博客西藏在最高处过一种生活

日志

༄༅།།རོང་ཆེན་ལྷ་རྒྱལ་དཔལ་གྱིས་དྲང་བདེན་དང ...

已有 1395 次阅读2019-3-13 09:24 |系统分类:法律



         ༄༅།།རོང་ཆེན་ལྷ་རྒྱལ་དཔལ་གྱིས་དྲང་བདེན་དང་རྒྱུ་འབྲས་ཕྱོགས་སུ་བསྙེགས་པའི་མི་ཚེའི་ལམ་བུ་ཕྲ་མོ་ཞེས་བྱ་བ་བཞུགས་སོ།

         

                                    

      ༄༅།།འདིར་ཡང་དཔལ་ལྡན་ས་སྐྱ་བའི་གདུང་རབས་སོ་གསུམ་པར་གྲགས་པའི་རོང་ཆེན་ལྷ་རྒྱལ་དཔལ་ནི་བོད་ཁ་བ་ཅན་གྱི་བླ་རི་ཡུལ་སྐྱོང་རྨ་རྒྱལ་གངས་རིའི་ཉེ་འདབས་སུ་རྒྱ་བཟའི་ཏཱ་མིན་ཆིན་ཧུ་ཚང་གི་རིགས་རུས་སུ་མི་ལུས་བླངས་ཤིང་དེ་ཐོག་མ་ཡུམ་དྲིན་མོ་ཆེའི་ལྷུམས་སུ་ལོ་གསུམ་བསྡད་པའི་ངོ་མཚར་རྣམ་ཐར་ཡོངས་སུ་གྲགས།  སེམས་ཅན་ཀུན་གྱིས་ལྷ་དང་ལྷ་མ་ཡིན་ནམ་ནག་པོ་བདུད་ཀྱི་ཆོ་འཕྲུལ་རེད་ཟེར་ནས་ཡུལ་གྲུ་དེ་ཀའི་གླེང་ཕྱོགས་སུ་གྱུར་བ་དང་། སྔགས་སའི་མཚམས་གོང་མ་དགེ་འཕེལ་བྱང་ཆུབ་གླིང་གི་འཕགས་མཆོག་སྤྱན་རས་གཟིགས་དབང་སྔགས་སའི་དགེ་བཤེས་རིན་པོ་ཆེ ༧རྗེ་བཙུན་འཇམ་དབྱངས་དོན་ཡོད་དཔལ་བཟང་པོ་དང་རྒྱ་བཟའི་མཚམས་ཐོག་ཞོལ་མ་དགེ་ལྡན་བཤད་སྒྲུབ་རྣམ་པར་རྒྱལ་བའི་གླིང་གི་བསྟན་པའི་མངའ་བདག་ཆེན་མོ༧རྗེ་བཙུན་བྱམས་པ་བསམ་གཏན་རྣམ་གཉིས་སོགས་སྐྱེས་ཆེན་དམ་པ་རྣམས་གྱིས་ལྷ་རིགས་གསུམ་མགོན་པོའི་རྣམ་པར་སྤྲུལ་བ་རོང་ཆེན་ལྷ་རྒྱལ་དཔལ་སྐྱེ་ཕྲེང་ཐོག་མའི་ཡང་སྲིད་དུ་ཐུགས་ཐག་བཅད་པ་མ་ཟད། ཁྱེའུ་མིང་ལ་འང་རོང་བོ་ལྷ་རྒྱལ་དཔལ་ཞེས་སྐྱེ་རབས་སྔོན་མའི་མཚན་ལྟར་བོས་ཤིང་། མ་འོངས་པའི་གདུལ་བྱ་སོགས་ལ་བཀྲ་ཤིས་སྨོན་ལམ་ཡག་པོའི་མདུན་བསུས་ཏེ་གསུངས་གཡང་བསྩལ་པས། ཐོག་མའི་ཁྱེའུ་རང་བཞིན་བརྗོད་པའི་ཆ་ནས་ཀྱང་། འཁོན་ས་སྐྱ་སྨིག་པོའི་གདུང་རྒྱུད་ཡིན། །དཔོན་ལྷ་རྗེ་བྲག་སྣའི་སྲས་རྒྱུད་ཡིན། །དོན་དམ་པའི་སྐྱེ་རབས་ཡང་རྒྱུད་ཡིན། །ལྷ་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་ཡིན། །ཞེས་ཕ་ཡུལ་རྨ་ཀླུང་ཕྱུག་མོའི་ཡུལ་དུ་ཡོངས་སུ་གྲགས་སོ།།

       རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་ངག་རྒྱུན་དུ། རི་རྒྱལ་དེད་ན་རྫ་རྒྱུད་ཡིན། །རྫ་རྒྱུད་རྨ་ཆེན་སྦོམ་ར་ཡིན། །བོད་ཁ་བ་ཅན་གྱི་བླ་རི་ཡིན། །མ་རྒྱུད་དེད་ན་མོ་རྒྱུད་ཡིན། །མོ་རྒྱུད་རྒྱ་བཟའ་ཀོང་ཇོ་ཡིན །།བོད་ཁ་བ་ཅན་གྱི་ལྷ་མོ་ཡིན། །ཆུ་རྒྱུད་དེད་ན་མཚོ་རྒྱུད་ཡིན། །མཚོ་སྔོན་ཁྲི་ཤོར་རྒྱལ་མོ་ཡིན། །མཚོ་སྙིང་མ་ཧཱ་དེ་ཝ་ཡིན། །མི་རྒྱུད་དེད་ན་དཔོན་རྒྱུད་ཡིན །།དཔོན་རྒྱུད་ཏཱ་མིན་ཆེན་ཧུ་ཡིན། །དཔོན་གདུང་རྒྱུད་མ་ཆད་དཔོན་ཕྲུག་ཡིན། །ཞེས་རོང་ཆེན་ལྷ་རྒྱལ་དཔལ་ནི་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྟག༡༩༥༠ལོའི་ཧོར་ཟླ༣ པའི་ཚེས༡༣ཉིན་ལ་གོམ་ཟུང་གི་རྡོག་ཁ་འཆོལ་ཏེ། ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཁ་བ་རི་བའི་བསིལ་ལྗོངས་སུ་སླར་ཡང་ཐེངས་གཅིག་སླེབས་དགོས་པར་བྱུང་ནས། སེར་འགོག་གཡང་སྡེ་ཕྱུག་མོའི་ཡབ་མེས་སེར་འགོག་པ་པཱ་དང་སྔགས་སའི་དགེ་བཤེས་རིན་པོ་ཆེའི་ཡབ་ཆེན་ཡང་སྐོར་མགོན་པོ་ཚེ་བརྟན་གྱི་སྐུ་སྲིང་ཡང་སྐོར་འབུམ་སྐྱིད་ཡབ་ཡུམ་གཉིས་ལ་སྲས་མིང་སྲིང་དགུ་བྱུང་བ་དང་། སྲས་མོ་གསུམ་པ་སེར་འགོག་མཁར་ཐོ་དང་མགོ་སྐོར་ནམ་མཁའ་ཡབ་ཡུམ་གཉིས་ལ་ཡང་སྲས་མིང་སྲིང་དགུ་བྱུང་བ་ལས། སྲས་མོ་ཆེ་བ་བསོད་ནམ་སྐྱིད་ནི་དཀོན་མཆོག་གསུམ་ལ་དད་གུས་བླ་ན་མེད་པའི་བུད་མེད་མཚན་ཉིད་ལྡན་ཞིང་། བློ་གཅིག་སེམས་གཅིག་གིས་དམ་པའི་ཆོས་ལ་ཕྱོགས་པ། གཤེས་རྒྱུད་འཇམ་ཞིང་སྙིང་རྗེ་ཆེ་བ།  ཡུལ་མི་གཞན་ལ་བློ་སེམས་དཀར་བ། ཚེ་གཅིག་ལུས་གཅིག་ཏུ་སྨྱུང་གནས་སྲུང་བ་དང་ཕྱག་སྐོར་ལ་འབད་འབུངས་བྱེད་ཅིང་དགེ་བའི་ལས་ལ་བརྩོན་པའི་ཡུམ་ཆེན་དྲིན་མོ་ཆེ་དེ་དང་།  དཔལ་ལྡན་ས་སྐྱ་འཁོན་གྱི་གདུང་རྒྱུད་ལས་མཆེད་ཅིང་ཆིན་རྒྱལ་རབས་ཀྱི་གོང་མ་ལྷ་སྐྱོང་རྒྱལ་པོའི་སྐུ་རིང་ནས་བཟུང་སྟེ། རྨ་ཡུལ་རོང་བོ་བློན་ཆོས་མཆེད་སྟངས་གསུམ་ལ་མངའ་དབང་སྒྱུར་བའི་རྒྱ་བཟའི་ཏཱ་མིན་ཆིན་ཧུ་ཚང་གི་རིགས་རུས་ཕུན་སུམ་ཚོགས་པའི་དཔོན་ཚང་ཞན་ཀྲང་ངམ་མཚན་དངོས་ལ་དཔོན་ཚང་བཤད་སྒྲུབ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ངོ་མཚར་ཁྱེའུ་ཆུང་འདིའི་ཟླ་ཁ་གང་བ་ཙམ་གྱིས་སྔགས་སའི་མཚམས་ཐོག་གོང་མ་བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང་གི་ཞྭ་སེར་བསྟན་པའི་མངའ་བདག་དང་རང་གི་ཞང་བོ་ཐུགས་རྗེ་ཅན ༧འཕགས་པ་སྤྱན་རས་གཟིགས་ཀྱི་དངོས་སྤྲུལ་དམ་པ ༧སྔགས་སའི་དགེ་བཤེས་རིན་པོ་ཆེ༧རྗེ་བཙུན་འཇམ་དབྱངས་དོན་ཡོད་དཔལ་བཟང་པོའི་ཞལ་སྔ་ནས། ལྷ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་དུ་ཡོངས་སུ་གྲགས་པའི་རོང་བོ་ལྷ་རྒྱལ་དཔལ་སྐུ་ཕྲེང་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་མཛད་ཅིང་། བྱིས་མིང་ལ་ཡང་སྔར་བཞིན་ཡིག་འབྲུ་གཅིག་ཀྱང་མ་བརྗེ་བར་རོང་བོ་ལྷ་རྒྱལ་དཔལ་ཞེས་གསོལ་ལོ།། འདིར་ཡང་བྱིས་མིང་གི་ཐོག་མར་རོང་བོ་ཞེས་པའི་ནང་དོན་ནི་ཡར་སྔོན་ཡབ་རྗེ་རོང་ཆེན་ཀུན་དགའ་དོན་གྲུབ་ལྷ་རྗེ་བྲག་སྣ་བ་བྱོན་པའི་ཕ་ས་ཐོག་མ་སྟེ། གངས་ལྗོངས་དབུས་གཙང་གཉན་ཆེན་ཐང་ལྷའི་ཡུལ་དབུས་རོང་བོ་འདམ་ཤོག་ཆེན་བརྒྱད་ཅུ་ཞེས་སུ་གྲགས་པའི་རོང་བོ་ཞེས་པ་རུས་སུ་གྱུར་ནས་རོང་བོ་ལྷ་རྒྱལ་དཔལ་ཞེས་འབོད་པ་དང་། ཕྱིས་སུ་མཚན་སྙན་གྲགས་པའི་བ་དན་དཀར་བོ་ཅུང་ཙམ་མཐོ་རུ་བཏེགས་ཤིང་། འགྲོ་ལ་ཕན་ཕྱིར་གདུལ་བྱ་ཐམས་ཅད་ཀྱི་གོམ་ཁ་ཇེ་ཡང་དུ་སོང་བ་དང་། རྒས་པའི་གཉེར་མ་ཡུན་གྱིས་བརྩེགས་པ་དང་ལྷན་གཅིག་ཏུ་རོང་ཆེན་ལྷ་རྒྱལ་དཔལ་ཞེས་ཀུན་གྱིས་འབོད་བཞིན་འདུག།

       དུས་མཚུངས་སུ་འགྲོ་བའི་མགོན་པོ་ཡབ་སྲས་རྣམ་གཉིས་ཀྱིས་མ་འོངས་པའི་ལུང་བསྟན་སོགས་གང་མང་གསུངས་ཤིང་། བཀའ་ལུང་གསེར་གྱི་ཅོད་པ་གཅིག་ཏུ་མཛད་ནས་ཐུགས་ཐག་བཅད་པ་དང་། ཕྱིས་སུ་རིམ་བཞིན་དུ་གངས་ལྗོངས་འགྲོ་བའི་མགོན་པོ་གོང་ས་སྐྱབས་མགོན་རྒྱལ་དབང་རིན་པོ་ཆེ་དང་། དུས་གསུམ་སངས་རྒྱས་ཀྱི་ངོ་བོ་གཅིག་ཏུ་བསྡུས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྒྱལ་ཚབ་མངའ་བ  གནས་བཞི་གྲུབ་པའི་དབང་ཕྱུག་ཆེན་མོ་སྐུ་ཕྲེང་ལྔ་བ་ཆོས་དབྱིངས་རང་བྱུང་རྡོ་རྗེ་མཆོག རྗེ་དཀོན་མཆོག་མི་བསྐྱོད་རྡོ་རྗེ་འཆང  འཇམ་དབྱངས་བསྟན་པའི་རྒྱལ་མཚན་ཚང་། འདས་ལོག་གི་བྱང་ཆུབ་སེམས་དཔའ་ཆེན་མོ་དཔལ་ཡུལ་བླ་མ་རིག་འཛིན་སྐུ་གསུམ་རྡོ་རྗེ་ཚང་། བོད་རྗེ་འབངས་ཉེར་ལྔའི་ཡ་གྱལ་དུ་གྲགས་པའི་གྲུབ་ཆེན་བཻ་རོ་ཙ་ནའི་རྣམ་པར་རོལ་བ་སྐྱབས་རྗེ་བླ་མ་སིངྔྷི་གཞན་ཕན་བདེ་བའི་ཉི་མ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་སྤྲུལ་བའི་བྱང་ཆུབ་སེམས་དཔའ་དངོས་བྱོན་གྱི་བརྡ་ལུང་དང་བཀའ་ལུང་སྣ་ཚོགས་བསྩལ་ཏོ།། 

      བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྤྲེལ ༡༩༥༦ ལོར་རང་ལོ་ལྔ་ཙམ་ཐོག་ཏུ་ཚེ་རབས་སྔོན་མའི་ཐུགས་བསྐྱེད་སྨོན་ལམ་དང་ཚོགས་བསགས་ཆེན་པོའི་དབང་གིས་ཆོས་སྡེ་ཆེན་པོ་རྒྱ་བཟའི་དགེ་ལྡན་བཤད་སྒྲུབ་རྣམ་པར་རྒྱལ་བའི་གླིང་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ། ཡོངས་འཛིན་ཐུགས་རྗེ་ཅན་ལྷ་སྐོར་དགེ་སློང་ཚང་གི་སྐུ་མདུན་ནས་དབྱངས་གསལ་བྱེད་སོགས་ཡི་གེ་འབྲི་ཀློག་དང་། སྐྱབས་འགྲོ། དགའ་ལྡན་ལྷ་བརྒྱ་མ། ལྟུང་བཤགས་སོགས་འདོན་ཆོག་ཉག་ཙམ་བསླབ་པའི་མགོ་བརྩམས་ཤིང་། གོམ་གསུམ་སྤོ་ཤེས་དང་ཚིག་གསུམ་སྨྲ་ཤེས་ཙམ་ལ་གསུང་མཆོག་སྐྱབས་འགྲོའི་དབུ་བཟུང་སྟེ། ཆོས་སྡེ་ཆེན་པོའི་ཆོས་སྤྱོད་ཕྱག་ལེན་དང་རྒྱུགས་སྤྲོད་འཇོག་གི་ལས་རིམ་གཞན་ལས་མི་དམན་པ་ཞིག་བྱུང་བ་ནི་ཡོངས་འཛིན་རིན་པོ་ཆེའི་བཀའ་དྲིན་ཡིན་ལ་རང་གི་ཆེའི་རླབས་ཆེ་བའི་མི་ཚེའི་རིན་ཐང་དང་། ལོ་ན་ཕྲ་བའི་རིང་ལ་བསགས་པའི་མི་ཚེ་གཅིག་གི་ཡོང་སྒོ་ཡང་ཡིན་པར་འདོད་ཅིང་ཆོས་སྡེ་ཆེན་པོ་འདིའི་མདོ་རྒྱུད་བསྟན་པའི་མངའ་བདག་ཡོངས་ཀྱི་དགེ་བའི་བཤེས་གཉེན་དམ་པ ༧རྗེ་བཙུན་དཀོན་མཆོག་གྲགས་པ་དཔལ་བཟང་པོའི་དྲུང་དུ་རབ་ཏུ་བྱུང་སྟེ། རབ་བྱུང་གི་མཚན་ལ་རོང་ཆེན་དེ་ཝ་ར་ཛཱ་ཤྲཱི་འཇམ་དབྱངས་བློ་བཟང་འཕྲིན་ལས་ཞེས་གསོལ་ལོ།། རང་ལ་མཚོན་ན་དེ་འདྲའི་བསོད་ནམས་ཀྱི་བགོ་སྐལ་ཅུང་ཙམ་མཆིས་པའི་རྟགས་སུ་མཐོང་ནའང་མ་རུང་ས་ཁྱིའི་དུས་འཁྲུག་གི་འཇིགས་སྣང་དང་། རིག་གསར་བསྐལ་བའི་མེ་དཔུང་དྲག་པོའི་གནས་སུ་མི་ལྷུང་ག་མེད་བྱུང་བས། བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི ༡༩༥༨ ལོར་རང་ལོ་བདུན་ཙམ་ལ་སོན་མ་ཐག་ཏུ་རྒྱལ་ཡོངས་སུ་ཆོས་ལུགས་བཅོས་བསྒྱུར་དང་། བོད་ཁམས་དུས་འཁྲུག་གི་དབང་གིས་རྫ་ལུང་དམར་བོ་ཁྲག་གིས་མཚོ་མོ་དཀྲུགས་ཤིང་། སྡུག་བསྔལ་རྒྱ་མཚོའི་འཇིངས་ནས་ས་མཐར་འཁྱམས། ཁྱད་པར་དུ་ཡུལ་ཁམས་ནད་ཡམས་མུ་གེའི་མནར་གཅོད་དང་། ཐམས་ཅད་སྨྲེ་སྔགས་འདོན་པའི་གནས་སུ་ལྷུང་ནས་ལོ་ངོ་བཅུ་ཕྲག་རིང་ལ་དཀའ་བ་འབུམ་ཕྲག་སྤྱད་པ་དང་རང་ལུས་སྟེང་གི་སྡིག་སྒྲིབ་གང་མཆིས་འདག་པར་བྱས།  བོད་རབ་བྱུང་བཅུ་དྲུག་པའི་ས་མོ་བྱ ༡༩༦༩ ལོར་རང་ལོ་བཅོ་བརྒྱད་ལ་སླེབས་པ་ཙམ་གྱི་གཞོན་ནུ་དར་མ་ཞིག་ལ་མཚོན་ན་ལོ་ན་ཕྲ་བའི་དུས་སུ་གངས་ཅན་ཆོས་སྡེ་ཆེན་པོ་སེ་འབྲས་དགའ་གསུམ་གྱི་གདན་སའི་ཆོས་ར་འགྲིམ་ཏེ། ལྷ་རབ་འབྱམས་སྨྲ་བའི་དགེ་བཤེས་ཆེན་མོའི་མཚན་ཐོབ་བླངས་པའི་མཁས་པའི་དབང་པོ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཆེད་སྦྱོང་སློབ་གླིང་གི་འཛིན་གྲྭ་འགྲིམ་ནས་མཐར་ཕྱིན་པའི་བཀའ་རབ་འབྱམས་སྨྲ་བའི་མཁན་ཐོབ་བླངས་པ་ཞིག་ཀྱང་ཡེ་ནས་མིན་པ་མ་ཟད་རང་གི་གཅེས་སུ་རུང་བའི་ཕ་ཡུལ་བྲག་དཀར་རྫོང་དུ་སློབ་ཆུང་གི་ལོ་རིམ་གསུམ་པའང་ཆ་ཚང་ཞིག་འདོན་པའི་གོ་སྐབས་མ་མཆིས་པའི་ཡིག་རྨོངས་པ་མིན་པ་ཙམ་ཞིག་ཡིན་ཞིང་། རིག་གནས་གསར་བརྗེ་ཆེན་པོའི་བསྐལ་བའི་མེ་དཔུང་དང་འཕྲད་པས། རྨ་ཡུལ་བྲག་དཀར་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དམར་སྲུང་དགེ་ཐོན་སློབ་གྲྭར་ཞུགས་པའི་མིང་ཙམ་ལས། སྦྱངས་བརྩོན་གྱི་ཡོན་ཏན་ཅི་ཡང་མ་འབྱོར་བས། དལ་འབྱོར་མི་ལུས་རིན་ཆེན་བླངས་པའི་མི་ཚེའི་ལང་ཚོ་སྟོང་ཟད་དུ་སོང་བར་ཧ་ཅང་ཡིད་ཕངས་པར་གྱུར་འདུག ཡིན་ན་ཡང་།

             བསྐལ་བའི་དུས་ཀྱི་འཕོ་འགྱུར་སྣ་ཚོགས་ཀྱིས།།

               ན་ཆུང་གཞོན་ནུའི་ལང་ཚོ་ཆུད་ཟས་བཏང་།།

               རིག་གནས་སྦྱངས་བརྩོན་གོ་སྐབས་མ་ལྡན་ཀྱང་།།

               ལྷན་སྐྱེས་ཤེས་རབ་ཡོན་ཏན་ཕྲ་མོ་འབྱོར།།

     ཞེས་རང་སྦྱོང་གང་ལེགས་ཀྱིས་འདུན་པ་རབ་ཏུ་ཁེངས་ཏེ། རྒྱལ་ཁབ་ཆེན་པོའི་སྲིད་ཕྱོགས་སུ་ལོ་ངོ་སུམ་ཅུའི་རིང་ལ་ལས་དོན་གཞོལ་བའི་གོ་སྐབས་ཀྱི་མགོ་བརྩམས་པ་ཙམ་ཞིག་བྱུང་སྟེ། དེ་ཡང་ཐོག་མར་རྫོགས་པའི་སངས་རྒྱས་ཀྱི་དངོས་སྤྲུལ་དམ་པ་འཇིག་རྟེན་མི་ཡུལ་དུ་བྱོན་པའི་ལྷ་ཕྲུག་རང་བྱོན་དང་། བཀོས་བཀོད་རྒྱུད་འཛིན་རྒྱ་བཟའི་ཏཱ་མིན་ཆེན་ཧུའི་རིགས་སུ་འཁྲུངས་པའི་རྒྱལ་སྲས་སྐུ་དྲག་དཔོན་ཕྲུག གང་ལྟར་གྲལ་རིམ་དང་ལོ་རྒྱུས་མི་གཙང་བའི་ཞྭ་མོ་ནག་པོ་འཁོར་ནས།༡༩༧༠ལོའི་ཟླ་བ་བདུན་པའི་བར་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་པུའུ་ཡི་ནང་དུ་བྱ་བར་བཀོད་སྒྲིག་བྱེད་པར་བསྒུགས་པའི་ཞོར་ལ་ཁུལ་ཡོངས་ཀྱི་ལྟེ་གནས་བྱ་བར་ཞུགས་ཤིང་། ཐོག་མར་གསེར་ཆེན་རྫོང་དུམ་པ་ཤང་དང་མང་རྫོང་བྱ་མདོ་ཤང་སོགས་ལ་སོང་ནས་ལམ་ཕྱོགས་སློབ་གསོའི་བྱ་བཞག་བསྒྲུབ་དགོས་པར་བྱུང་བ་དང་། ཕྱིས་སུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོ་ཕག་བཟོ་གྲྭའི་ནང་ལ་མངགས་ཏེ། ངལ་རྩོལ་སྦྱོང་རྡར་དང་བཟོ་བའི་གྲལ་རིམ་གྱི་སློབ་གསོ་ཡང་སྐྱར་དང་ལེན་མི་བྱེད་ག་མེད་བྱུང་ཞིང་། ཐོན་སྐྱེད་ངལ་རྩོལ་ལ་ཞུགས་ནས་གྲུབ་འབྲས་མངོན་པར་འཕགས། བཟོ་བའི་གྲལ་རིམ་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བས།༡༩༧༣ལོའི་ཟླ་བཞི་བར་ཁྲི་ཀ་རྫོང་ལ་མངགས་ནས་མི་རིགས་སློབ་གསོའི་ལས་དོན་གཞོལ། སྔན་གཞུག་ཏུ་སྒོ་མེ་དཀར་བརྗིད་ཤང་སྡོང་རྒན་ཐང་སློབ་གྲྭའི་དགེ་རྒན་དང་། འཛིན་གྲྭའི་ཀྲུའུ་རིན། ཞའོ་ཀྲང་སོགས་ཀྱི་འགན་བཞེས་ཤིང་། སུམ་པ་སློབ་གྲྭའི་དགེ་རྒན་དང་། འཛིན་གྲྭའི་ཀྲུའུ་རིན། ཞའོ་ཀྲང་། སྒོ་མེ་ལྕང་རའི་སློབ་ཁུལ་སྤྱི་ཁྱབ་འགན་ཁུར་བ། རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་སོགས་ཀྱི་འགན་བཞེས་ཏེ། མི་རིགས་སློབ་གསོའི་བྱ་བ་ལེགས་པོར་བསྒྲུབས་པའི་གོ་སྐབས་ཡག་པོ་ལྡན། ཁྱད་པར་དུ་གཞི་རིམ་སློབ་གྲྭའི་དགེ་རྒན་ཕལ་བ་ཞིག་གི་ཆ་ནས་བཤད་ན།

               རང་ལ་མཁོ་བའི་རིག་གནས་མེད་ན་ཡང་།།

                 རང་སྦྱོང་ཞོར་ལ་དཔེ་ཁྲིད་གང་ལེགས་མཛད།།

                 མི་རིགས་སློབ་གསོའི་ལས་དོན་རྟག་ཏུ་བསྒྲུབས།།

                 རིག་བཟང་སློབ་བུ་གང་མང་ཐབས་ཀྱིས་བསྐྱངས།།

      ཞེས་ཁ་བཤད་དོན་ལ་གནས་པ་དང་། སློབ་ཆུང་གི་རྨང་གཞིའི་སློབ་གསོ་བརྟན་པོ་ཡིན་པས། ཕྱིས་སུ་རང་གི་སློབ་གྲྭ་ལས་མཐར་ཕྱིན་པའི་སློབ་བུ་གང་མང་ཞིག་གིས་སློབ་གྲྭ་ཆེན་མོ་སོགས་ལ་རྒྱུགས་འཕྲོད་ནས་ཞིབ་འཇུག་སློབ་མ་དང་སློབ་དཔོན་ཆེན་མོ་སོགས་མཁས་པའི་དབང་པོ་ཁ་ཤས་བྱོན། ཡང་ཅིག་བཤད་ན་ཡིག་རྨོངས་པ་མིན་པ་ཙམ་གྱི་གཞི་རིམ་དགེ་རྒན་ཞིག་གིས་སློབ་གྲྭ་ཆེན་མོ་བ་སྐོར་ཞིག་གསོ་སྐྱོང་བྱེད་ཐུབ་པར་བྱུང་བ་ནི་གྲུབ་འབྲས་ངོ་མཚར་ཅན་ཞིག་ཡིན་ཞེས་བཤད་ཆོག ༡༩༧༨ལོའི་ཟླ་དང་པོ་ནས་བཟུང་སྟེ་བྲག་དཀར་རྫོང་སློབ་འབྲིང་དང་རྫོང་མཁར་ཞོལ་སློབ་ཆུང་གི་དགེ་རྒན་དང་། འཛིན་གྲྭའི་ཀྲུའུ་རིན། སློབ་ཁྲིད་ཞིབ་འཇུག་ཚན་ཆུང་གི་ཙུའུ་ཀྲང་སོགས་ཀྱི་འགན་བཞེས་ཤིང་། རྫོང་མི་དམངས་སྲིད་གཞུང་དོན་གཅོད་ཁང་གི་དྲུང་ཡིག་དང་ལོ་ཙཱ་བ། རྫོང་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལས་རོགས་མཁན། རྫོང་ཁྲིམས་འཛིན་ཅུའི་བཅའ་ཁྲིམས་ཇུས་འདྲི་ཁྲུའུ་ཡི་ཁྲིམས་རྩོད་པའི་བྱ་བ་སྒྲུབ་མཁན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བྲག་དཀར་རྫོང་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་དྲུང་ཡིག་དང་ལོ་ཙཱ་བ་སོགས་མི་རིགས་འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས་སྐད་ཡིག མི་རིགས་སློབ་གསོ། བཅའ་ཁྲིམས་རིག་པའི་གཞུང་ལུགས་སོགས་ཀྱི་བྱ་བཞག་འབོར་ཆེན་བསྒྲུབ་པ་མ་ཟད། ལས་དོན་དང་བྱེད་སྒོའི་ཆ་ནས་བཤད་ན།

