博客西藏在最高处过一种生活

日志

༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གཙང་ ...

已有 103 次阅读2019-3-14 18:25 |系统分类:见闻


                          ༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གཙང་བཀྲ་ཤིས་ལྷུན་པོ་དགོན་དུ་ཆིབས་བསྒྱུར་བསྐྱངས་པ།
                                            ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ལག་ཏུ་ཁ་བཏགས་བསྣམས་པའམ་ཡང་ན་མེ་ཏོག་ཆུན་པོ་ཐོགས་པ། ཡང་ན་གླུ་ལེན་གར་འཁྲབ་པ་སོགས་ཟླ་7པའི་ཚེས་27ཉིན་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་ཚོགས་ལས་རིགས་ཁག་དང་དད་ལྡན་མང་ཚོགས་ཀྱི་གཞིས་རྩེའི་མེ་འཁོར་འབབ་ཚུགས་སུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གཞིས་རྩེར་ཆིབས་བསྒྱུར་བསྐྱངས་པར་བསུ་མ་རྒྱ་ཆེར་མཛད་པ་དང་། ཉིན་དེར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལྷ་སའི་ཆོས་ཕྱོགས་དང་སྤྱི་ཚོགས་རྟོག་ཞིབ་ཀྱི་མཛད་རིམ་ལེགས་པར་བསྐྱངས་ཚར་ནས་མེ་འཁོར་ལ་བཞུགས་ཏེ་གཙང་བཀྲ་ཤིས་ལྷུན་པོ་དགོན་དུ་ཆིབས་བསྒྱུར་བསྐྱངས་པ་རེད་འདུག 

      བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་གི་ཕེབས་རོགས་འོག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་མེ་འཁོར་གྱི་འཁོར་སྒྲོམ་ལས་ཕྱིར་བསྐྱོད་དེ་འདི་གར་ཕེབས་སྒུག་ཞུ་བཞིན་པའི་གཞིས་རྩེའི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་རྣམས་ཀྱིས་ཕེབས་བསུ་དང་ལེན་ཞུས་པ་རེད།


                               

               གཞིས་རྩེའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གཞིས་རྩེའི་མེ་འཁོར་འབབ་ཚུགས་སུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ཕེབས་བསུ་ཞུས་པ།

       ཉིན་གུང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བཞུགས་པའི་རླངས་འཁོར་རུ་ཁག་བཀྲ་ཤིས་ལྷུན་པོ་དགོན་དུ་འབྱོར་པ་དང་། ཆོས་དུང་གི་འབུད་སྒྲའི་ཁྲོད་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རླངས་འཁོར་ལས་མར་བབས་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་ལྡན་པའི་བཀྲ་ཤིས་ལྷུན་པོ་དགོན་དུ་བསང་སྤོས་ཀྱི་དུ་སྤྲིན་མཁའ་ལ་འཕྱུར་བ་དང་། དུང་ཆེན་འབུད་སྒྲ་དང་ཆོས་སྐད་ནི་དགོན་པའི་ར་སྐོར་བརྒལ་ཏེ་མཐའ་འཁོར་གྱི་རི་འདབས་སུ་ལྡིང་སྐོར་རྒྱག་གི་ཡོད་པ་རེད།


                              2.jpg

                    བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པས་སྲོལ་རྒྱུན་གྱི་ཆོ་ག་ལྟར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ཕེབས་བསུ་ཞུས་པ།


                               3.jpg

                    བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པས་་སྲོལ་རྒྱུན་གྱི་ཆོ་ག་ལྟར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ཕེབས་བསུ་ཞུས་པ།


                               4.jpg

                  བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པས་་སྲོལ་རྒྱུན་གྱི་ཆོ་ག་ལྟར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ཕེབས་བསུ་ཞུས་པ།


                               5.jpg

                        གྲལ་བསྒྲིགས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ཕེབས་བསུ་ཞུ་མཁན་གྱི་དད་ལྡན་མང་ཚོགས།

