博客西藏在最高处过一种生活

日志

༄༅།།ཝང་ཡང་གིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ...

已有 273 次阅读2019-5-6 14:57 |系统分类:见闻


                        ༄༅།།ཝང་ཡང་གིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་མཇལ་འཕྲད་གནང་བ།
                           ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། བྱམས་པ་ཚེ་རིང་།

               
       སྤྱི་ཚེས་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་ནས་མི་དམངས་ཚོགས་ཁང་ཆེན་མོར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་མཇལ་འཕྲད་གནང་ཡོད།
       པཎ་ཆེན་མཆོག་གིས་ཝང་ཡང་ལ་མཇལ་དར་བསྒྲོན་པ་མ་ཟད་ཉེ་བའི་ལོའི་རིང་གི་སློབ་གཉེར་གནས་ཚུལ་ངོ་སྤྲོད་གནང་ཡོད། ཝང་ཡང་གིས་པཎ་ཆེན་མཆོག་ལ་ནང་བསྟན་ཤེས་བྱའི་ཡོན་ཚད་དང་། རིག་གནས་བྱང་ཚད། ཆོས་ལུགས་ཤུགས་རྐྱེན་བཅས་ཀྱི་ཐད་གྲུབ་འབྲས་ཆེན་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་ཡོད།

                   
       ཝང་ཡང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་གཅེས་ཆོས་ལུགས་འཐུས་མིའི་འཚར་ལོངས་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། པཎ་ཆེན་མཆོག་ནི་བོད་རྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེན་པོ་ཞིག་དང་། སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་ཤུགས་ཆེན་བྱེད་བཞིན་པའི་བོད་རྒྱུད་ནང་བསྟན་གྱི་གཙོ་འཛིན་ཞིག་ཡིན་པས་བོད་རྒྱུད་ནང་བསྟན་ཡང་དག་པའི་ཁ་ཕྱོགས་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྣེ་ཁྲིད་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་ཐད་འགན་འཁྲི་ཆེན་པོ་ཡོད། པན་ཆེན་མཆོག་གིས་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ཆབ་སྲིད་ལངས་ཕྱོགས་བརྟན་པོ་བཙུགས་ཏེ་རྒྱ་ཆེའི་ཆོས་ལུགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་ཁ་བྲལ་གྱི་སྟོབས་ཤུགས་མཐའ་དག་དང་འཐབ་རྩོད་བྱ་རྒྱུའི་རེ་བ་ཡོད། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཆོས་ལུགས་ཀྱི་དགོངས་པ་འགྲེལ་བཤད་བྱ་རྒྱུར་སྣེ་ཁྲིད་དང་ཆོས་ལུགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ་བོད་རྒྱུད་ནང་བསྟན་དུས་བསྟུན་མདུན་སྐྱོད་ཐུབ་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དང་ཕན་ཚུན་མཐུན་པ་བྱེད་དགོས། ལག་ལེན་དངོས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཆོས་ལུགས་ཡོན་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དེང་རབས་ཀྱི་རིག་གནས་ཤེས་བྱར་སློབ་སྦྱོང་བྱེད་པ། ཕྱོགས་བསྡུས་བྱང་ཚད་དང་ཀུན་སྤྱོད་མཐོ་རུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་ཆོད་དད་མང་ཚོགས་ཀྱི་བརྩི་བཀུར་ཐོབ་པའི་བླ་མ་ཞིག་བྱེད་ཐུབ་པ་དགོས་ཞེས་གསུངས་ཡོད།

                    
      པན་ཆེན་མཆོག་གིས། སྤྱི་ཁྱབ་ཞི་ཅིན་ཕིང་གིས་སྲོག་ཤིག་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ཆུས་ཟོད་དུ་མི་གཏོང་བར་ཀྲུང་དབྱང་འགོ་ཁྲིད་ཀྱི་བསླབ་བྱ་སེམས་སུ་བརྟན་པོ་ངེས་པ་དང་། པན་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ཆོས་ཞུགས་དགོངས་པ་དང་ཕུགས་འདུན་ཆེན་པོ་མ་བརྗེད་པར་ནང་བསྟན་རིག་གནས་ལ་སྦྱངས་བརྩོན་དང་ཆོད་དད་མང་ཚོགས་ལ་ཞབས་ཞུ་བསྒྲུབ་ཏེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་། ཆོས་ལུགས་འཆམ་མཐུན་བཅས་ལ་སྲུང་སྐྱོང་བྱ་རྒྱུར་རང་ཉིད་ཀྱི་ནུས་པ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-7-24 06:36 , Processed in 0.026539 second(s), 21 queries .

返回顶部