博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་ནས་ ...

已有 121 次阅读2019-5-6 07:59 |系统分类:见闻


        ༄༅།།མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་ནས་ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་འཁོར་བརྒྱ་འགོར་བའི་རྗེས་དྲན་གྱི་བརྗོད་དོན་བྱ་འགུལ་སྤེལ།
                                  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་སྒྲིག་པ། ཀླུ་མོ་མཚོ།

                   

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྔ་བཞིའི་ན་གཞོན་དུས་ཆེན་གྱི་སྔ་གཞུག་ཏུ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་འཁོར་བརྒྱ་འགོར་བའི་རྗེས་དྲན་གྱི་བརྗོད་དོན་བྱ་འགུལ་སྤེལ། ལང་ཚོའི་ཆོད་སེམས་ཏང་ལ་ཕུལ། དུས་རབས་གསར་བ་སྟོབས་ཀྱིས་བསྐྲུན་ཞེས་པ་བརྗོད་གཞི་ཡིན་པའི་དྲིལ་སྒྲོག་སློབ་གསོའི་ལག་བསྟར་བྱ་འགུལ་སྤེལ་ནས། ན་གཞོན་སྟོབས་ཤུགས་གཅིག་བསྡུས་དང་། ན་གཞོན་རྩ་འཛུགས་སྐུལ་སློང་། འབྲེལ་གཏུག་དང་ཞབས་ཞུའི་འགན་འཁྲི་དང་ལས་འགན་སོགས་ནན་ཏན་ལག་བསྟར་བྱས།

      གུང་གཞོན་ཚོགས་པ་ཟི་ལིང་གྲོང་ཁྱེར་ཏང་ཨུས་ལང་ཚོའི་ཆོད་སེམས་ཏང་ལ་ཕུལ། དུས་རབས་གསར་བ་སྟོབས་ཀྱིས་བསྐྲུན་ཞེས་པ་བརྗོད་གཞི་བྱས་ཏེ་ཟི་ལིང་གྲོང་ཁྱེར་གྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་གུང་གཞོན་ཚོགས་པའི་བྱ་འགུལ་སྤེལ། གྲོང་ཁྱེར་ཡོངས་ཀྱི་ཐོན་ཡོན་རྒན་དར་གཞོན་གསུམ་ཞུགས་ཡོད་ལ། ན་གཞོན་འཐུས་ཚབ་པ་ལྔ་བརྒྱ་ཞུགས་ཡོད། བྱ་འགུལ་སྟེང་ཕུལ་བྱུང་ན་གཞོན་དག་གིས་ཐུན་མོང་གཅིག་བསྡུས་ཀྱིས་ལས་རིགས་སོ་སོའི་སྟེང་དུ་འབད་བརྩོན་ལྷོད་མེད་བྱེད་པའི་སྙིང་སྟོབས་དང་ཆོད་སེམས་མཚོན་པར་བྱས་ལ། དུས་རབས་གསར་བའི་ཟིལ་ཤུགས་ཡོངས་སུ་མངོན་ཡོད།

      མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་ཁུལ་གུང་གཞོན་ཚོགས་པ་གཙོས་ལང་ཚོའི་ཆོད་སེམས་ཏང་ལ་ཕུལ། དུས་རབས་གསར་བ་སྟོབས་ཀྱིས་བསྐྲུན་ཞེས་པ་བརྗོད་གཞི་བྱས་པའི་ས་གནས་རང་གི་ཁྱད་ཆོས་ལྡན་ཞིང་ས་ཁུལ་གནས་བབ་དང་མཐུན་པའི་བྱ་འགུལ་རྒྱ་ཆེན་པོ་སྤེལ།

      ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་གཟབ་རྒྱས་ཞུ་བ་དང་། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར་བདུན་ཅུ་ལོན་པ། ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་ཞུ་བ་སོགས་ལ་དམ་དུ་དམིགས་ནས། རྒྱ་ཆེའི་ན་གཞོན་རྣམས་ཀྱི་ཡིད་སེམས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཕྱོགས་པ་དང་། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པ་དྲིལ་སྒྲོག་བྱས་པ་དང་། རྒྱ་ཆེའི་ན་གཞོན་རྣམས་ཀྱི་འདུ་ཤེས་བཞི་དང་ཡིད་རྟོན་བཞི་ཇེ་བརྟན་དུ་བཏང་བ་དང་།  སྲུང་སྐྱོང་བྱེད་དགོས་པ་གཉིས་ལེགས་པོར་སྒྲུབ་པར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བརྗིད་ཉམས་ལྡན་པའི་དམིགས་འབེད་ཀྱི་ཆེད་དུ་དཔའ་ངར་ཞུམ་མེད་ཀྱིས་མདུན་བསྐྱོད་བྱེད་དགོས་པ་ནན་གྱིས་བསྟན། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-9-21 23:58 , Processed in 0.025746 second(s), 21 queries .

返回顶部