོད་ནང་རིགས་དབྱེ་ནས་འཇུག་དགོས་པ་མ་ཟད། གཏན་འབེབས་ལྟར་གད་སྙིགས་བསྡུ་རུབ་བྱ་ཡུལ་དུ་སྐྱེལ་དགོས་པ་དང་། གལ་ཏེ་ཉེན་ཆེའི་ཟོག་རོ་སོགས་བེད་མེད་ཟོག་རོ་གཞན་དག་འཚོ་བའི་གད་སྙིགས་ནང་བླུགས་ཚེ་མཐོ་ཤོས་ལ་སྒོར་འབུམ་1གི་དངུལ་ཆད་གཅོད་རྒྱུ་ཡིན་པ་རེད།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-5-21 14:27 , Processed in 0.050646 second(s), 21 queries .

返回顶部