                 གོང་ནས་འཐེན་མཁན་དཔོན་པོ་མེད་པ་དང་།།

                   ཞོལ་ནས་སྐྱོར་མཁན་ཐེབ་མོ་ཙམ་མེད་ཀྱང་།།

                   མ་བསམ་རྒྱལ་སྲིད་སྟེགས་བུའི་ལས་དོན་གཞོལ།།

                   སྐད་གཉིས་སྨྲ་བའི་ལོ་ཙཱ་ཆེན་པོར་གྲགས།།

     ཞེས་བུ་རང་སྐྱེས་གནམ་གྱིས་མི་ཁོག་པའི་དཔེ་ལྟར། སྐབས་དེར་མཚོན་ན་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐེན་གྱི་བདེན་དབང་དང་ཁྲིམས་རྩོད་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་ཐེངས་དང་པོར་ཞུགས་ཤིང་། མཚོ་སྔོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་གཅོད་ཨུ་ཡོན་ལྷན་ཁང་གི་མི་རིགས་རིག་གནས་སྒྱུ་རྩལ་རྩོམ་རིག་འབྲི་རྩོམ་སྦྱོང་རྡར་འཛིན་གྲྭ་ཐེངས་པོ་སོགས་ལ་ཞུགས་ནས་ཁྲིམས་ལུགས་ཆེད་ལས་བྱེད་སྒོའི་ཤེས་བྱ་དང་རྩོམ་རིག་འབྲི་རྩོམ་བྱེད་སྒོའི་ཆུ་ཚད་མཐོ་རུ་བཏེགས་པ་མ་ཟད། སྔོན་གཞུག་ཏུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་ཁྲིམས་ལུགས་རིག་པའི་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་རིག་པའི་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་ཁྲིམད་རྩོད་པའི་་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་བོད་ཀྱི་རིག་པའི་གཞུང་ལུགས་ཞིབ་འཇུག་ཚོགས་པ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་རིག་པའི་མཐུན་ཚོགས་སོགས་རིག་གཞུང་ལས་རིགས་ཁག་གི་ཁོངས་མིར་གྱུར་ཞིང་། དུས་མཚུངས་སུ་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐེན་གྱི་ལས་བྱེད་པའི་གཟིགས་སྐོར་ཚོགས་པར་ཞུགས་ནས་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དང་། ཧུ་ནན་ཞིང་ཆེན་ཀྲིན་ཀྲིག་གྲོང་ཁྱེར། ཀན་སུའུ་ཞིང་ཆེན་ལན་གྲུ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན་ཅིག་ལུང་གཙང་བོ། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར། སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར། ཁྲུང་ཆེན་གྲོང་ཁྱེར། གླང་ཆེན་འགྱིང་རི། རྒྱ་ནག་རི་བོ་རྩེ་ལྔ་སོགས་མེས་རྒྱལ་གྱི་ཡུལ་གྲུ་སོ་སོར་འགྲིམ་ནས་གཟིགས་སྐོར་སློབ་སྦྱོང་གང་ལེགས་བྱས། ཕྱིས་སུ་རྒྱལ་ས་པེ་ཅིན་དང་། བོད་ལྗོངས་ལྷ་ས། རྩེ་པོ་ཏ་ལ། ནོར་བུ་གླིང་ཁ། ལྕགས་པོ་རི། སེ་འབྲས་དགའ་གསུམ། གཙང་བཀྲ་ཤིས་ལྷུན་པོ། དཔལ་ལྡན་ས་སྐྱ་དགོན། བསམ་ཡས་གཙུག་ལག་ཁང་། ལྷ་ལྡན་གཙུག་ལག་ཁང་སོགས་དང་སོགས་གནས་མོག་དམ་པ་དང་། ཡུན་ནན་ཁུན་མེན། ཏཱ་ལིས་གནའ་མཁར། གཡུ་འབྲུག་གངས་རི། ལིས་ཅང་གཙང་བོ། ཀོང་ཏུང་ཞིང་ཆེན་གྱི་ཀོང་ཀྲུ་གྲོང་ཁྱེར། ཧྲིན་ཀྲིན་གྲོང་ཁྱེར། ཀྲུའུ་ཧེ་གྲོང་ཁྱེར། ཞང་ཀང་དང་ཨོ་མིན་སོགས་རྒྱལ་ཁབ་ཕྱི་ནང་ལ་གཟིགས་སྐོར་སྤྲོ་གསེང་གང་ལེགས་བྱས་ཤིང་། ༢༠༡༠ལོའི་ཟླ་བ་བཞི་བར་མཚོ་སྔོན་ཞིང་ཆེན་མི་གྲངས་ཆིག་སྟོང་གིས་གྲུབ་པའི་འཆམ་མཐུན་གནས་སྐོར་ཚོགས་པའི་ཆེད་གཏོང་མེ་འཁོར་ལ་བསྡད་ནས་ཡང་བསྐྱར་རྒྱལ་ས་པེ་ཅིན་དང་། ཐེན་ཅིན། ཧྲང་ཧེ། ནན་ཅིན། ཧཱང་ཀྲིག སུའུ་ཀྲིག ཝུའུ་ཤེས་སོགས་རྒྱལ་ནང་གི་གྲོང་ཁྱེར་ཆེན་པོ་བདུན་ལ་གཟིགས་སྐོར་བྱས་ཏེ། སླར་ཡང་གནའ་མཁར་གོང་མའི་ཕོ་བྲང་བཤམས་སྟོན་གླིང་དང་། གནམ་བདེ་སྒོ་མོ་ཆེ། མའོ་ཙེ་ཏུང་ཀྲུའུ་ཞིའི་རྗེས་དྲན་ཚོམས་ཁང་ཆེན་མོ། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་། མི་དམངས་ཚོགས་ཁང་ཆེན་མོ། རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་།༢༠༠༨ལོའི་པེ་ཅིན་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་ཆེན་མོའི་ལུས་རྩལ་སྤྱི་གླིང་དང་།  ༢༠༡༠ ལོའི་ཧྲེང་ཧེའི་འཛམ་གླིང་དངོས་མང་བཤམས་སྟོན་ཚོགས་ཆེན། ཧྲང་ཧེའི་མཚན་མོའི་མཛེས་ལྗོངས། རྒྱ་ནག་ལྕགས་རི་རིང་བོ་དང་། བྱང་གི་མཚོ་ཆུང་སྤྱི་གླིང་། ལུས་རྩལ་ཚོམས་ཆེན་དང་ཆུ་མཛོད་རྒྱ་དཔང་གྲུ་བཞི་མ། དགའ་ལྡན་བྱིན་ཆགས་གླིང་སོགས་ལ་གཟིགས་སྐོར་བྱས། ཀྲུའུ་ཨེན་ལེ་དང་ཏིན་ཡོན་ཁྲའོ་རྣམ་པ་གཉིས་ཀྱི་དྲན་རྟེན་ཁང་། ཨོ་གླིང་སྐམ་སའི་ཁྱད་ལྡན་སྲང་ལམ་ཆེན་མོ་དང་། ཟས་རིགས་སྲང་ལམ་ཆེན་མོ། རིག་གནས་སྲང་ལམ་ཆེན་མོ། ཁྱད་པར་དུ་ཝུའུ་ཤེས་སུ་ཀྲུང་དབྱང་བཪྙན་འཕྲིན་ཁང་གིས་མུ་འབྲེལ་བཪྙན་འཕྲིན་ཟློས་གར་ལེའུ་བརྒྱད་ཅུ་གྱ་བཞི་ཅན་གྱིརྒྱབ་ཁབ་གསུམ་གྱི་གཡུལ་འགྱེདའཁྲབ་ཕབ་རིག་གནས་ཡུལ་ལྗོངས་གླིང་ཁ་དང་། རྒྱལ་ནང་གི་ཤར་ལྷོ་ནུབ་བྱང་དབུས་ཕྱོགས་སུ་བཞུགས་པའི་ལྷ་ཆེན་ལྔ་རུ་གྲགས་པའི་ཡ་གྱལ། ཤར་ཕྱོགས་བྱིན་ལྡན་གནས་མཆོག་གི་སངས་རྒྱས་བཅོམ་ལྡན་འདས་ཐང་སྐུ་ཆེན་མོ་མཐོ་ཚད་ལ་སྤྱི་ཁྲི་བརྒྱད་ཅུ་གྱ་བརྒྱད་ཅན། གཡུ་འབྲུག་དགུ་ཡིས་ཞལ་ཁྲུས་ཕུལ་བའི་དགའ་ལྡན་ལྷ་བབས་གསེར་སྐུ་ངོ་མཚར་ཅན་སོགས་ལ་མཇལ་ཕྱག་ཕུལ་བ། གོང་མ་ཆེན་ལུང་གིས་ཐེངས་དྲུག་ལ་ཞབས་ཀྱིས་བཅགས་མྱོང་བའི་སུའུ་ཀྲིག་མུའུ་ཏུའུ་གནའ་མཁར། ནན་ཅིན་ཙུང་ཐུང་ཕོ་བྲང་། འབྲི་ཆུའི་རྒྱང་གཟིགས་ཁང་བརྩེགས། ནན་ཅིན་འབྲི་ཆུའི་ཟམ་ཆེན། མགོན་པོ་འོད་དཔག་མེད་ཀྱིས་ཆོས་འཁོར་བསྐོར་ཏེ་མེ་ཏོག་གི་ཆར་བ་ཕབས་པ་ལས་བྱུང་བར་གྲགས་པའི་གནས་མཆོག་མེ་ཏོག་ཆར་སྟེགས། ཧུང་ཕུའུ་གཙང་བོ་དང་ཞི་ཧུའུ་མཚོ་ཁ་སོགས་ལ་གནས་སྐོར་གང་ལེགས་བྱས་པ་དང་། ༢༠༡༢ལོའི་ཟླ་བཅུ་བར་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་རྩ་འཛུགས་བྱས་ཏེ། ཕྱིར་སྡོད་བོད་རིགས་སྤུན་ཟླའི་ཁྱིམ་མིའི་གཟིགས་སྐོར་ཚོགས་པར་ཞུགས་ནས། ཧྥུའུ་ཅན་ཞིང་ཆེན་དང་། ཞཱ་མིན། ཅང་ཤིས། ལུའུ་ཧྲན། ནན་ཁྲང་།ཐེ་ཝན་ཅིན་མིན་སོགས་ལ་གཟིགས་སྐོར་དུ་ཕྱིན་པ་མ་ཟད། མ་འོངས་པར་རང་གི་ཚེ་མཇུག་ཏུ་བསྟུད་མར་མི་དམངས་ལ་སྔར་ལས་ལྷག་པའི་སྒོ་ནས་ཞབས་འདེགས་ཞུ་བ་དང་། ཆེད་དུ་རྒྱལ་ཁམས་འགྲིམ་ནས་རྒྱ་གར་འཕགས་པའི་ཡུལ། གནས་མཆོག་ཝ་ར་ན་སི། རྡོ་རྗེ་གདན། ཀླུ་འབུམ་གནས། རྩ་མཆོག་གྲོང་། བྱང་ཆུབ་ཤིང་། ཆུ་བོ་གངྒ་། མཚོ་པདྨ། བྱ་རྒོད་ཕུང་བོའི་རི་བོ། འཇིགས་སུ་རུང་བའི་དུར་ཁྲོད་སོགས་དང་།བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་སོགས་འཛམ་གླིང་གི་གནས་མཆོག་དག་ལ་དངོས་སུ་གནས་མཇལ་དང་ཕྱག་སྐོར་འགྲིམ་པའི་སྨོན་ལམ་དང་འདུན་པའི་ཁེངས་ཏེ།  ཐོག་མར་རང་རྒྱལ་གྱི་སན་ཞི་ཞིང་ཆེན་རྒྱ་ནག་རི་བོ་རྩེ་ལྔ་དང་། ཨན་ཧོས་ཞིང་ཆེན་དཔལ་རི་རྩེ་དགུ། ཀྲེ་ཅཱང་ཞིང་ཆེན་རི་བོ་གྲུ་འཛིན་ནམ་ནན་ཧེ་པོ་ཏ་ལ། སི་ཁྲོན་ཞིང་ཆེན་གླང་ཆེན་འགྱིངས་རི་སོགས་ལྷན་ཅིག་ཏུ་རྒྱ་ནག་གི་གནས་མཆོག་བཞི་རུ་གྲགས་པའི་བ་དན་དཀར་པོ་ཕྱོགས་བཅུའི་མཁའ་རུ་ཁྱབ་ཅིང། རང་རེའི་རྒྱལ་ཁབ་ཀྱི་ནང་བསྟན་གནས་མཆོག་གྲགས་ཅན་བཞི་ཡང་ཡིན་པས། བསྐལ་བ་ཡག་པོ་རྫོགས་ལྡན་གྱི་དཔལ་ལ་བསྙེགས་པའི་དེང་འདིར་གོང་གི་གནས་མཆོག་འདི་དག་ལ་བདག་སོགས་དད་ལྡན་གནས་མཇལ་བ་རྣམ་པས་གནས་མཇལ་ཡག་པོ་ཡོང་པའི་ལྷག་བསམ་རྣམ་པ་དཀར་པོས་མདུན་བསུས་ཏེ། ཕྱིས་སུ་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ༢༠༡༧ལོའི་ཧོར་ཟླ་དགུ་བའི་ཉེར་གཉིས་ཏེ་སངས་རྒྱས་ལྷ་བབས་དུས་ཆེན་གྱི་སྐབས་དང་བསྟུན་ནས་རྒྱལ་ནང་གི་གནས་མཆོག་བཞི་ལ་གནས་སྐོར་འགྲིམ་པའི་སྟ་གོན་བྱས་ཏེ། མཚོསྔོན་མདོ་དབུས་རྒྱལ་སྤྱིའི་གནས་སྐོར་ལས་ཁུངས་ཀྱིས་ཕྱག་ཟུང་དྲོན་མོས་མཐུན་རྐྱེན་ལེགས་པོ་སྒྲུབ་པ་ལྟར་བོད་ལྗོངས་ལྷ་ས་དང་།ཡུལ་ཤུལ། རེབ་གོང་། རྩེ་ཁོག མཚོ་ནུབ། མཚོ་ལྷོ། དཔའ་རིས་སོགས་བོད་ཁུལ་ནས་འདུ་འཛོམས་བྱུང་བའི་གནས་མཇལ་བ་བཅུ་ཕྲག་དུ་མ་དང་ལྷན་ཅིག་ཏུ་གནའ་མཁར་ཟི་ལིང་མེ་འཁོར་ས་ཚིགས་ནས་ལམ་དུ་ཆས་ནས། ཧ་ལམ་ཟླ་ཕྱེད་རིང་ལ་ཀན་སུའུ་ཞིང་ཆེན་དང་། ཧུ་ནན་ཞིང་ཆེན། ཧྲན་ཞི་ཞིང་ཆེན། སན་ཞི་ཞིང་ཆེན། སན ཏུང་ཞིང་ཆེན། ཨན་ཧོས་ཞིང་ཆེན། ཅཱང་སུའུ་ཞིང་ཆེན། ཀྲེ་ཅཱང་ཞིང་ཆེན། སི་ཁྲོན་ཞིང་ཆེན། ནན་ཅིན་གྲོང་ཁྱེར། ཧྲང་ཧེ་གྲོང་ཁྱེར། ལན་གྲུ་གྲོང་ཁྱེར། ཐེ་ཡོན་གྲོང་ཁྱེར། ཧཱང་ཀྲིག་གྲོང་ཁྱེར། ཉིན་པའོ་གྲོང་ཁྱེར། ཁྲིན་ཏུ་གྲོང་ཁྱེར་སོགས་ཀྱི་རི་ཆུ་ཁྲི་སྟོང་མང་པོ་བརྒྱུད་པ་དང་ནན་ཧེ་རྒྱ་མཚོ་ཆེན་པོ་ལས་བརྒལ་ཞིང་དཀའ་བ་འབུམ་ཕྲག་སྤྱད་ནས་རྒྱལ་ནང་གི་ནང་བསྟན་གནས་མཆོག་བཞི་ལ་གནས་མཇལ་བྱས་ནས་ཡོངས་སུ་ལེགས་གྲུབ་བྱུང་པས། བདག་སོགས་འཁོར་བཅས་ཚེ་རབས་ཐམས་ཅད་དུ།།དགེ་བའི་ལེགས་ཚོགས་མ་ལུས་ཅི་བསགས་པ།།བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པ་འབུལ།།ཞེས་ཡིད་ངག་ལུས་གསུམ་གྱི་ངང་ནས་སྨོན་ལམ་བཏབ་པ་དང་ཐམས་ཅད་བཀྲ་ཤིས་དགེ་མཚན་འབུམ་ཕྲག་ལྡན་གྱུར་ནས་ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཀྱི་མདུན་བསུས་ཏེ་བཞུགས་སོ།།

       བོད་རབ་བྱུང་བཅུ་དྲུག་པའི་ཤིང་མོ་གླང༡༩༨༥ལོའི་ཟླ་བ་བཅུ་བར་རང་ལོ་སོ་བཞིའི་སྟེང་དུ་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་དང་ལོ་ཙཱ་བའི་ལས་འགན་གཅིག་ལྕོགས་སུ་ཁུར་ནས། མུ་མཐུད་དུ་ཏང་གི་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་ལག་ལེན་མཐར་ཕྱིན་བྱས་ཤིང་། བྱ་བའི་བྱང་ཆ་དང་ལོ་ཙཱ་བའི་ཆུ་ཚད་སོགས་ལ་མཐོར་འདེགས་གང་ལེགས་བྱུང་བ་རེད། ༡༩༨༦ལོའི་ཟླ་བ་བརྒྱད་པར་ཀྲུང་གོའི་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་གཉེར་མཛད་པའི་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་རིགས་པའི་གཞུང་ལུགས་ལས་བྱེད་པའི་སྦྱོང་རྡར་འཛིན་གྲྭ་ཐེངས་གསུམ་པར་ཞུགས་ནས། ཏང་གི་འཐབ་ཕྱོགས་གཅིག་གྱུར་སྲིད་ཇུས་དང་། རིག་པའི་གཞུང་ལུགས། བྱ་བའི་ཆུ་ཚད་སོགས་ལ་མཐོར་འདེགས་ངེས་ཅན་བྱུང་བ་རེད།།

      བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྟག༡༩༨༦ལོའི་ཟླ་བ་བརྒྱད་པར་རང་ལོ་སོ་ལྔ་ནས་བཟུང་སྟེ། ཀྲུང་གོའི་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གིས་བཀའ་མངགས་བྱས་པ་ལྟར། སྔོན་གཞུག་ཏུ་འབའ་རྫོང་ཞོལ་མ་ཞང་མི་དམངས་སྲིད་གཞུང་གི་ཤང་ཀྲང་གཞོན་པ་དང་། ཤང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། རྫོང་ཞིང་ཕྱུགས་ཡུལ་མཚམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སོགས་ཀྱི་འགན་ཁུར་ཕྲེག་ཏུ་ཁུར་ནས། ཞིང་ཕྱུགས་ལས་ཐོན་སྐྱེད་དང་ས་གནས་ཁག་གི་དཔལ་འབྱོར་བྱ་བ་སོགས་ཚན་རིག་དང་མཐུན་པའི་བྱ་བ་འབོར་ཆེན་ལས། ༡༩༨༨ ལོའི་ཟླ་བ་བཞི་བར་སླར་ཡང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ནང་ལ་བྱ་བའི་ལས་གནས་སྤོས་ཏེ། དྲུང་ཡིག་ཁའོ་ཡི་ཁའོ་ཀྲང་དང་། ཁུལ་སྲིད་གྲོས་ལས་ཁུངས་བཟོ་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སོགས་ལས་འགན་ཕྲེག་ཏུ་ཁུར་ནས། སྔར་བཞིན་དྲུང་ཡིག་དང་ལོ་ཙཱ་བའི་བྱ་བ་ལས་ཤིང་། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རིག་གནས་ལོ་རྒྱུས་དཔྱད་གཞི་ཨུ་ཡོན་ལྷན་ཁང་གིས་གདན་དྲངས་པ་ལྟར་རིག་གནས་ལོ་རྒྱུས་འབྲི་རྩོམ་གྱི་བྱ་བ་ལེགས་པར་བསྒྲུབས་དགོས་པར་གྱུར་ཏོ།།