      བཀྲ་ཤིས་ལྷུན་པོ་དགོན་གྱི་སེར་ཕྲེང་སྒྲིག་པའི་དགེ་འདུན་པའི་ཕེབས་རོགས་ཁྲོད་དུ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་གདོང་ལ་འཛུམ་གྱིས་ཁེངས་ཤིང་། ཞེང་ཚད་ཆེ་བའི་ས་གདན་སྟེང་ལ་ཞབས་ཀྱིས་བཅགས་ཏེ་“རྒྱལ་སྐྱོང་འགྲོ་ཕན” ཞེས་པའི་གསེར་ཡིག་བསྟར་པའི་ཚོགས་ཆེན་འདུ་ཁང་དུ་ག་ལེར་ཕེབས་པ་དང་། ལམ་རྒྱུད་ཀྱི་སེར་སྐྱ་དད་ལྡན་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་གནང་འདུག


                               6.jpg

          བཀྲ་ཤིས་ལྷུན་པོ་དགོན་གྱི་སེར་ཕྲེང་རུ་ཁག་གི་ཕེབས་རོགས་ཁྲོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བཀྲ་ཤིས་ལྷུན་པོ་དགོན་གྱི་ཕྱོགས་སུ་ཕེབས་བཞིན་པ། 


                              7.jpg

        བཀྲ་ཤིས་ལྷུན་པོ་དགོན་གྱི་སེར་ཕྲེང་རུ་ཁག་གི་ཕེབས་རོགས་ཁྲོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བཀྲ་ཤིས་ལྷུན་པོ་དགོན་གྱི་ཕྱོགས་སུ་ཕེབས་བཞིན་པ། 


                                8.jpg

                                 དགེ་འདུན་པས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་གྲོ་སོ་ཕྱེ་མར་བཏེགས་པ།

       ཚོགས་ཆེན་འདུ་ཁང་དུ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དད་པ་རྩེ་གཅིག་གིས་དེ་གར་བཞུགས་པའི་སངས་རྒྱས་ཤཱཀྱ་མུ་ནེ་དང་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་སྲོལ་འབྱེད་མཁན་རྗེ་ཙོང་ཁ་པའི་སྐུ་བརྙན་ལ་གུས་ཕྱག་འཚལ་བ་མ་ཟད་འདུས་སྡེ་དང་མཉམ་དུ་སྐྱབས་འཇུག་སྨོན་གསུངས་པ་དང་། དེའི་འཕྲོར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཁོང་གི་གཟིམ་ཤག་ཉི་འོད་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་པ་རེད།


                              9.jpg

      པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཚོགས་ཆེན་འདུ་ཁང་དུ་སངས་རྒྱས་ཤཱཀྱ་མུ་ནེ་དང་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་སྲོལ་འབྱེད་མཁན་རྗེ་ཙོང་ཁ་པའི་སྐུ་བརྙན་ལ་གུས་ཕྱག་འཚལ་བཞིན་པ།


                               10.jpg

                    པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་གདོང་ལ་འཛུམ་གྱིས་ཁེངས་ཏེ་གཟིམ་ཤག་ཉི་འོད་ཕོ་བྲང་དུ་ཕེབས་བཞིན་པ།

       ཕྱི་དྲོར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཁོང་གི་གཟིམ་ཤག་ཉི་འོད་ཕོ་བྲང་གི་ཁྲིར་བཞུགས་ཏེ་བཀྲ་ཤིས་ལྷུན་པོ་དགོན་པའི་དོ་དམ་ཨུ་ལྷན་གྱི་དགེ་འདུན་པའི་ཁོངས་མི་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཆོད་མཇལ་དང་ལེན་ཞུས་ཤིང་། ཁོང་ཚོར་ཕྱག་དབང་གནང་བ་དང་བླ་མ་སྐྱེས་ཆེན་རྣམས་སྣེ་ཁྲིད་དེ་ཐུན་མོང་དུ་སྐྱབས་འཇུག་སྨོན་ལམ་གསུངས་པ་རེད།


                              11.jpg

      ཉི་འོད་ཕོ་བྲང་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བཀྲ་ཤིས་ལྷུན་པོ་དགོན་པའི་དོ་དམ་ཨུ་ལྷན་གྱི་དགེ་འདུན་པའི་ཁོངས་མི་དང་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཆོད་མཇལ་དང་ལེན་ཞུས་ཏེ་མཇལ་ཁ་གནང་པ།


