博客西藏在最高处过一种生活

日志

༄༅།།ས་ཞིང་གི་བདག་དབང་སྐོར་གྱི་བཅའ་ཁྲིམས། ...

已有 194 次阅读2019-5-10 16:04 |系统分类:法律


                                      ༄༅།།ས་ཞིང་གི་བདག་དབང་སྐོར་གྱི་བཅའ་ཁྲིམས།
                                 ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་སྒྲིག་པ། ཀླུ་མོ་མཚོ།


                                     

     གཅིག ཞིང་སྡེ་ཡི་ས་ཞིང་བཅོས་སྒྱུར་ལ་ཅིའི་ཕྱིར་དོ་ཁུར་བྱེད་དགོས་སམ།

     1.ལོ་རྒྱུས་ཀྱིས་ཤུལ་བཞག་བྱས་པའི་གནད་དོན་དེ་དུས་ཡུན་རིང་བོར་ཐག་གཅོད་ལེགས་པོ་ཞིག་ཐོབ་མེད་པ།

     2.བུད་མེད་མང་ཚོགས་ཀྱིས་ཞུ་གཏུག་བྱས་པ་ཅུང་མང་པ།

     བུད་མེད། རབ་དུ་བྱུང་བའི་བུད་མེད་དང་གཉེན་འཐོར་བྱས་ཟིན་པའི་བུད་མེད། སྐྱ་ཡ་ཚེ་ལས་འདས་པའི་བུད་མེད། མག་པ་བཞག་པའི་བུད་མེད།

     ཞུ་གཏུག་གནད་དོན། ས་ཞིང་གི་འགན་གཙང་ལེན་བདག་གཉེར་དབང་ཆ་ལ་ཚོད་འཛིན་དང་རྩིས་མེད་བཏང་བ། གཞུང་སྡུད་བྱས་པའི་ས་ཞིང་གི་སྐྱིན་ཚབས་ཁ་གསབ་རིན་དངུལ་བགོ་བཤའ་མི་རྒྱག་པ། སྡོད་ཁང་གི་རྨང་གཞི་ལ་བཀོལ་སྤྱོད་བདག་དབང་མེད་པ། ཞིང་སྡེའི་གཅིག་བསྡུས་ཐོན་རྫས་ལ་གོང་གཅོག་བྱས་པ་སོགས།

     3.ཞིང་སྡེའི་ས་ཞིང་གཏིང་ཟབ་སྒོས་བཅོས་སྒྱུར་བྱེད་པའི་གོ་སྐབས་ལེགས་ཤོས།

     ཞིང་སྡེའི་འགན་གཙང་ལེན་ས་ཁུལ་དང་སྡོད་ཁང་གི་རྟེན་གཞི། ཞིང་སྡེའི་གཅིག་བསྡུས་ཐོན་དབང་ལམ་ལུགས་ཀྱི་བཅོས་སྒྱུར་ཚོད་ལྟ།

     གཉིས། བདག་དབང་གཏན་འབེབས་དེ་ཅིའི་ཕྱིར་ཐོ་འགོད་བྱེད་དགོས་སམ།

     1.ས་ཞིང་གི་འགལ་ཟླའི་རྩོད་གླེང་ཐག་གཅོད་བྱེད་པ།

     2.ཞིང་སྡེའི་ས་ཞིང་བེད་མེད་ས་སྟོང་དུ་ལུས་པའི་གནད་དོན་ཚབས་ཆེན་ཐག་གཅོད་བྱེད་པ།

     3.ཞིང་སྡེའི་གཏིང་ཟབ་སྒོས་བཅོས་སྒྱུར་བྱེད་པར་འགན་བཅོལ་ནུས་ལྡན་མཁོ་སྤྲོད་བྱེད་པ།

     གསུམ། བདག་དབང་གཏན་འབེབས་ཐོ་འགོད་བྱེད་པའི་ནང་དོན་གལ་ཆེན།

     1.ས་གཞི་ལ་དོན་དངོས་ཚད་ལེན་ཞིབ་བཤེར་བྱེད་པ།

     2.ཐོ་འགོད་བྱས་ཏེ་ལག་དེབ་བཟོ་བ། (ཐོ་འགོད་ཡིག་ཆ།)

     བཞི། ཐོ་འགོད་ཡིག་ཆའི་དོན་སྙིང་གལ་ཆེན།

     ཞིང་ལས་པུའུ་ཡི《ཞིང་སྡེའི་ས་ཞིང་འགན་གཙང་ལེན་བྱེད་པའི་བདག་གཉེར་བདག་དབང་གི་ཐོ་འགོད་ཚོད་ལྟ་བྱ་བའི་བསམ་འཆར་གྱི་སྐོར》ལས་གཏན་འབེབས་ལྟར་ན། ས་ཞིང་གི་འགན་གཙང་ལེན་བྱེད་པའི་བདག་གཉེར་བདག་དབང་གི་ཐོ་འགོད་ཡིག་ཆ་ནི་ས་ཞིང་གི་འགན་གཙང་ལེན་བདག་གཉེར་བདག་དབང་གི་རྩོད་གླེང་བར་འདུམ་བྱེད་པའི་བདེན་དཔང་ཡིག་ཆ་གལ་ཆེན་ཞིག་ཡིན།