      དེ་ཡང་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་སྟག ༡༩༩༨ ལོའི་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་ལ་རང་ལོ་ཞེ་བདུན་ཙམ་གྱི་ཐོག་ཏུ། རང་གིས་བློ་ཐག་རྦད་ཆོད་ཀྱིས་གོང་རིམ་ལ་རེ་འདོད་ཡང་ནས་ཡང་དུ་ཞུས་པ་ལྟར། ཀྲུང་གོའི་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ་ཡིས་ཆོག་མཆན་གནང་བ་བཞིན་ལས་འཁྱུར་ངལ་གསོ་བྱས་ཏེ། རྒྱལ་ཁབ་ཀྱི་སྲིད་ཕྱོགས་སྟེགས་བུའི་ལས་དོན་དོར་ནས། རང་གི་བསམ་དོན་བཞིན་དུ་བདག་གཞན་དོན་གཉིས་འཕྲིན་ལས་ཡོངས་སུ་བསྒྲུབས་པའི་མགོ་བརྩམས།ཐོག་མར་བོད་མི་རིགས་རང་གི་གཟི་བརྗིད་འོད་སྟོང་འབར་བའི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་མདུན་བསུས་ཏེ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་གདན་དྲངས་པ་ལྟར།  མུ་མཐུད་དུ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་དང་། བོད་དར་རྒྱས་རོགས་སྐྱོར་ཐེབ་རྩ་ལྷན་ཚོགས་མཚོ་སྔོན་དོན་གཅོད་ཁང་འབྲེལ་གཏུག་པུའུ་ཡི་ཀྲུའུ་རིན་གཞོན་པ། མཚོ་སྔོན་བོད་རིགས་ཞིབ་འཇུགརྩོམ་སྒྲིག་པུའུ་ཡི་སྤྱི་ཁྱབ་རྩོམ་སྒྲིག་པའི་ཕྱག་འགན་གཅིག་ལྕོགས་བྱས་ཏེ། བོད་མི་རིགས་རང་གི་ཁྱད་ཆོས་དང་དོན་སྙིང་ལྡན་ཞིང་ཕན་འབྲས་མི་དམན་པའི་བྱ་བ་ཡག་པོ་ཁ་ཤས་སྒྲུབ་ཐུབ་པའི་གོ་སྐབས་བཟང་པོ་དག་ལ་འཕྲད་པ་དང་། བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་བྱི་བ༢༠༠༨ལོ་ནས་བཟུང་སྟེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁེ་ལས་སྡེ་ཁག་མི་ཉུང་བ་ཞིག་གིས་བཅའ་ཁྲིམས་ཇུས་འདོན་དཔོན་ལ་བཀུར་ཏེ། འགན་འཁྲི་གཅིག་ལྕོགས་ཀྱིས་བྱ་བ་བསྒྲུབས་དགོས་པར་བྱུང་བ་མ་ཟད་གྲུབ་འབྲས་ཀྱང་མངོན་སུམ་བླངས། ཁྱད་པར་དུ་སྤྱི་ཚོགས་ཚན་རིག་སོགས་ལ་ཞིབ་འཇུག་དང་། བོད་རྒྱུད་ནང་བསྟན་ཆོས་ལུགས་རིག་པ། བཅའ་ཁྲིམས་རིག་པ། གསོ་བ་རིག་པ། བོད་ལུགས་གསོ་རིག ནུབ་ལུགས་གསོ་རིག ཀྲུང་ལུགས་གསོ་རིག སྐད་གཉིས་སྨྲ་བའི་ལོ་ཙཱ། རིག་གནས་ལོ་རྒྱུས་རྩོམ་སྒྲིག  བཪྙན་པར་ཞིབ་འཇུག  གློག་གླད་རྩིས་འཁོར་འཕྲུལ་ཆས་ལག་རྩལ་སོགས་ལ་འབད་འབུངས་ལྷོད་མེད་ཀྱིས་ལག་ལེན་བྱས་ཏེ། རིག་པའི་དཔའ་བོ་འམ་མཁས་པའི་དབང་པོ་ཞེས་པའི་མཚན་སྙན་བླངས་མ་མྱོང་ཀྱང་ཐམས་ཅད་ལྷན་སྐྱེས་ཀྱི་ཤེས་རབ་དང་། ལག་ལེན་གྱི་རྩལ་ལས་ཐོན་པའི་གྲུབ་འབྲས་མངོན་སུམ་བླངས་པ་དང་ལེན་བཞིན་མཆིས་ཤིང་། ཁྱད་པར་དུ་མཚོ་སྔོན་པོའི་གཡས་རུ་གཡོན་རུ། རྨ་ལུ་མའི་ཕ་རི་ཚུར་རུ།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གསེར་ཆེན་རྫོང་དང་། མང་རྫོང་། འབའ་རྫོང་། བྲག་དཀར་རྫོང། ཁྲི་ཀ་རྫོང་། ཡང་ན་མགོ་ལོག རྨ་ལྷོ། མཚོ་བྱང་། མཚོ་ནུབ། མཚོ་ཤར། ཟི་ལིང་གྲོང་ཁྱེར། གོར་མོ་གྲོང་ཁྱེར། བོད་ལྗོངས་ལྷ་ས་གྲོང་ཁྱེར། རྒྱ་ནག་ནན་ཅིན་གྲོང་ཁྱེར་སོགས་ནས་གདན་དྲངས་པ་ལྟར། དམངས་ཁྲོད་ཀྱི་ཉེས་དོན་གྱོད་གཞི། དམངས་དོན་གྱོད་གཞི། སྲིད་འཛིན་གྱོད་གཞི། རྩྭ་སའི་རྩོད་གླེང་དང་། སྡེ་བའི་སྡེ་གྱོད། བཟའ་བའི་ནང་གྱོད་སོགས་གྲངས་ལས་འདས་པ་དང་ལེན་བྱས་ཤིང་སྒྲུབ་གཉེར་བྱས་པས། མང་ཚོགས་ཁྲི་འབུམ་མང་པོས་དགའ་བསུ་ཐོབ་པ་དང་། རིམ་པ་ཁག་གི་སྲིད་ཕྱོགས་ནས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་། བཀྲ་ཤིས་དཔའ་དར་རིང་མོ་རེ་རེ་བཞིན་ཁ་བ་དཀར་པོའི་མེ་ཏོག་གི་འདབ་མ་དོག་མོ་ས་ལ་ལྷབ་ལྷུབ་འབབ་བཞིན། རྒྱ་བོད་སོག་གསུམ་དང་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྐྱིད་སྡུག་དེ་རང་གི་བདེ་སྡུག་དུ་སེམས་ནས། གླང་ཆེན་སྨྱོན་པ་མཐོང་ན་ལམ་མི་གཞོལ་ཞིང་། གཤིན་རྗེ་ཆོས་རྒྱལ་མཐོང་ན་ཞྭ་མི་འཕུད་པའི་དཔེ་ལྟར། ཚུར་ཡོང་ན་གློག་དམར་གྱི་མེ་ལྕེ་མཆེད་ཅིང་། ཕར་སོང་ན་རླུང་ནག་གི་འཚུབ་མ་འཁོར་བ། དཔོན་ངན་རུལ་སུངས་བཙན་པོ་དག་གིས་མཐོང་ན་སྙིང་རྩ་འདར་བ། འབངས་མི་ཉམ་ཆུང་རྣམས་ཀྱིས་མཐོང་ན་ཡིད་དབང་འཆོར་བ། དུས་དང་ནམ་ཡང་འབངས་མི་སེར་རྣམས་ཀྱི་གྲས་སུ་ལངས་ནས། ལས་དཀར་ནག་གི་དབྱེ་བ་འབྱེད་ཅིང་བདེན་རྫུན་གྱི་བདར་ཤ་བཅད་ནས། བཙན་པོ་གཉའ་ནས་ཟིལ་གྱིས་མནན་ཞིང་། གཉོམ་ཆུང་ཟེ་ཁའི་ཡར་འཐེན་བྱས་ནས། སྲིད་ཕྱོགས་སྟེགས་བུའི་སྟེང་དུ་ལས་དོན་གཞོལ་པའི་སྐབས་སུ་ཡིན་ནའང་འདྲ། སྲིད་ཕྱོགས་སྟེགས་བུ་དོར་ནས་ལས་འཁྱུར་ངལ་གསོ་བྱས་པའི་རྗེས་སུ་ཡིན་ནའང་འདྲ། གང་ལྟར་རང་གི་སེམས་ལ་དཔོན་སའི་མཐོ་དམན་དང་། མཚན་སྙན་ཐོབ་ཐང་གི་ཆ་ནས་རག་ལས་ཆེན་པོ་མ་མཆིས་པར་ཆེའི་རྩ་བར་གྱུར་ནི་རང་གིས་ཏང་ལ་བློ་སེམས་དཀར་བ་དང་། མེས་རྒྱལ་ལ་བློ་སེམས་དཀར་བ། མི་དམངས་མང་ཚོགས་ལ་ཤ་ཞེན་ཆེ་བའི་ལྷག་བསམ་རྣམ་དག་གིས་བློ་གཅིག་སེམས་གཅིག་དང་། ཁ་ཞེ་གཉིས་མེད། རྒྱུ་འབྲས་གཞུང་དྲང་བྱས་ཏེ་སྲི་ཞུ་ཡག་པོ་སྒྲུབ་ཐུབ་མིན་གྱི་གནད་འགག་ལ་ཐུག་ཡོད་པས། གོང་རིམ་དཔོན་ཕྱོགས་ལ་ངོ་གཡོག་ངོ་དགའ་མི་བྱེད་པར། ཐུགས་དང་འགལ་བ་བྱུང་ནས་མི་རང་ཉིད་ལ་ཉེན་ཁར་ཐུག་སྲིད་ནའང་། ཏང་དང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་སྟེ། ས་གནས་རིམ་པ་ཁག་གི་འབྲེལ་ཡོད་ལས་ཁུངས་དང་། ཡང་ན་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམ་པ། ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་འམ་རྒྱལ་ཁབ་ཀྱི་ཙུང་ལི་སོགས་ཏང་དང་རྒྱལ་ཁབ་ཀྱི་གཙོ་འཛིན་རྣམ་པའི་དྲུང་དུ་ཡིན་རུང་ལས་དཀར་ནག་གི་དབྱེ་བ་བཀར་ནས་སྙན་ས་ཞུ་ཕོད་པ་དང་། ཐད་ཀར་ཡིག་ཐོག་སྙན་ཞུ་ཕུལ་ནས་དོན་དངོས་རེ་རེ་བཞིན་རྒྱུ་འབྲས་ལྡན་ཞིང་དྲང་བདེན་གྱིས་ཐག་གཅོད་བྱེད་དུ་བཅུག་པས། རང་རེའི་ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་ལམ་ཇེ་དམ་དུ་བཏང་ཞིང་། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཛུགས་སྐྲུན། སྤྱི་ཚོགས་གཏན་འཇགས། ས་གནས་འཆམ་མཐུན། དཔལ་ཡོན་སྤྱོད་བཟང་འཛུགས་སྐྲུན་བྱེད་པ་སོགས་ལ་དགེ་མཚན་འབུམ་ཕྲག་ལྡན་ཞིང་འགྲོ་དོན་གྱི་གདུལ་བྱ་རྒྱ་ཆེན་པོ་འཕེལ་ཏེ། རབ་བྱུང་གཅིག་གི་རིང་ལ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མཚོན་པའི་ལམ་བུ་ཕྲ་མོ་ཉག་གཅིག་དེད་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་གཡུ་འབྲུག་སྟོང་གིས་ངར་སྐད་ལྡིར་ཞིང་མཚན་སྙན་གྲགས་པའི་བ་དན་དཀར་པོ་ཨ་སྔོན་དབྱིངས་སུ་གཡོ་བ་དང་། བསིལ་ལྗོངས་ཁ་བ་ཅན་གྱི་ཡུལ་དུ་གཟི་མདངས་འཚེར་པའི་འཁོར་སྐར་འོད་ཅན་ཞིག་རེད་ཅེས་རིགས་སོ་སོའི་མི་སེར་ཁྲི་འབུམ་མང་པོས་བསྔགས་སྨོན་བྱེད་པའི་གཞི་རུ་གྱུར་ཏེ། སྤྲུལ་བའི་བྱང་ཆུབ་སེམས་དཔའ་དང་རྒྱལ་སྲས་ཀྱི་ཀུན་སློང་ཟབ་མོས་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་གཟིགས་ཤིང་བྱམས་སེམས་དྲིན་གྱིས་བསྐྱངས་པས། གསེར་ཁྲིར་མངའ་གསོལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐལ་བ་དང་གོ་སྐབས་མ་ལྡན་ཀྱང་། བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་འཕྲིན་ལས་རབ་ཏུ་རྒྱས་ཤིང་རྒྱས་བཞིན་པ་དང་། གཟི་བརྗིད་འོད་སྟོང་འབར་བའི་ཞབས་རྗེས་རི་མོ་རེ་རེ་བཞིན་བསྐྲུན་ནས། ངོ་མཚར་ལྷ་མིའི་ལོངས་སྤྱོད་དང་གཉིས་སུ་མ་མཆིས་པར་ཐུགས་དགོངས་ཆེན་པོ་ནམ་མཁའ་ཡང་བ་ལྟ་བུ་ལ་མ་འོངས་པའི་འདུན་ལམ་རིང་མོས་ཁེངས་ཤིང་། ཕ་ཡུལ་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན་ལྡན་པའི་བསྐལ་བ་ཡག་པོ་རྫོགས་ལྡན་གྱི་དཔལ་ལ་རོལ་བའི་འཇིག་རྟེན་འཚོ་བར་རྟག་ཏུ་གནས་པའི་སྐབས་སོ།། 