                                                       12.jpg

        ཉི་འོད་ཕོ་བྲང་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བཀྲ་ཤིས་ལྷུན་པོ་དགོན་པའི་དོ་དམ་ཨུ་ལྷན་གྱི་དགེ་འདུན་པའི་ཁོངས་མི་དང་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཆོད་མཇལ་དང་ལེན་ཞུས་ཏེ་མཇལ་ཁ་གནང་པ།


                              13.jpg

   བཀྲ་ཤིས་ལྷུན་པོ་དགོན་གྱི་བླ་མ་སྐྱེས་ཆེན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས“གྲོ་སོ་ཕྱེ་མར”དང་གྲོ་མ། ཇ་བསྲུབས་མ་དང་དེ་བཞིན་མཎྜལ་སོགས་འབུལ་བཞིན་པ།


                              14.jpg

      པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཉི་འོད་ཕོ་བྲང་དུ་བཀྲ་ཤིས་ལྷུན་པོ་དགོན་གྱི་སྐྱེས་ཆེན་རྣམས་ཀྱི་མཇལ་ཁ་དང་ལེན་བྱས་ཏེ་ཁོང་ཚོར་ཕྱག་དབང་གནང་བཞིན་པ།

      ཟླ་7པའི་ཚེས་29ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལག་ཏུ་སྤོས་ཕོར་ཐོགས་ཤིང་དུང་ཆེན་འབུད་པའི་དགེ་འདུན་པའི་ལམ་སྣ་ཁྲིད་འོག བཀྲ་ཤིས་ལྷུན་དགོན་གྱི་ལྷ་ཁང་གཙོ་བོ་དག་མཆོད་མཇལ་གནང་པ་དང་འབྲེལ་དེ་གར་སྒུག་ནས་ཡོད་པའི་སེར་སྐྱ་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་པ་རེད།


                               15.jpg

               པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་སྲིད་གསུམ་རྣམ་རྒྱལ་གསེར་སྡོང་ལ་མཆོད་མཇལ་གནང་རྗེས་དགེ་འདུན་པར་མཇལ་ཁ་གནང་བཞིན་པ།

      ཉིན་དེར། ཆོས་ལུགས་ཀྱི་ཆོ་ག་ལྟར། བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པ་ཚོས་ལག་ཏུ་སྤོས་ཕོར་ཐོགས་ཏེ་ལམ་སྣ་ཁྲིད་པ་དང་། ཆོས་དུང་གི་འབུད་སྒྲ་སྙན་མོའི་ཁྲོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྲིད་གསུམ་རྣམ་རྒྱལ་སྐུ་གདུང་མཆོད་རྟེན་དང་། བྱམས་པ་ལྷ་ཁང་སོགས་མཆོད་མཇལ་གནང་པ་དང་། ལྷ་ཁང་རེ་རེར་ཕེབས་མ་ཐག པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་གསོལ་བ་སྨོན་ལམ་ཡང་ཡང་འདེབས་ཞོར་སྐྱབས་འཇུག་ཞུ་བཞིན་ཡོད་པ་རེད།


                             16.jpg

                  པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གཙང་བཀྲ་ཤིས་ལྷུན་པོ་དགོན་གྱི་ལྷ་ཁང་གཙོ་བོ་དག་ལ་མཆོད་མཇལ་གནང་བཞིན་པ།


                               17.jpg

                  པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གཙང་བཀྲ་ཤིས་ལྷུན་པོ་དགོན་གྱི་ལྷ་ཁང་གཙོ་བོ་དག་ལ་མཆོད་མཇལ་གནང་བཞིན་པ།