      ལྔ། འབྲེལ་ཡོད་ཡིག་ཆ།

      ཞིང་ཆེན་བུད་མེད་ལྷན་ཚོགས་དང་ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་རྒྱལ་དབང་ས་ཁོངས་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་དམངས་སྲིད་ཐིན་བཅས་སྡེ་ཁག་ལྔ་ཡིས《ཞིང་སྡེའི་ས་ཞིང་གི་འགན་གཙང་ལེན་བདག་གཉེར་དབང་ཆ་དང་སྡོད་ཁང་གི་རྟེན་གཞིའི་བཀོལ་སྤྱོད་དབང་ཆ། ཁང་བའི་བདག་དབང་གཏན་འབེབས་བདག་དབང་ཐོ་འགོད་ཁྲོད་ཁྲིམས་བསྟུན་སྒོས་བུད་མེད་ཀྱི་བདག་དབང་ལ་འགེབས་སྲུང་བྱེད་པའི་བསམ་འཆར》མཚོ་སྔོན་བུད་མེད་ལྷན་ཚོགས་ཀྱིས་བཀྲམས། 2015ལོའི་ཡིག་ཆ་ཨང6པ།

      ཁྲིམས་ལྟར་ཞིང་སྡེའི་བུད་མེད་དང་མཁར་གྲོང་དུ་ཁྱིམ་ཐོ་གནས་སྤོར་བྱས་པའི་ཞིང་བ་དག་གི་སྡོད་ཁང་གི་རྟེན་གཞིའི་བདག་དབང་ལ་འགེབས་སྲུང་བྱེད་པ།

      ནང་དོན་གཙོ་བོ། ཞིང་སྡེའི་བུད་མེད་ནི་ཁྱིམ་ཚང་གི་ཁོངས་མི་ཞིག་ཡིན་པའི་ཆ་ནས། སྡོད་ཁང་གི་རྨང་གཞིའི་བདག་དབང་དེ་ནི་བརྟན་འཇགས་ཐོན་རྫས་ཀྱི་ཐོ་འགོད་དེབ་དང་བདག་དབང་ཡིག་ཆའི་ངོས་སུ་འགོད་དགོས། ཞིང་སྡེའི་བུད་མེད་དག་གཉེན་སྒྲིག་བྱས་པའི་དབང་གིས་སྔོན་ཆད་ཀྱི་ཞིང་བ་གཅིག་བསྡུས་ས་ཁུལ་ནས་བུད་སོང་ན་ཡང་། ཁྱིམ་ཚང་གསར་བའི་སྡོད་ཁང་གི་རྟེན་གཞི་བེད་སྤྱོད་བྱེད་པའི་བདག་དབང་བླངས་ཆོག་ལ། དེ་ཡང་ཁྲིམས་ལྟར་བདག་དབང་གཏན་ཁེལ་ཐོ་འགོད་དང་ཆབས་ཅིག་སྔོན་ཆད་ཀྱི་སྡོད་ཁང་རྟེན་གཞིའི་བེད་སྤྱོད་བདག་དབང་རྩིས་མེད་བཟོ་དགོས།

      བྱ་བའི་དགོས་མཁོ། ས་ཁུལ་སོ་སོའི་བུད་མེད་ལྷན་ཚོགས་ཀྱིས་སྲིད་ཇུས་དྲིལ་སྒྲོག་དང་སྡོད་ཁང་གི་རྟེན་གཞིའི་བདག་དབང་ཐོ་འགོད་མར་སྤྲོད་པར་སྐུལ་འདེད་བྱེད་པའི་སྐབས་སུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རྒྱལ་དབང་ས་ཁོངས་ཐོན་ཁུངས་སྡེ་ཁག་གི་ཡིག་ཆའི་དགོངས་དོན་ལག་བསྟར་དངོས་འབབ་བྱེད་པ་དང་། ཚོད་ལྟའི་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱུས་ལོན་ཟབ་མོ་བྱེད་པ། བུད་མེད་དག་གིས་སྡོད་ཁང་གི་རྟེན་གཞི་དང་ཁ་གསབ་བཀོད་བདེའི་བརྒྱུད་རིམ་ཁྲོད་དྲང་བདེན་གྱི་ཁེ་དབང་ཉམས་མྱོང་འཚོལ་བཤེར་བྱེད་ཆོག

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-9 13:55 , Processed in 0.027344 second(s), 20 queries .

返回顶部