                བཀྲ་ཤིས་བདེ་སྟོང་རྣམ་རྒྱལ་ཕོ་བྲང་ནས།།

                  འགྲོ་བ་སེམས་ཅན་ཐམས་ཅད་དགེ་རྩ་རུ།།

                  རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལེགས་པར་བཞེངས།།

                  རྒྱལ་ཁམས་བདེ་སྐྱིད་འཛོམས་པའི་དཔལ་དུ་ཤར།།
            ཞེས་པ་ཡང་དགེ་བའི་ལེགས་ཚོགས་སྐྲུན་པའི་ཐོག་མར་བདེ་ལྡན་ཞིང་གི་མགོན་པོ་ཀུན་གཟིགས་སྣང་བ་མཐའ་ཡས ༧པ་ཆེན་ཨེར་ཏི་ཎི་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་པོའི་ཞལ་གསུང་དྲི་མ་མེད་པའི་མེ་ཏོག་ཕྲེང་བའི་དོ་ཤལ་གྱིས་རབ་ཏུ་མཛེས་ཤིང་རྒྱན་ལ་སྐུ་དངོས་སུ་ཐུགས་བཀོད་མཛད་པ་བཞིན་བཞེངས་ཤིང་། ལྷུན་གྱིས་གྲུབ་པའི་ཚོན་ལྡན་ཤོག་ཐང་བཅུ་གཅིག་སྟེ། བྱིན་རླབས་ཀྱི་ཚན་ཁ་མ་ཡལ་པར་ཡོངས་སུ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་སྟོན་པ་གཙོ་འཁོར་གསུམ་དང་། མཁན་སློབ་ཆོས་གསུམ། རྗེ་ཡབ་སྲས་གསུམ། རིགས་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ། འགྲོ་བའི་མགོན་པོ་རྣམ་གསུམ། ལྷག་པའི་ལྷ་མཆོག་རྣམ་གསུམ། ས་སྐྱ་གོང་མ་རྣམ་ལྔ། བཀའ་གདམ་ཇོ་འབྲོམ་རྣམ་གསུམ། བཀའ་བརྒྱུད་མེས་པོ་རྣམ་གསུམ། ཇོ་ནང་མཁས་གྲུབ་བླ་མ་རྣམ་ལྔ་སོགས་ནང་བའི་གྲུབ་མཐའ་རིས་མེད་ཀྱི་ལྷ་ཚོགས་རེ་རེར་བཞིན་དང་། རྒྱལ་བ་ཀུན་གྱི་ངོ་བོ་སློབ་དཔོན་པད་མ་འབྱུང་གནས་ཀྱི་ཞལ་ཐང་སྐུ་མདོག་དུང་ལྟར་དཀར་ལ་གསེར་ཚོན་སོགས་ཀྱི་ནབ་བཟའ་ལེགས་པོར་ཕུལ་ཏེ་བཞེངས་ཤིང་ལོ་ངོ་དྲུག་ཅུ་ལྷག་གི་ལོ་རྒྱུས་རིང་མོ་ལྡན་པའི་རྟེན་ཪྙིང་བྱིན་ཅན། དུས་རབས་བདུན་པའི་ལོ་རབས་ལྔ་བཅུ་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བཞེངས་པའི་གངས་ལྗོངས་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཡིད་བཞིན་ནོར་བུ། སྐུ་འབུམ་བྱམས་པ་གླིང་གི་མཉམ་མེད་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་བ་ཆེན་པོ། གཙང་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་དུ་བཞུགས་པའི་བྱམས་ཆེན་ཟངས་སྐུ་ཆེན་པོ་འཛམ་བུ་གླིང་གི་ཆེས་ཆེར་གྲགས་ཤིང་ཡང་རྩེར་ཟོན་པ། གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་དང་། ༧ཀུན་གཟིགས་སྣང་བ་མཐའ་ཡས་པ་ཆེན་ཨེར་ཏི་ཎི་སྐུ་ཕྲེང་ལྔ་བ་ཆེན་མོ་རྗེ་བཙུན་བློ་བཟང་ཡི་ཤེས་མཆོག ་ཆེན་སྐུ་ཕྲེང་དྲུག་པ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་མཆོག ་ཆེན་སྐུ་ཕྲེང་བདུན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་ཚང་། ་ཆེན་སྐུ་ཕྲེང་བརྒྱད་པ་ཆེན་མོ་རྗེ་བཙུན་དཔལ་ལྡན་ཆོས་ཀྱི་གྲགས་པ་བསྟན་པའི་དབང་ཕྱུག་ཚང་། ་ཆེན་སྐུ་ཕྲེང་དགུ་བ་ཆེན་པོ་རྗེ་བཙུན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་མཆོག ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་མོ་རྗེ་བཙུན་བློ་བཟང་བྱམས་པ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོ། རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་ནས་དམིགས་བསལ་དུ་རྟེན་སྐལ་སྤྱན་དྲངས་པའི ༧རོང་བོ་ཤར་སྐྱབས་མགོན་སྐུ་ཕྲེང་དང་པོ་སྐལ་ལྡན་རྒྱ་མཚོ་མཆོག་དང་། སྐུ་ཕྲེང་བརྒྱད་པ་ཆེན་མོ ༧བསྟན་འཛིན་འཇིགས་མེད་སྐལ་ལྡན་དཔལ་བཟང་པོ་ཚང་། དྲིན་ཅན་རྩ་བ་དང་བརྒྱུད་པའི་དཔལ་ལྡ་བླ་མ་དམ་པ ༧རྗེ་བཙུན་ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་པོ་སོགས་ཀྱི་སྐུ་པར་གཙོ་བྱས་པའི་བླ་སྐུ་སྣ་ཚོགས། གནས་མཆོག་རི་བོ་གྲུ་འཛིན་དུ་གྲགས་པའི་ལྷ་སའི་རྩེ་པོ་ཏཱ་ལའི་ཕོ་བྲང་དུ་བཞུགས་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། བལ་བཟའ་ཁྲི་བཙན། རྒྱ་བཟའ་ཀོང་ཇོ་ཡབ་ཡུམ་གསུམ་གྱི་སྐུ་པར། ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱག་སྟོང་སྤྱན་སྟོང་། རྗེ་བཙུན་འཇམ་པའི་དབྱངས། གསང་བདག་ཕྱག་ན་རྡོ་རྗེ་སོགས་རིགས་གསུམ་མགོན་པོའི་ཞལ་ཐང་ཆེན་མོ། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཞེས་བྱ་བ་སྟེ། དང་པོ་དགའ་ལྡན་ནས་འཛམ་གླིང་དུ་གཤེགས་ཏེ་མཚན་ལ་ལྷ་ནས་འཕོ་བའི་མཛད་པདང་། གཉིས་པ་ལྷུམས་སུ་ཞུགས་ནས་ཡུམ་གྱི་མཚན་ལམ་དང་མཐུན་པར་གླང་པོ་ཆེའི་གཟིགས་ཀྱིས་མངལ་རུམ་དུ་ཞུགས་པའི་མཛད་པ། གསུམ་པ་སྐུ་བལྟམས་ནས་ཡུམ་གྱི་ཕྱག་གཡས་པའི་མཆན་ཁུང་འོག་ཏུ་འཁྲུངས་པའི་མཛད་པ། བཞི་བ་བཙུན་མོའི་འཁོར་དུ་རོལ་ནས་བཙུན་མོ་གྲགས་འཛིན་མ་སོགས་བཙུན་མོའི་འཁོར་དྲུག་ཁྲི་ཙམ་ཁབ་ཏུ་བཞེས་པའི་མཛད་པ། ལྔ་བ་སྒྱུ་རྩལ་ལ་མཁས་ནས་ཡི་གེ་དང་རྩིས་སོགས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པའི་མཛད་པ། དྲུག་པ་རྒྱལ་སྲིད་དང་ཁྱིམ་ཐབ་ཀྱི་ལོངས་སྤྱོད་ཡོངས་སུ་སྤང་ནས་རབ་ཏུ་བྱུང་བའི་མཛད་པ། བདུན་པ་ཆུ་བོ་ནཻ་ནེ་ཛཱ་ཉྣེའི་དྲུང་དུ་ལོ་དྲུག་གི་བར་ལ་ཟས་ཁམ་གང་དང་། བཏུང་བ་ཧུབ་གང་གཅིག་ཀྱང་མ་གསོལ་བར་ཏིང་ངེ་འཛིན་སྒོམ་ནས་བཞུགས་པ་ལས་དཀའ་བ་སྤྱད་པའི་མཛད་པ། བརྒྱད་པ་བྱང་ཆུབ་སྙིང་པོར་གཤེགས་ནས་དཀའ་བ་སྤྱད་པ་རྐྱང་པ་ཁོ་ན་ལས་སངས་རྒྱས་མི་ནུས་པར་མཁྱེན་ཏེ་སྟོང་གི་འོ་མ་བཞེས་ཤིང་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་དྲུང་དུ་གཤེགས་པའི་མཛད་པ། དགུ་བ་སངས་རྒྱས་ནས་རྒྱ་གར་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་དྲུང་དུ་སྒྲིབ་པ་གཉིས་སྤངས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་མཛད་པ། བཅུ་བ་ཆོས་འཁོར་བསྐོར་ནས་འཁོར་གྱི་ཐོག་མ་ལྡེ་ལྔ་ནས་བཟུང་ལྷ་མི་བྱེ་བ་མང་པོར་དགུང་གྲངས་ཞེ་དྲུག་གི་བར་ལ་ཆོས་གསུངས་པའི་མཛད་པ། བཅུ་གཅིག་པ་ཆོ་འཕྲུལ་སྟོན་པ་མཛད་ནས་མུ་སྟེགས་སྟོན་པ་དྲུག་གིས་ཕྲག་དོག་བྱས་ཏེ་ཆོ་འཕྲུལ་གྱི་འགྲན་སློང་བ་བཞིན་མུ་སྟེགས་སྟོན་པ་དྲུག་ཕམ་པར་མཛད་པའི་མཛད་པ། བཅུ་གཉིས་པ་མྱ་ངན་ལས་འདས་ནས་དགུང་ལོ་བརྒྱད་ཅུ་བཞེས་པ་ན་རྩ་མཆོག་གྲོང་དུ་སྐུ་གཤེགས་ཁར་ཉན་ཐོས་ཆེན་པོ་བཅུ་དྲུག་ལ་སྟོན་པ་རང་གི་རྒྱལ་ཚབ་ཏུ་བསྐོས་ནས་སྐུ་གཤེགས་པའི་མཛད་པ་སོགས། མགོན་པོ་འོད་དཔག་མེད་ཀྱི་ཞིང་བཀོད། ཟངས་མདོག་དཔལ་རིའི་ཞིང་བཀོད། དགའ་ལྡན་བརྒྱ་མའི་ཞིང་བཀོད། སྐྱབས་འགྲོའི་ཚོགས་ཞིང་། བླ་མཆོད་ཚོགས་ཞིང་སོགས། ཞི་ཁྲོ་དམ་པ་རིགས་བརྒྱ། གདུགས་དཀར་ཕྱག་སྟོང་སྤྱན་སྟོང་། དཔལ་དུས་ཀྱི་འཁོར་ལོའི་ལྷ་ཚོགས། སྐུ་གཞོགས་མཚན་སྒྲོགས་རིན་པོ་ཆེ ༧རྗེ་བཙུན་དགེ་འདུན་ལེགས་བཤད་བསྟན་པ་རྒྱ་མཚོ་དཔལ་བཟང་པོས་རྒྱ་ནག་ཞང་ཀང་ནས་སྤྱན་དྲངས་ཏེ་། དམིགས་བསལ་དུ་གནང་པའི་མ་ཧཱ་ཙི་ནའི་ལུགས་ལྟར་བཞེངས་པའི་མགོན་པོ་འོད་དཔག་མེད་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་བཞེངས་ཐང་ཆེན་མོ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་རྡོ་རྗེ་དཀྱིལ་མོ་ཀྲུང་དུ་བཞུགས་པའི་ཚུལ། འཕགས་པ་ལྟུང་བར་བཤགས་པའི་ལྷ་སུམ་ཅུ་སོ་ལྔ། རྗེ་བཙུན་འཇམ་པའི་དབྱངས། རྒྱལ་བ་ཚེ་དཔག་མེད། སྒྲོལ་མ་དཀར་མོ་འཁོར་བ་ལས་སྒྲོལ་ཏཱ་རེ་མ། སྨན་བླ་བདེ་གཤེགས་མཆེད་བརྒྱད། གཡུ་ཐོག་ཡོན་ཏན་མགོན་པོ། འཇམ་དབྱངས་རིགས་ལྔ། སྒྲོལ་མ་ཉེར་གཅིག དཔལ་ལྡན་ས་སྐྱ་གོང་མ་རྣམ་ལྔ་སྟེ་ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་སོགས་ཀྱི་ཞལ་ཐང་རེ་རེར་བཞིན་ལྷ་ཚོགས་བཀའ་སྡོད་འཁོར་དང་བཅས་པ། ཁྱད་པར་དུ་རྒྱ་གར་གནས་མཆོག་རྡོ་རྗེ་གདན་ནས་གངས་ལྗོངས་འགྲོ་བའི་སྤྱི་དཔལ་དུ་ཤར་བ་ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་དབང་ཆེན་པོ ༧གོང་ས་སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་བློ་བཟང་ངག་དབང་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ཉེར་བརྒྱད་པའི་བཀའ་དྲིན་བསྩལ་བའི་སྐབས་སུ་ཆོས་ཞུ་བ་རྣམས་ཀྱི་དད་རྟེན་དུ་བོད་གཞུང་ཆོས་རིག་ལས་ཁུངས་དང་། དུས་འཁོར་དབང་ཆེན་སྦྱིན་བདག་ཐུན་མོང་ནས་བཞེངས་བསྐྲུན་འགྲེམས་སྤེལ་ཞུས་པའི་དགེ་རྩ་ཅི་མཆིས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཞིང་གཟིགས་པ་ཆེན་པོས་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་བཞུགས་ཀྱི་སྐུ་ཚེ་མི་ཤིགས་རྡོ་རྗེ་ཁམས་སུ་བརྟན་ཞིང་། རླབས་ཆེན་ཐུགས་བཞེད་མཐའ་དག་བགེགས་མེད་ལམ་ལྷོངས་གོང་ནས་གོང་དུ་འཕེལ་ནས། རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པ་དང་འགྲོ་ཀུན་དགའ་བདེའི་དཔལ་ལ་རོལ་ཞིང་འཚོ་བའི་མཚམས་སྦྱོར་དང་བཅས་པའི་བཅོམ་ལྡན་འདས་རྒྱལ་བ་ཤཀྱཱ་ཐུབ་པའི་གཙོ་སྐུ་ཆེན་པོ་དབུས་སུ་བཞུགས་པའི་མཐའ་འཁོར་དུ་གྲུབ་མཐའ་རིས་མེད་ཀྱིས་རྒྱལ་བ་སྲས་འཁོར་དང་བཅས་པ་ཡོངས་སུ་བཞུགས་པའི་ལྷ་ཚོགས་ཀྱི་རྟེན་ཐང་བྱིན་རླབས་ཅན་རང་གི་ཁྱིམ་མི་རྣམས་ཀྱིས་དངོས་སུ་སྤྱན་དྲངས་ནས་བཞུགས་ཡོད་པ་སོགས་དང་། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་མ། སྒྲོལ་དཀར་ཡིད་བཞིན་ནོར་བུ། གདུགས་དཀར་མཆོག་གྲུབ་མ། རྒྱལ་བ་བྱམས་པ་མགོན་པོ། རྡོ་རྗེ་སེམས་དཔའ་ཡབ་ཡུམ། ལྷ་མོ་འོད་ཟེར་ཅན། ལྷ་མོ་ནོར་སྦྱིན་མ། རི་ཁྲོད་ལོ་གྱོན་མ། འཇམ་དབྱངས་རིགས་ལྔ། ཛམྦྷ་ལྷ་རིགས་ལྔ། རྒྱན་དྲུག་མཆོག་གཉིས། གནས་བརྟན་བཅུ་དྲུག རྒྱལ་ཆེན་སྡེ་བཞི། སྲིད་པའི་འཁོར་ལོ་སོགས་ཞལ་ཐང་ཆེན་མོ་གྲངས་ལས་འདས་པ་འདི་དག་ནི་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་གི་ཐོག་མའི་རྟེན་བཞེངས་ཀྱི་ཚུལ་དུ་རིམ་བཞིན་སྤྱན་དྲངས་ནས་བཞུགས་སོ།།

     ཁྱད་པར་དུ་གངས་ལྗོངས་དབུས་གཙང་དག་པའི་ཞིང་ནས་དངོས་སུ་སྤྱན་དྲངས་ཤིང་དབུས་ཐང་གསེར་བྲིས་མ་ཞེས་ཡོངས་སུ་གྲགས་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་ཐང་ཆེན་མོ་མཁན་སློབ་ཆོས་གསུམ་གྱི་ཚུལ་དུ་བཞེངས་པ་དང་། རེབ་གོང་གསེར་ལྗོངས་ཡུལ་གྱི་ལྷ་བཟོ་བ་རྣམས་ཀྱིས་ལེགས་པར་བཞེངས་ཤིང་། ངོ་མཚར་ཀརྨའི་ཕྱག་སོར་ལས་ཐོན་པ་ལྟ་བུའི་གོས་གྲུབ་ཞལ་ཐང་ཆེན་མོ་སྣང་སྲིད་ཟིལ་གནོན་དང་། རྒྱལ་ཆེན་རྣམ་ཐོས་སྲས། དཔལ་ལྡན་ལྷ་མོ་དམག་ཟོར་མ། ལྷག་པར་དུ་རྒྱ་ནག་ཀོང་གྲུ་ཡུལ་ནས་སྤྱན་དྲངས་པའི་འོད་མཚེར་ཞལ་ཐང་ཆེན་མོ་གུ་རུ་མཚན་བརྒྱད་དང་། སྨན་བླ་བདེ་གཤེགས་མཆེད་བརྒྱད། རྡོ་རྗེ་སེམས་དཔའ་ཡབ་ཡུམ། ཚེ་ལྷ་རྣམ་གསུམ། ཛམྦྷ་ལྷ་རིགས་ལྔ། སྒྲོལ་མ་ཉེར་གཅིག བཤགས་ལྷ་སོ་ལྔ། སྒྲོལ་མ་སྔོན་མོ། སྒྲོལ་མ་དཀར་མོ། རྗེ་བཙུན་འཇམ་པའི་དབྱངས། དཔལ་ཆེན་རྡོ་རྗེ་འཇིགས་བྱེད། གདུགས་དཀར་ཕྱག་སྟོང་སྤྱན་སྟོང། འཛམ་གླིང་གེ་སར་རྒྱལ་པོ་སོགས་ཞལ་ཐང་ཆེན་མོ་རེ་རེར་བཞིན་རྟེན་བཞེངས་རྒྱ་ཆེན་པོ་བཞུགས་སོ།།