       ཉིན་དེར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་གཞིས་རྩེ་བཀྲ་ཤིས་ལྷུན་པོ་དགོན་པར་མཇལ་སྐབས། དད་ལྡན་སེར་སྐྱ་མང་ཚོགས་དང་ཡུལ་སྐོར་བ་ཚོས་གཏམ་དེ་གོ་རྗེས་གཞིས་རྩེ་བཀྲ་ཤིས་ལྷུན་པོ་དགོན་པར་ཡུན་རིང་སྒུག་སྟེ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཕྱག་དབང་ཐོབ་པར་རེ་སྒུག་བྱེད་ཀྱི་འདུག་ལ། སྲིད་གསུམ་རྣམ་རྒྱལ་སྐུ་གདུང་མཆོད་རྟེན་ལ་མཇལ་ཚར་རྗེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་གདོང་འཛུམ་གྱིས་ཁེངས་ནས་མི་ཚོགས་ལ་ཕྱག་བརྡ་གནང་ཞིང་། ཡུལ་སྐོར་བ་ཚོས་འཚང་ཁ་ཤིག་ཤིག་ངང་ཁ་པར་དང་པར་ཆས་བཏོན་ནས་མིག་མདུན་གྱི་སྣང་ཚུལ་འདི་པར་དུ་བཏབ་པ་རེད།


                               

                པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བཀྲ་ཤིས་ལྷུན་པོ་དགོན་དུ་ལྟ་སྐོར་དང་སྤྲོ་གསེང་བྱེད་མཁན་ཡུལ་སྐོར་པར་ཕྱག་བརྡ་གནང་པ།


                              19.jpg

                པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བཀྲ་ཤིས་ལྷུན་པོ་དགོན་དུ་ལྟ་སྐོར་དང་སྤྲོ་གསེང་བྱེད་མཁན་ཡུལ་སྐོར་པར་ཕྱག་བརྡ་གནང་པ།


                               20.jpg

      བཀྲ་ཤིས་ལྷུན་པོ་དགོན་དུ་ལྟ་སྐོར་དང་སྤྲོ་གསེང་གཏོང་མཁན་ཡུལ་སྐོར་བས་ལག་ཁྱེར་ཁ་པར་དང་པར་ཆས་བཏོན་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཕྱག་བརྡ་གཏོང་པའི་རྣམ་པ་པར་ཏུ་བཏབ་པ།

     དེའི་རྗེས་ཀྱི་མཆོད་མཇལ་བརྒྱུད་རིམ་ཁྲོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཐེངས་གཉིས་ལ་གོམ་མཚམས་བཞག་ནས་འདི་གར་ཕེབས་སྒུག་ཞུ་བཞིན་པའི་དད་ལྡན་མང་ཚོགས་དང་ཡུལ་སྐོར་པར་ཕྱག་དབང་གནང་བ་པ་དང་། དད་ལྡན་མང་ཚོགས་དང་ཡུལ་སྐོར་བས་གུས་བ་ཆེན་པོས་ཞྭ་མོ་ཕུད་ཅིང་ལུས་པོ་སྒུར་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ཕེབས་ཞུ་བྱེད་པ་དང་། དེའི་རིང་། ཡུལ་སྐོར་པ་དག་གིས་གསར་ཏུ་ཉོས་པའི་ཕྲེང་བར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་བྱིན་རླབས་སྩོལ་བར་ཞུ་བ་དང་ད་རུང་དད་ལྡན་མང་ཚོགས་བགྲེས་པོ་དག་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་སྐྱབས་འཇུག་སྨོན་ལམ་ཞུས་ཏེ་གདོན་བགེག་བར་ཆད་ཕྱིར་སྐྲོད་བྱེད་པར་ཞུས་ཤིང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཐོག་མཐའ་བར་གསུམ་དུ་གདོང་ལ་འཛུམ་གྱིས་ཁེངས་ཏེ་དད་ལྡན་མང་ཚོགས་དང་ཡུལ་སྐོར་བའི་རེ་བ་བསྐངས་པ་རེད།


                                                   21.jpg

                     པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དད་ལྡན་མང་ཚོགས་དང་ཡུལ་སྐོར་བར་ཕྱག་དབང་གནང་བཞིན་པ།


                                                    22.jpg

                   པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དད་ལྡན་མང་ཚོགས་དང་ཡུལ་སྐོར་བར་ཕྱག་དབང་གནང་བཞིན་པ།

        བཀྲ་ཤིས་ལྷུན་པོ་དགོན་ནི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་སྒར་ཡིན་ལ། སྤྱི་ལོ་1447ལོར་གསར་དུ་བཏབ་པ་དང་། དེ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་སྡེ་དྲུག་གི་ཡ་གྱལ་ཞིག་རེད།  །

        ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-5-27 03:11 , Processed in 0.051411 second(s), 21 queries .

返回顶部