     དུས་མཚུངས་སུ་ངོ་མཚར་ཀུན་དགའ་ར་བ་ཆེན་པོའི་གཙོ་སྐུའི་ཚུལ་དུ་བཞུགས་པའི་གངས་ལྗོངས་ལྷ་ལྡན་གཙུག་ལག་ཁང་གི་རྒྱལ་བ་སངས་རྒྱས་ཤཱཀྱ་ཐུབ་པ་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐུ་ཚད་དང་མཉམ་པའི་ཐུབ་དབང་ལོངས་སྐུའི་ཆ་བྱད་ཅན་ཇོ་བོ་ཡིད་བཞིན་ནོར་བུ་ཐོག་མའི་སྨན་སྐུ་ཆེན་མོ་དང་ཕྱིས་སུ་གསེར་ཟངས་ལས་གྲུབ་པའི་གཙོ་སྐུ་བྱིན་ཅན། སྲིད་ལ་ཀུང་ཧྥུན་བརྒྱད་ཅུར་ཉེ་བར་ཁྲི་དྲུག་འགྱོགས་ཀྱི་ཚུལ་དུ་གསེར་འོད་ཀྱི་གཟི་བྱིན་རྣམ་པར་བཀྲ་ཞིང་། གཡས་གཡོན་དུ་རྗེ་ཙོང་ཁ་བ་ཆེན་པོའི་སྨན་སྐུ་ཁྲི་ཚད་མ།  བདག་གིས་ཚེ་རབས་ཀུན་ནས་བསྟེན་ཆོས་སྐྱོང་གུར་གྱི་མགོན་པོའམ་ས་སྐྱའི་གསེར་མགོན་སྨན་སྐུ་ཁྲི་ཚད་མ། རིགས་གསུམ་མགོན་པོ་སྟེ། ཨ་མདོའི་རེབ་གོང་ལྷ་བཟོ་བ་རྣམས་ཀྱིས་ལེགས་པར་བཞེངས་ཤིང་གཏེར་རྡོ་ཀ་མ་རུའི་རྒྱུ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་ཕྱག་བཞི་བ། རྗེ་བཙུན་འཇམ་པའི་དབྱངས། གསང་བདག་ཕྱག་ན་རྡོ་རྗེ་སོགས་རྩེ་ཁྲི་གང་ཅན་རེ་རེ་བཞིན་དང་། དེའི་གཡས་གཡོན་དུ་གསེར་ཟངས་ལས་གྲུབ་པའི་སྟོན་པ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ། ཐུགས་རྗེ་ཆེན་པོ་ཕྱག་བཞི་བ། སློབ་དཔོན་པད་མ་འབྱུང་གནས། རྗེ་བཙུན་འཇམ་པའི་དབྱངས། ཀུན་རིག་རྣམ་པར་སྣང་མཛད། རྗེ་བཙུན་སྒྲོལ་མ་སྔོན་མོ། སྒྲོལ་དཀར་ཡིད་བཞིན་ནོར་བུ། རྒྱལ་བ་ཚེ་དཔག་མེད་མགོན། རྡོ་རྗེ་སེམས་དཔའ་ཆེན་མོ། རྒྱལ་བ་མི་འཁྲུགས་པ། རྣམ་རྒྱལ་མཆོད་རྟེན་སོགས་རྒྱ་གར་དང་རྒྱ་ནག་ལི་མ་རྩེ་ཁྲི་གང་ལ་ཉེ་བ་ཅན་གང་མང་བཞུགས་ཤིང་། དེའི་གཡས་གཡོན་སྟེང་ཕྱོགས་སུ་ཡང་གཏེར་རྡོ་ཀ་མ་རུའི་རྒྱུ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་སློབ་དཔོན་པདྨ་འབྱུང་གནས་དང་ཆོས་སྐྱོང་དཔལ་ལྡན་ལྷ་མོ་རེ་མ་ཏི། ཐེ་ཝན་ལྷ་རིས་སྒྱུ་རྩལ་ལས་སྤྱན་དྲངས་པའི་རྒྱ་ནག་ཧ་ཤང་། སྨན་སྐུ་ཆེན་མོ་མཉམ་མེད་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་བ་རིན་པོ་ཆེ་དང་། རང་གིས་ཚེ་རབས་ཀུན་ནས་བསྟེན་པའི་ཆོས་སྐྱོང་རོང་བོ་ཨ་མྱེས་གུར་མགོན་སོགས་སྣང་བཪྙན་ཆེན་པོ་རྩེ་ཁྲི་དོ་ཅན་རེ་རེར་བཞིན་བཞུགས་ཡོད་པ་སོ་སོའི་གཟུངས་འཇུག་ཏུ། ཆོས་སྡེ་ཆེན་པོ་མཚོ་སྔོན་བདུད་ཤུལ་འབུམ་ལུང་དགོན་བསམ་གཏན་ཉམས་དགའི་དབེན་གནས་ཀྱི་གསང་སྔགས་བསྟན་པའི་ཤིང་རྟ་བ་སྐྱབས་གཅིག་འགྲོ་བའི་མགོན་པོ ༧རིག་འཛིན་བདུད་འཇོམས་ཁྲག་འཐུང་རོལ་བའི་རྡོ་རྗེའི་མཆོག་སྤྲུལ་དམ་པ་སྐྱབས་རྗེ་ཀུན་བཟང་ལུང་རྟོགས་རྒྱ་མཚོ་དཔལ་བཟང་པོ་གཙོས་དམ་པ་དུ་མས་སྔན་གཞུག་ཏུ་སྐུ་དངོས་སུ་ཕུལ་བར་མཛད་པའི་གཟུངས་ཆེན་སྡེ་ལྔ་ཚུལ་ལྡན་སྟེ། དབུ་གཟུངས་དང་། མགྲིན་གཟུངས། ཐུགས་གཟུངས། མདོ་གཟུངས་ལས་ཤེར་ཕྱིན་སྟོང་ཕྲག་བརྒྱ་བའི་གཟུངས། བརྒྱད་སྔགས། ཕར་ཕྱིན་དྲུག་གི་གཟུངས། ཏིང་འཛིན་རྒྱལ་པོའི་སྔགས། ཤེར་ཕྱིན་ཡི་གེ་ཉུང་བའི་སྔགས། གོང་ས་མཆོག ཡོངས་འཛིན། བླ་ན་མེད་པ། རྗེ་ཙོང་ཁ་བའི་མཚན་སྔགས། རྣལ་འབྱོར་སྤྱོད་པ། བྱ་རྒྱུད།  སྒྲོལ་མ། རིགས་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ། མཁའ་འགྲོ་སྡེ་ལྔ། རྟེན་ཪྙིང་། གསོ་སྦྱོང་། འདོད་བློ། དམིགས་བརྩེ་མ། ཤིས་བརྗོད། བཀྲ་ཤིས་བརྩེགས་པ། ནོར་ལྷ། འཁྲུགས་སེལ། ཡིག་བརྒྱ། བཛྲ་གུ་རུ་སོགས་དང་། པད་གཟུངས་ལས་མགོན་པོ་ཕྱག་བཞི་བ། རྒྱལ་ཆེན་སྡེ་བཞི། ལྷ་ཆེན་མཆེད་བརྒྱད། ཀླུ་ཆེན་མཆེད་བརྒྱད། རྒྱུ་སྐར་ཉེར་བརྒྱད། ཆོས་སྐྱོང་མགོན་པོ་ཕྱག་དྲུག་གཙོ་འཁོར། གུར་གྱི་མགོན་པོ། མགོན་པོ་དཀར་པོ། ལས་གཤིན་ནག་པོ། མགོན་པོ་ཞལ་བཞི། རྣམ་སྲས་འཁོར་བཅས་ཀྱི་གཟུངས་སྔགས་ཡོངས་སུ་བཞུགས་པ་མ་ཟད། ལྷ་སྐུ་ཞི་དྲག་དང་མཆོད་རྟེན་གང་བཞུགས་རེ་རེ་ལ་གཟུངས་རྟེན་འགངས་ཅན་བཞུགས་པའི་རྣམ་གྲངས་ལས། འཇམ་མགོན་རྗེ་ཙོང་ཁ་བ་རིན་པོ་ཆེ་དང་། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་རྗེ་དགེ་ལེགས་དཔལ་བཟང་སོགས་རྗེ་ཡབ་སྲས་གསུམ་གྱི་སྐུ་ཤ མཁན་ཆེན་བོ་ངྷཱི་ས་ཏྭའི་སྐུ་ཤ སློབ་དཔོན་པདྨ་འབྱུང་གནས་ཀྱི་པད་སྡོང་དང་དབུ་ལོ། ཞབས་ཕྱགས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཞབས་ཕྱགས། ཤ་རིའི་བུ་དང་མོའུ་འགལ་གྱི་བུ་རྣམ་གཉིས་ཀྱི་ན་བཟའ། དཔལ་རྒྱ་གར་ན་ལེནྡྲའི་གཙུག་ལག་ཁང་གི་རྟེན་རྫས་བྱིན་ཅན། མཁན་ཆེན་བོ་ངྷཱི་ས་ཏྭའི་ན་བཟའ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་ཞྭ། ལོ་ཆེན་བཻ་རོ་ཙ་ནའི་དབུ་ལྗོན། འཕགས་ཡུལ་བྱང་ཆུབ་ཤིང་གི་འབྲས་བུ་དང་ལོ་མ། རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་རིམ་བྱོན་གྱི་དབུ་ལོ།  སངས་རྒྱས་ཀྱི་རིང་བསྲེལ་དང་སྐྱེ་བདུན་ཁྱད་འཕགས་མང་པོ། དཔལ་ལྡན་ས་སྐྱ་པ། རི་བོ་དགེ་ལུགས་པ། བཀའ་བརྒྱུད་པ། ཇོ་ནང་སོགས་དང་། ཁྱད་པར་དུ་ཪྙིང་མ་བཀའ་གཏེར་གྱི་དམ་རྫས་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ལས་ཕབ་པའི་རྟེན་རྫས་བྱིན་ཅན། ཀུན་གཟིགས་ལྔ་བ་ཆེན་པོའི་སྐུ་རིང་གི་བདུད་རྩིའི་རིལ་བུ། རྫོགས་ཆེན་པད་མ་རིག་འཛིན་ཀྱི་གདུང་རུས། རྫོགས་སྤྲུལ་ལྔ་བ་ཆོས་ཀྱི་རྡོ་རྗེའི་ན་བཟའ། རྫོགས་སྤྲུལ་སློབ་དཔོན་ནམ་མཁའ་འོད་གསལ་གྱི་དབུ་ལྗོན། རྫོགས་སྤྲུལ་གསུམ་པ་མི་འགྱུར་ནམ་མཁའ་རྡོ་རྗེའི་ན་བཟའ། བྲག་ཡེར་བའི་གྲུབ་ཆེན་བརྒྱད་ཅུའི་ཚོགས་དུང་གི་ལུང་བུ། སྐྱབས་རྗེ་ཕུར་ལྕོགས་རིན་པོ་ཆེའི་ན་བཟའ། མ་ཅིག་བཻ་ལྷ་མོའི་ན་བཟའ། སྟག་ལུང་མ་རིན་པོ་ཆེའི་དབུ་ལོ། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཕྱག་རྫས། སེར་བ་མཁན་ཆེན་རིན་པོ་ཆེའི་དབུ་ལོ། བདུད་རྩི་ཆོས་སྨན་སྨིན་གླིང་འཇའ་ཟུག་མ་སོགས་ཆོས་སྐུའི་རིང་བསྲེལ་སྪ་ཙྪ། རྒྱ་གར་རྩ་མཆོག་གྲོང་དུ་སངས་རྒྱས་ཀྱི་གདུང་ཁང་ནང་ན་བཞུགས་པའི་སྪ་ཙྪ་གསེར་བྱེ་མ་ལས་གྲུབ་པ་འཁྲུལ་བྲལ། ཨོ་རྒྱན་པདྨ་འབྱུང་གནས་ཀྱི་དབུ་ལོ་འཇའ་འོད་འཁྱིལ་བ། ཆོས་གོས་ཉི་ཟེར་མ། ཟབ་བེར། མཁན་སློབ་ཆོས་གསུམ་དང་རྗེ་འབངས་ཉེར་ལྔ་སོ་སོའི་ན་བཟའ་དང་། དབུ་ལོ། གདུང་རུས་སོགས་དམིགས་བསལ་ཅན། སངས་རྒྱས་འོད་སྲུང་དང་སྟོན་པ་ཤཀྱཱ་ཐུབ་པ་གཙོས་རིང་བསྲེལ་ཁྲི་ཕྲག་མང་པོའི་ཕབ་རྒྱུན།  རིང་བསྲེལ་རྣམ་ལྔའི་ཕབ་རྒྱུན། ལོ་ཆེན་བཻ་རོ་ཙ་ནས་རྒྱ་ཆོས་རྣམས་བོད་ཡིག་ཏུ་བསྒྱུར་པའི་ཕྱག་བྲིས་རྒྱ་དཔེ་ཏཱ་ལའི་ལོ་མ་ཕོན་ཆེན། ཇོ་བོ་རྗེའི་ཕྱག་ཙྪ་འཁྲུལ་བྲལ་གྲངས་མང་། འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་ལོ་མ་གྲངས་མང་། ཨོ་རྒྱན་ཡུལ་གྱི་མཚོ་དབུས་པད་སྡོང་གི་ཤིང་ལོ། སངས་རྒྱས་ཀྱི་མཛད་པ་ཆེན་པོའི་གནས་རྣམས་དང་། མཆོད་རྟེན་བརྒྱད་ཀྱི་གནས་མཆོག་དང་། དུར་ཁྲོད་བརྒྱད་ཀྱི་གནས་མཆོགསོགས་ཀྱི་བྱིན་རླབས། རྒྱ་གར་རྡོ་རྗེ་གདན་དང་། རྩ་མཆོག་གྲོང་། ཝ་ར་ན་སི། ཀླུ་འབུམ་གནས། མཚོ་པདྨ། བྱ་རྒོད་ཕུང་བོའི་རི་བོ། འཇིགས་སུ་རུང་བའི་དུད་ཁྲོད་སོགས་ནས་སྤྱན་དྲངས་པའི་ས་ཆུའི་འབྱུང་བཅུད། རྒྱ་གར་རྡོ་རྗེ་གདན་དང་བལ་བོད་མཆོད་རྟེན་རྣམ་གསུམ། ལྷ་སའི་སེར་ར་ཐེག་ཆེན་གླིང་། དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་སོགས་གཙོས་རྒྱ་བལ་བོད་གསུམ་གྱི་རྟེན་རྫས་བྱིན་ཅན་གྱི་རིགས་གྲངས་མང་། སྡེ་དགེ་པར་ཁང་གི་ཆོས་མཛོད་ཆེན་མོའི་པར་ཁྲུས་སོགས། གྲུབ་དབང་མཁྱེན་བརྩེ་རིན་པོ་ཆེའི་ཕྱག་བཞེས་སློབ་དཔོན་དགའ་རབ་རྡོ་རྗེ་མཆོག་གི་སྐུ་རིང་ནས་བཟུང་སྟེ། ད་ལྟའི་གསང་སྔགས་སྔ་འགྱུར་ཪྙིང་མ་བརྒྱུད་པའི་བར་གྱི་བྱིན་རླབས་མཚམས་མ་ཆད་པ་དང་། བཀའ་བརྒྱུད་ཀྱི་གྲུབ་ཐོབ་ཏེ་ལོ་པ་ནས་བཟུང་སྟེ་ད་ལྟའི་རྒྱལ་བ་ཀརྨ་པ་དྲག་པའི་རྡོ་རྗེ་མཆོག་གི་བར་དུ་བྱིན་རླབས་མཚམས་མ་ཆད་པ་སོགས་ཕྱོགས་གཅིག་ཏུ་བསྡུས་པར་མཛད་པའི་ཕབ་རྒྱུན་རྟེན་འདུས་རིལ་བུ། རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་མདོ་སྨད་སྒྲུབ་རྒྱུད་བསྟན་པའི་ཤིང་རྟ་བ་ཆེན་པོ ཤར་སྐྱབས་མགོན་སྐུ་ཕྲེང་བརྒྱད་པ་ཡབ་རྗེ་བསྟན་འཛིན་འཇིགས་མེད་སྐལ་ལྡན་ཚང་སྐུ་ངོ་མས་བྱིན་གྱིས་བརླབས་ཤིང་དམིགས་བསལ་དུ་གནང་བར་མཛད་པའི་རྟེན་འདུས་རིལ་བུ་བྱིན་ཅན། གྲུབ་མཐའ་རིས་མེད་ཁག་གི་རྟེན་འདུས་རིལ་བུ་ཨུ་དུམ་ཝ་ར་དང་། སྐྱེ་བདུན་རིལ་བུ། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གདན་ས་ནས་སྤྱན་དྲངས་པའི་འཕེལ་གདུང་རིལ་བུ། གངས་ལྗོངས་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་ནས་དངོས་སུ་སྤྱན་འདྲེན་བྱས་པའི་རིན་ཆེན་མྱོང་གྲོལ་རིལ་དམར་ཆེན་མོའི་དཀར་ཆག་ལྟར་ནའང་སངས་རྒྱས་འོད་སྲུངས་ཀྱི་སྐུ་ཤ་དང་རིང་བསྲེལ། སྟོན་པ་ཤཱཀྱ་ཐུབ་པའི་འཕེལ་གདུང་། སྟག་མོ་ལུས་སྦྱིན་ཀྱི་སྟག་ལྤགས། ཤ་རིའི་བུའི་ན་བཟའ། བྲམ་ཟེ་སྐྱེ་བ་བདུན་གྱི་སྐུ་ཤ ཨོ་རྒྱན་རིན་པོ་ཆེའི་དབུ་ལོ། གུ་རུ་ཆོས་དབང་གི་ཤོག་སེར། སྲས་དར་མ་མདོ་སྡེའི་ན་བཟའ། དཔལ་ལྡན་ཨ་ཏི་ཤའི་སྣམ་སྦྱར་དང་གདིང་བ། རྔོག་བློ་ལྡན་ཤེས་རབ་ཀྱི་དབུ་སྐྲ། རྗེ་རིན་པོ་ཆེའི་དབུ་ལོ་དང་དབུ་གདུགས་ཀྱི་སྲོག་ཤིང་། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་ཤ མཁས་གྲུབ་རྗེའི་ན་བཟའ། ཀརྨ་པ་དུས་གསུམ་མཁྱེན་པའི་ཚེམས་རིལ། འཇམ་དབྱངས་ཆོས་རྗེའི་ན་བཟའ། ་ཆེན་བསོད་ནམས་གྲགས་པའི་ན་བཟའ། ཀུན་མཁྱེན་ངག་དབང་བརྩོན་འགྲུས་མཆོག་གི་གདིང་བ། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་ན་བཟའ། གུང་ཐང་བསྟན་པའི་སྒྲོན་མེའི་ན་བཟའ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་དབུ་ལོ་དང་ན་བཟའ། གདུང་ཁྲུས་རིལ་བུ། ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་དབུ་ལོ་དང་ན་བཟའ། ་ཆེན་སྐུ་ཕྲེང་དགུ་བའི་ཕྱག་ཙྪ་དང་པུར་ཙྪ། ་ཆེན་སྐུ་ཕྲེང་བཅུ་བའི་པུར་ཙྪ། དགེ་བཤེས་བསམ་གྲུབ་རིན་པོ་ཆེའི་དབུ་ལོ། སྐྱབས་རྗེ་ལྷ་བཙུན་རིན་པོ་ཆེའི་དབུ་ལོ། སྐྱབས་རྗེ་ཁང་གསར་རིན་པོ་ཆེའི་དབུ་ལོ། བྲག་གཡབ་ཆུང་ཚང་གི་དབུ་ལོ། རྒན་བླ་མའི་དབུ་ལོ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཕྱག་ཕྲེང་། ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེའི་དབུ་སྐྲ་དང་ན་བཟའ། ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེའི་ན་བཟའ་དང་གདུང་ཙྪ། གདུང་ཁྲུས་རིལ་བུ། ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་གི་ན་བཟའ་དང་གདུང་ཙྪ། གདུང་ཁྲུས་རིལ་བུ། དགེ་བཤེས་་དོན་ལྡན་རིན་པོ་ཆེའི་སྐུ་ཤ སྐྱབས་རྗེ་ཕ་བོང་ཁ་བའི་གདུང་རུས་དང་སྐུ་ཤ རྒན་ལམ་རིམ་པའི་གདུང་རུས་དང་དབུ་སྐྲ། གདུང་ཐལ། ཕྱག་ཕྲེང་། མཎྚལ་འབྲུ། མྱོང་གྲོལ་རིལ་ནག་ཆེན་མོ་རྡོག་ལྔ་བཅུ་ཙམ་དང་། མྱོང་གྲོལ་རིལ་ནག་ཆེན་མོའི་ཕབ་རྒྱུན་རིལ་བུ་རྡོག་སུམ་ཅུ། དམ་རྫས་རིལ་བུ། དམིགས་བསལ་ཕྱག་ནས། དགེ་བཤེས་རྟོགས་ལྡན་རིན་པོ་ཆེའི་སྐུ་ཤ སྟག་བྲག་རིན་པོ་ཆེའི་སྐུ་ཤ ཕག་མོའི་བྱང་སེམས་རིལ་བུ། བྱང་སེམས་རི་དྭགས་དྲི་ནའི་རྭ་ཅོ། ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཡིད་བཞིན་ནོར་བུའི་ཞལ་གསེར་དང་ན་བཟའ། རྭ་མོ་ཆེའི་ཇོ་བོ་མི་བསྐྱོད་རྡོ་རྗེའི་བཙོ་ཐལ། འཕགས་པ་ལོ་ཀི་ཤྭ་རའི་ཞལ་གསེར་ན་བཟའ། བྱམས་པ་མཐོང་གྲོལ་གྱི་ཞལ་གསེར་དང་ན་བཟའ། རྒྱལ་བ་མི་འཁྲུགས་པའི་ཞལ་གསེར་དང་ན་བཟའ། ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་སྲོག་ཤིང་དང་སྐུ་ཤ འཇིགས་བྱེད་མཱ་ཧེ་གྲངས་བཅུ། གྲོ་མོ་དགེ་བཤེས་རིན་པོ་ཆེའི་རིལ་བུ་རྡོག་གསུམ། ཁྲི་བྱང་བླ་བྲང་གི་རིལ་བུ་རྡོག་ལྔ། རྒྱལ་དབང་ལྔ་བ་རིན་པོ་ཆེའི་རིལ་ནག་ཆེན་མོ་དང་ས་སྔགས་རིལ་བུ། རྒན་བླ་མའི་འཇམ་དབྱངས་རིལ་བུ། དཔལ་ཀརྨ་བའི་རིལ་ནག་ཆེན་མོ་དང་མ་ཎི་རིལ་བུ་དང་བྱིན་རྟེན་སོགས། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་བདུད་རྩི་ཆོས་སྨན་དང་མ་ཎི་རིལ་བུའི་ཕབ་རྒྱུན།  རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་རིན་ཆེན་རིལ་བུ། རྒྱལ་དབང་ལྔ་བ་ཆེན་པོའི་ལོ་གྱོན་རིལ་བུ། འཕགས་མ་དབྱངས་ཅན་མའི་རིལ་བུ། མའི་བྱང་སེམས་རིལ་བུ། རྗེ་རིན་པོ་ཆེའི་ཚེ་རིལ། འབྲི་གུང་རིལ་ནག་ཆེན་མོ། ས་སྐྱའི་བཅུ་རྡོ་དང་བརྒྱ་རྡོ་དང་སྟོང་རྡོའི་རིལ་བུ། སྒོ་མང་རྟེན་འདུས་རིལ་བུ། རྒན་འབྲོག་མིའི་གདུང་རུས་དང་གདུང་ཁྲུས་རིལ་བུ། རྒན་སེང་གེ་རིན་པོ་ཆེའི་པུར་ཙྪ། རྨེ་རུའི་མ་ཎི་རིལ་བུ། རྒྱུད་སྨད་མ་ཎི་རིལ་བུ། རྒྱུད་སྟོད་མ་ཎི་རིལ་བུ། གློ་གླིང་རྟེན་འདུས་རིལ་བུ། ཀིརྟི་རིན་པོ་ཆེའི་རྟེན་འདུས་རིལ་བུ། བཀྲས་ལྷུན་རྟེན་འདུས་རིལ་བུ། སེར་བྱེས་རྟེན་འདུས་རིལ་བུ། ས་སྐྱའི་བདུད་རྩི་ཆོས་སྨན། འབྲས་སྔགས་རིལ་ནག་ཆེན་མོ། རྒྱལ་རྩེའི་ཕྱག་ཕྲེང་རིན་ཆེན་རིལ་བུ། བདུད་འཇོམས་ཕུར་བ་གནམ་ལྕགས་སྤུ་གྲིའི་སྨན་སྒྲུབ་རིལ་བུ། པོ་ཏཱ་ལའི་བྱིན་རྟེན་ཀུན་འདུས་རིལ་བུ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་སྒྲུབ་པའི་རྡུལ་ཚོན་དང་སྔགས་ཆུ། བདེ་གསང་འཇིགས་གསུམ་གྱི་དཀྱིལ་འཁོར་རྡུལ་ཚོན། བླ་མ་སྐྱེས་ཆེན་དམ་པ་དུ་མའི་འཕེལ་གདུང་། གཞན་ཡང་རིན་ཆེན་བཙོ་ཐལ་སྣ་འཛོམས་དང་གླ་རྩི། གི་ཝང་། དོམ་མཁྲིས། རིན་ཆེན་གྲང་སྦྱོར། མུ་ཏིག་བདུན་ཅུ། བྱུར་དམར་བདུན་ཅུ། བཙོ་བཀྲུ་ཟླ་ཤེལ། མང་སྦྱོར། བྱུར་དམར། ཁ་ཆེ་ཤ་སྐམ། ཙན་ཏན་དཀར་དམར། འབྲི་བརྒྱའི་འོ་མ། བཟང་པོ་དྲུག་དང་འབྲས་བུ་གསུམ་སོགས་སྲིད་ན་དཀོན་པའི་དམ་རྫས་སྣ་ཚོགས་ལས་གྲུབ་པའི་རྟེན་རིལ་འགངས་ཅན། རེབ་གོང་གསེར་ལྗོངས་རི་ཁྲོད་འཛིན་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཚེ་རིལ། ༧གོང་ས་སྐྱབས་མགོན་རྒྱལ་དབང་བཅུ་བཞི་བས་རྟེན་འདུས་མ་ཎི་རིལ་བུ་དང་། མྱོང་གྲོལ་བདུད་རྩི་ཆོས་སྨན་ཕོན་ཆེན། འགྲོ་འདུལ་ངན་སོང་དོངས་སྤྲུགས་ཀྱི་དཀྱིལ་འཁོར་ཆེན་པོ་བཞེངས་ཤིང་སྒྲུབ་པའི་ལས་ཚོགས་རེག་གྲོལ་ཕྱེ་མ་དང་ཚོར་གྲོལ་གྱི་བདུག་སྤོས་གཉིས་དཔོན་སློབ་རྣམ་པས་ཉིན་ཞག་གསུམ་ལ་སྒྲུབ་པའི་རིང་ཕྱག་འཁོར་རྣམས་དུང་སུམ་ཅུར་གྲུབ་པའི་དུང་ཕྱེ། ཐེག་ཆེན་ཆོས་འཁོར་གླིང་གི་གཙུག་ལག་ཁང་དུ ༧གོང་ས་སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་ཀྱིས་མ་ཎི་དུང་སྒྲུབ་མཛད་པའི་རྟེན་འདུས་མ་ཎི་རིལ་བུ་དང་ཕུར་བ་ཡང་སྙིང་སྤུ་གྲིའི་སྒོ་ནས་སྨིན་སྒྲུབ་བསྐྱངས་པའི་བདུད་རྩི་ཆོས་སྨན་འཕགས་བོད་སྐྱེས་ཆེན་དུ་མའི་བྱིན་རྫས་ཕབ་ལྡན། རྗེ་ཙོང་ཁ་བ་རིན་པོ་ཆེའི་ཚེམས་པར་བྱིན་ཅན། རྟེན་འདུས་མྱོང་གྲོལ་འཆི་མེད་དཔལ་སྟེར། རྟེན་འདུས་འཛམ་གླིང་བདེ་ལེགས། ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཡིད་བཞིན་ནོར་བུའི་ན་བཟའ་སྔ་ཕྱི་གང་མང་། སྐུ་འབུམ་བྱམས་པ་གླིང་གི་མཆོད་རྟེན་བརྒྱད་པ་ཞིག་གསོ་བསྐྱར་བཞེངས་བྱེད་སྐབས་སྔོན་གྱི་སྲོག་ཤིངདང་། གཟུངས་གཞུག་གི་རྡུལ་ཕྲན། མཆོད་རྟེན་ལེགས་གྲུབ་ཀྱི་རབ་གནས་ཆེན་པོ་ཞི་རྒྱས་དབང་དྲག་མཛད་པའི་སྦྱིན་སྲེག་གི་རྡུལ་ཕྲན། སྐུ་འབུམ་གསེར་སྡོང་ཆེན་མོའི་ནང་རྟེན་འགངས་ཅན་འཕགས་པ་བརྒྱད་སྟོང་པའི་གླེགས་ཐག་རིམ་པ་གཉིས། བྲག་དཀར་སྤྲེལ་རྫོང་གི་སིནྔྷུ་རའི་གྲུབ་པའི་རང་བྱུང་གནམ་ལྕགས་ཆར་བ་སོགས། གཙང་བཀྲ་ཤིས་ལྷུན་པོའི་ཚོགས་ཆེན་འདུ་ཁང་གི་སྒོ་ཆེན་འཐེན་ལུང་། བླ་བྲང་བཀྲ་ཤིས་འཁྱིལ་གདུགས་དཀར་ཕྱག་སྟོང་སྤྱན་སྟོང་ལྷ་ཁང་གི་དབུས་སུ་གདུགས་དཀར་པོའི་སྟེང་གི་ཡིད་བཞིན་ནོར་བུ། ༧པཎ་ཆེན་བཅུ་བ་ཆེན་པོས་སྐུ་དངོས་སུ་བྱིན་གྱིས་བརླབས་ནས་གནང་པའི་མགོན་པོ་འོད་དཔག་མེད་ཀྱི་སྨན་སྐུ་ཆུང་བ་བྱིན་ཅན། རྒྱ་བཟའི་མཁའ་འགྲོ་མ ༧མ་ཅིག་གྲུབ་པའི་དབང་མོའི་སྐུ་གདུང་གི་རིལ་བུ་རང་བྱོན་རྒྱུན་འབབ་མ་བྱིན་ཅན། སྔགས་སའི་མཚམས་ཐོག་གོང་མ་བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང་གི་སྐྱབས་གཅིག་འགྲོ་བའི་མགོན་པོ་རྗེ་མི་བསྐྱོད་རྡོ་རྗེ་འཆང་ཆེན ༧རྗེ་བཙུན་འཇམ་དབྱངས་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གི་ན་བཟའ་དང་ཁོང་གིས་སྐུ་ཚེ་གང་པོར་བསྡུས་པའི་རྟེན་འདུས་རིལ་བུ་བྱིན་ཅན། འདས་ལོག་གི་བྱང་ཆུབ་སེམས་དཔའ་ཆེན་མོ་དཔལ་ཡུལ་བླ་མ་རིག་འཛིན་སྐུ་གསུམ་རྡོ་རྗེ་མཆོག་གིས་གནང་པའི་བྲམ་ཟེ་སྐུ་ཤ ་ཆེན་བཅུ་བ་རིན་པོ་ཆེའི་གདུང་ཙྪ་དང་ན་བཟའ། སྐུ་གདུང་མདུན་དུ་ཕུལ་བའི་ལྷ་ཕྱེའི་མེ་ཏོག རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་བའི་བྱིན་གྱིས་བརླབས་པའི་རྟེན་འདུས་རིལ་བུ། བྱ་ཁྱུང་གསེར་གདུང་གི་བདུད་རྩིའི་རིལ་བུ། གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་། ་ཆེན་སྣང་བ་མཐའ་ཡས་རྣམ་གཉིས་ཀྱི་ཕྱག་མདུད་དང་ཕྱག་ནས་བྱིན་ཅན་སྣ་ཚོགས། རང་གིས་གངས་ལྗོངས་ཆོས་སྡེ་ཆེན་པོ་དག་ལ་མཆོད་འཇལ་བྱེད་སྐབས་སུ་བཏུས་ནས་སྤྱན་དྲངས་པའི་མཎྡལ་འབྲུ་སྣ་གང་འཛོམས།  ༧རྗེ་བཙུན་ཨ་རོལ་རྡོ་རྗེ་འཆང་གི་ཕྱག་འཁོར་དང་མཆོད་ཁེབ། ཆབ་རིལ། ས་སྐྱ་གོང་མའི་ཕྱག་ཐམ་དང་ཕྱག་ཕུར། རྗེ་གླིང་འཕུར་མ་སོགས་ལ་ཕུལ་བའི་ན་བཟའི་རྟེན་རྫས། ལོ་བའི་རྗེ་བཙུན་ཡེ་ཤེས་རྒྱ་མཚོའི་རྟེན་འདུས་རིལ་བུ། ༧རོང་བོ་གསེར་ཁྲི་རིན་པོ་ཆེ་ཨ་ལགས་ཁ་སོ་བློ་བཟང་འཇིགས་མེད་འཕྲིན་ལས་མཆོག་གི་རྟེན་རིལ་བྱིན་ཅན། ༧ཨ་ལགས་རོང་བོ་ཚང་བློ་བཟང་དར་རྒྱས་རྒྱ་མཚོས་གནང་པའི་རྟེན་རྫས། གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་སྡུད་ཚོན་ཕྱེ་མ། ༧གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་ཀཿསྐོར་འཇམ་པའི་དབྱངས་ཀྱི་གདུང་རྫས་ལས་གྲུབ་པའི་རྗེ་བཙུན་བྱམས་པ་མགོན་པོའི་སྨན་སྐུ་ཐེབ་མོ་ཙམ། སྟག་ཚང་ལྷ་མོ་ཀིརྟི་དགོན་མཁས་མང་བློ་གསལ་་གླིང་གི ༧སྐུ་གཞོགས་ཀིརྟི་རིན་པོ་ཆེའི་སྐུ་གདུང་གི་ན་བཟའ། བྲག་དཀར་སྤྲེལ་རྫོང་དགོན་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི ༧ཨ་ལགས་ཆུ་ཀྱཱ་བློ་བཟང་ཐུབ་བསྟན་ཉི་མས་གནང་པའི་རྟེན་རྫས། སྐྱབས་རྗེ་ལཱ་མོ་ཡོངས་འཛིན་རྡོ་རྗེ་འཆང་དབུ་བཞུགས་ཀྱིས་ལེགས་སྒྲུབ་མཛད་པའི་བདུད་རྩི་རིལ་བུ་བྱིན་ལྡན། ༧སྐྱབས་རྗེ་ཆུ་སྐྱ་ཞབས་དྲུང་རིན་པོ་ཆེ་དབུ་བཞུགས་ཀྱིས་སྒྲུབ་གནང་མཛད་པའི་ཚེ་རིལ་བྱིན་ལྡན། རྒྱ་གར་འཕགས་ཡུལ་རྡོ་རྗེ་གདན་གྱི་སངས་རྒྱས་སྟོན་པ་བཅོམ་ལྡན་འདས་སྐུ་མདུན་གྱི་ཕྱག་ནས་བྱིན་ཅན། ངྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ནས་ཏཱ་རེ་དུང་སྒྲུབ་མཛད་པའི་རྟེན་རྫས་རིལ་བུ་འགངས་ཅན། གྱི་ལིང་གཏེར་སྟོན་ཐུགས་མཆོག་རྡོ་རྗེའི་དབུ་ལོ་དང་གདུང་རུས། བྲམ་ཟེ་སྐྱེ་བ་བདུན་གྱི་དབུ་ལྗོན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་གཙང་ཆབ། མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་སྒྲུབ་སྐོར་དུས་སུ་བྱིན་གྱིས་བརླབས་པའི་རང་འབེབས་རིང་བསྲེལ། སངས་རྒྱས་འོད་སྲུང་གི་འཕེལ་གདུང། རྗེ་བཙུན་མི་ལ་རུས་པའི་ན་བཟའ། ཞི་ཆེན་རབ་འབྱམས་པ་བསྟན་པ་རྒྱལ་མཚན་གྱི་ན་བཟའ། རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེའི་ན་བཟའ། སྐྱབས་མགོན་ཚོགས་དྲུག་རང་གྲོལ་ཞབས་དཀར་བའི་ན་བཟའ། རྡོ་གྲུབ་ཆེན་ཡིད་བཞིན་ནོར་བུའི་ན་བཟའ། ཀློང་ཆེན་རབ་འབྱམས་པའི་ན་བཟའ། མ་ཅིག་ལབ་ཀྱི་སྒྲོན་མེའི་ན་བཟའ། ཐུབ་དབང་བསྟན་པའི་མངའ་བདག་མཁན་ཆེན་ཆོས་ཀྱི་རྒྱལ་པོ་རེབ་གོང་སྐུ་གཞོགས་རྡོ་རྗེ་འཆང་སྐུ་ཕྲེང་གསུམ་པ་ཆེན་མོ ༧རྗེ་བཙུན་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གདན་ས་ཁྱད་པར་ཅན་བྲག་དཀར་སྤྲེལ་རྫོང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་ནས་སྤྱན་དྲངས་པའི་སྒྲ་སྙན་ཐོས་པ་ཙམ་གྱིས་ངན་སོང་གསུམ་གྱི་སྒོ་མོ་འགག་པར་འགྱུར་པའི་དུང་དཀར་གཡས་སུ་འཁྱིལ་བ་དང་། དྲི་གཉན་ས་ལེའི་རྭ་དང་པགས་པ། བྱིན་རླབས་ཀྱི་གཟི་འོད་རབ་ཏུ་འབར་བའི་རི་དྭགས་བསེ་རུའི་རྭ་ཅོ་སོགས་ཀྱི་བྱིན་རྫས། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དམ་ཅན་ཆོས་ཀྱི་རྒྱལ་པོའི་ཕྱག་གི་ཞགས་པ། རྒྱ་གར་འཕགས་ཡུལ་པཎྡིཏ་རྣམས་ཀྱིས་ཏཱ་ལའི་ལོ་མའི་སྟེང་དུ་ཕྱག་བྲིས་གནང་པའི་ལཉྫ་བྱིན་ཅན། ངོ་མཚར་རྡོ་ལས་གྲུབ་པའི་ཐོད་ཕོར་རང་བྱོན། དབུས་ལམ་དུ་མར་མེའི་རྩེ་ལ་ལྷུན་གྱིས་གྲུབ་པའི་གཡུ་ཡི་མེ་ཏོག གྲོ་ཚང་རྡོ་རྗེ་འཆང་གི་ལྷ་ཁང་གོ་ཏཾ་སྡེ་དགེ་རྒྱས་པའི་བདེ་ཆེན་གླིང་ནས་སྤྱན་དྲངས་པའི་ཙནྡན་དཀར་པོ་ལས་གྲུབ་པའི་གནྟི་ཏ་དང་བྱམས་ཆེན་ཆོས་རྗེའི་གདན་ས་ནས་སྤྱན་དྲངས་པའི་ཙནྡན་གྱི་མཆོད་རྟེན། ལིང་འགྲོའི་བྱམས་པ་རང་བྱོན་སོགས་ལས་བྱིན་རྫས་འགངས་ཅན། གྲུབ་མཐའ་རིས་མེད་ཁག་གི་རྟེན་འདུས་རིལ་བུ་ཨུ་དུམ་ཝ་ར་དང་། སྐྱེ་བདུན་རིལ་བུ། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གདན་ས་ནས་སྤྱན་དྲངས་པའི་འཕེལ་གདུང་རིལ་བུ། ལྷ་སའི་སེ་འབྲས་དགའ་གསུམ་དང་། ལྷ་ལྡན་གཙུག་ལག་ཁང་། ར་མོ་ཆེ། ནོར་བུ་གླིང་ག ལྕགས་པོ་རི། ས་སྐྱ་དགོན། བསམ་ཡས། གཙང་བཀྲ་ཤིས་ལྷུན་པོ། བྱང་གི་དགོན་ཆེན་བཞི། སྐུ་འབུམ་བྱམས་པ་གླིང་། བླ་བྲང་བཀྲ་ཤིས་འཁྱིལ། རོང་བོ་དགོན་ཆེན། གཙོས་སྲས་མཁར་དགུ་ཐོག་སོགས་ནས་སྤྱན་དྲངས་པའི་མཎྜལ་གྱི་འབྲུ་སྣ་བྱིན་ཅན། ཁྲི་ཀའི་ཇོ་བོ་རིན་པོ་ཆེའི་ཕྱག་ནས། སེ་ར་ཐེག་ཆེན་གླིང་གི་རྟ་མགྲིན་རང་བྱོན་གྱི་རྟེན་རིལ་བགེགས་རིགས་ཀུན་འཇོམས། མདོ་སྨད་ངྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་ཚེ་སྒྲུབ་རིལ་བུ་འགངས་ཅན། དབུས་གཙང་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཀྱཱ་མུ་ནེའི་ཞལ་གསེར་མྱོང་གྲོལ་རིལ་བུ། སྐྱབས་མགོན་ས་སྐྱ་གོང་མ་རིན་པོ་ཆེའི་ཁྲི་རྡོ་རིལ་བུ་དང་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེའི་བརྒྱ་རྡོ་རིལ་བུ་གཙོས་དམ་རྫས་བྱིན་ཅན་ཕྱོགས་བསྡུས། སྲིད་ན་ཪྙེད་དཀའ་བའི་དམ་རྫས་མྱོང་གྲོལ་རིལ་བུ་སོགས། སེར་བྱེས་དགེ་བཤེས་སེང་གེ་རིན་པོ་ཆེས་ཕྱོགས་གཅིག་ཏུ་བསྡུས་པར་མཛད་པའི་དམ་རྫས་བརྒྱ་ཕྲག་དང་། འཕགས་བོད་སྐྱེས་ཆེན་དམ་པ་རྣམས་ཀྱི་དམ་རྫས་བརྒྱ་ཕྲག ནག་ཆུ་ཞབས་རྟེན་དགོན་པའི་བདུད་རྩི་ཆོས་སྨན། དཔལ་ཀརྨ་བའི་སྨན་གྲུབ་རིལ་བུ། བྲམ་ཟེ་སྐྱེ་བ་བདུན་གྱི་སྐུ་ཤ རྟ་མགྲིན་ཡང་གསང་གི་ཕུར་ཆུ། རྒྱལ་དབང་རིན་པོ་ཆེའི་ཚེ་རིལ། མ་ཎི་རིལ་བུ། བདུད་རྩི་ཆོས་སྨན་སོགས་ལས་གྲུབ་པའི་དམ་རྫས་སྟོང་ཕྲག རང་དངོས་སུ་དཔལ་ལྡན་ས་སྐྱ་མཁན་ཆེན་རིན་པོ་ཆེས་གཟིམ་ཆུང་མཇལ་ཁ་གནང་སྐབས་སུ་དངོས་སུ་སྤྱན་དྲངས་པའི་དམ་རྫས་བདུད་རྩི་རྟེན་འདུས་རིལ་བུ། རྒྱ་གར་འཕགས་ཡུལ་བོད་གཞུང་སྨན་རྩིས་ཁང་གི་རིན་ཆེན་རཏྣ་བསམ་འཕེལ། གནས་བཞི་གྲུབ་དབང་རིན་ཆེའི་ཐུགས་རྗེ་དགོངས་གཏེར་ལས་བྱུང་བའི་འདུས་ནད་སྤྱི་འཇོམས་སྨན་རིལ་ཆེན་མོ་སྟེ། སྨན་རིལ་བཀའ་རྒྱ་མ། ཕོ་ནད་སྤྱི་འཇོམས་སྨན་རིལ་ཆེན་མོ། བད་འཇོམས་གསང་རིལ་ཆེན་མོ་སོགས་དང་། མཛོད་དགེ་ངོ་མཚར་བདེ་སྟོང་ཐར་ལམ་གླིང་ནས་སྐྱབས་མགོན་གནས་བཞི་གྲུབ་དབང་རིན་པོ་ཆེ་དབུ་བཞུགས་ཀྱི་བླ་སྤྲུལ་བརྒྱད་དང་གྲྭ་བཙུན་ཆིག་བརྒྱ་ལྔ་བཅུས་ཉིན་མོ་བཞི་བཅུའི་རིང་ལ་སངས་རྒྱས་སྨན་བླའི་དཀྱིལ་འཁོར་དང་བཅས་སྨན་གཟུངས་བྱེ་བ་གཅིག་གསུངས་ཏེ་བྱིན་གྱིས་བརླབས་པའི་སྨན་རིགས་སྣ་ཚོགས། རང་ཅག་ཨ་མདོ་བ་རྣམས་ཀྱིས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ལ་ན་བཟའ་གསར་ཕུལ་གྱི་རྟེན་སྐལ་གནང་པའི་ན་བཟའ་བྱིན་ཅན། བསམ་ཡས་མི་འགྱུར་གཙུག་ལག་ཁང་ནས་དངོས་སུ་སྤྱན་དྲངས་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཡར་ཀླུང་ཤེལ་གྲགས་སུ་གཏེར་ལས་བཏོན་ཞིང་ལྷ་སྲིན་སྡེ་བརྒྱད་དམ་ལ་འདོགས་སྐབས་སུ་བཀོལ་པའི་ཕྱག་ཐམ་པར་མ་ན་མཟའ་འགངས་ཅན་སོགས། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དངོས་སྔགས་སའི་དགེ་བཤེས་རིན་པོ་ཆེ ༧རྗེ་བཙུན་འཇམ་དབྱངས་དོན་ཡོད་དཔལ་བཟང་པོའི་ན་བཟའ་སེར་པོའི་སྟེང་ལ་ཕྱག་ཟུང་གི་མཚལ་ཐམ་ཆ་ཚང་ཅན་དང་། རྗེ་བཙུན་སྒྲོལ་མའི་ཐུགས་སྲས་འཇིག་རྟེན་མགོན་པོས་དམིགས་བསལ་དུ་གནང་པའི་ཏཱ་རེ་དུང་ཕྱིར་སྟོང་སྒྲུབ་ཆེན་མོའི་གཏེར་བུམ་བྱིན་ཅན། གསང་ཆེན་སྔ་འགྱུར་ཐེག་པའི་ཤིང་རྟ་བ་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྒྱལ་ཚབ་མངའ་བ་ཆེན་པོ། མདོ་སྔགས་བསྟན་པའི་གཙུག་ནོར་འབྲོག་བན་ཁྱེའི་ཆུང་ལོ་ཙཱ་བའི་རྣམ་པར་རོལ་བ་བཤད་སྒྲུབ་བསྟན་པའི་མངའ་བདག་གཏེར་ཆེན་བདུད་འདུལ་གླིང་བའི་རྣམ་སྤྲུལ། སྐྱབས་གཅིག་འགྲོ་བའི་མགོན་པོ ༧དཔལ་ལྡན་བླ་མ་རིག་འཛིན་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་དཔལ་བཟང་པོའི་གདུང་རྫས་ལས་གྲུབ་པའི་གསང་བདག་ཕྱག་ན་རྡོ་རྗེ་སྨན་སྐུ་ཆུང་བ་གཉིས་དང་སྒྲོལ་མའི་བླ་རྡོ་ཡུངས་དཀར་ཙམ་བཞུགས་པ་སོགས། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་བདུད་འཇོམས་ཁྲག་འཐུང་རོལ་བའི་རྡོ་རྗེ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ ༧མཆོག་སྤྲུལ་ཀུན་བཟང་ཉི་མ་མཆོག་གིས་བྱིན་གྱིས་བརླབས་པའི་ཨོ་རྒྱན་ནོར་ལྷའི་གཡང་སྒྲུབ་གཏེར་བུམ་བཞུགས་པ་ལས། ནོར་ལྷ་རྩ་གསུམ་དམ་ཅན་རྒྱ་མཚོ་དང་བཅས་བ་རྣམས་ཀྱི་སོ་སོའི་སྲོག་སྔགས་དང་བདུད་རྩི་ཆོས་སྨན་གྱི་རིགས་སྣ་ཚོགས། སངས་རྒྱས་ཀྱི་འཕེལ་གདོང་འཁྲུལ་བྲལ། ལྷའི་བླ་རྡོ་དུང་དཀར། མིའི་བླ་རྡོ་གཡུ། ཀླུའི་བླ་རྡོ་ཆུ་ཤེལ། གནོད་སྦྱིན་གྱི་བླ་རྡོ་གཟུ་མཆོང་སྤུར་ལེན་ཤེལ། གཏེར་རྡོ་སྣ་ཚོགས། དར་ཟབ་སྣ་ཚོགས། སྨན་སྣ་བཟང་དྲུག བྱ་རྒྱུད་བུམ་རྫས་ཉེར་ལྔ། ཀླུ་སྨན་བཟང་པོ་ཤིང་འབྲས་སྣ་ཚོགས། ཙནྡན་སོགས་དྲི་ལྡན་ཤིང་སྣ་དུ་མ། མེ་ཏོག་དང་ཤིང་ལོ་སྣ་ཚོགས། རྒྱ་གར་བྱང་ཆུབ་ཤིང་གི་ལོ་མ་དང་འབྲས་བུ། འབྲུ་རིགས་སྣ་ལྔ་དཀར་གསུམ་མངར་གསུམ་སོགས་གང་འཛོམས་ཕྱོགས་བསྒྲིགས། གནས་ཆེན་སོགས་ཀྱི་ས་སྣ་ཆུ་སྣ། སྡེ་དགེ་རྒྱལ་པོས་སྐུ་རིང་ལྔ་ལ་སྒྲུབ་པའི་རིན་ཆེན་རིལ་བུ་བཅས་བཞུགས་པས། རྩ་གཞུང་ལས། གཏེར་བུམ་འདི་ཡུལ་དབུས་འཕན་བཟང་ལ་སྦས་ན་ཡུལ་ཕྱོགས་ཐམས་ཅན་ཕན་པའི་རྟེན་འབྲེལ་བླ་ན་མེད་པ། ཁང་བའི་དབུས་སུ་སྦས་ན་གནས་ཁང་བཀྲ་ཤིས་ལོངས་སྤྱོད་འཕེལ་བར་འགྱུར་པ། ཐབ་ཀའི་དཀྱིལ་དུ་སྦས་ན་ཟས་ནོར་ལོངས་སྤྱོད་འདུ་བར་འགྱུར་བ། ཞིང་ས་བཟང་པོར་སྦས་ན་ལོ་ཏོག་ཐམས་ཅད་ཕུན་སུམ་ཚོགས་ཞིང་སད་སེར་སྲུང་བར་འགྱུར་པ། ཆུ་མིག་བཟང་པོར་སྦས་ན་ཆུ་ཀློང་རྒྱས་ཤིང་ཆར་ཆུ་དུས་སུ་འབེབ་པ་སོགས་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་དང་། གནས་བཞི་དགོན་བསམ་འཕེལ་ནོར་བུའི་གླིང་གི་གནས་བཞི་གྲུབ་དབང ༧བློ་བཟང་འཇིགས་མེད་དར་རྒྱས་རྒྱ་མཚོ་དཔལ་བཟང་པོའི་གནང་པའི་རྟེན་འདུས་རིལ་བུ་སྟེ། སློབ་དཔོན་རིན་པོ་ཆེའི་ཆོས་གོས་ཉི་ཟེར་མ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་དབུ་སྒྲོན། ལྷ་ལྕམ་མ་ད་ར་བའི་རཀྟ། མཁན་ཆེན་བོ་ངྷཱི་ས་ཏྭའི་གདུང་རུས། ཇོ་བོ་རྗེ་ཨ་ཏི་ཤའི་གདུང་ཙྪ། མ་ཅིག་ལབ་ཀྱི་སྒྲོན་མེའི་རུས་རྒྱན། འགྲོ་མགོན་ཆོས་རྒྱལ་འཕགས་པ་གཙོས་ས་སྐྱ་གོང་མ་རྣམ་ལྔའི་གདུང་རུས་དང་ན་བཟའ། ཨོ་རྒྱན་རིན་པོ་ཆེས་བསམ་ཡས་འཆིམས་ཕུ་བཞེངས་པའི་འཛམ་གླིང་གི་གཏེར་རྫས་དང་ས་སྣ་ཆུ་སྣ། རྒྱ་གར་གྲུབ་ཆེན་ཕ་དམ་པས་འཛམ་པོ་གླིང་ལ་ལན་གསུམ་བསྐོར་བའི་ཕྱག་མཁར་གྱི་ཚར་བུ་དང་ས་སྣ་ཆུ་སྣ། ལྷ་སའི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞིག་གསོའི་སྐབས་ཀྱི་རྟེན་འདུས་ཕྱོགས་བསྡུས། མདོར་ན་རྒྱ་བོད་བལ་གསུམ་གྱི་རྟེན་འདུས་དང་ས་སྣ་ཆུ་སྣ། གཏེར་སྟོན་བརྒྱ་རྩའི་གཏེར་རྫས་རིང་བསྲེལ། གྲུབ་མཐའ་རུས་མེད་ཀྱི་བསྟན་འཛིན་སྐྱེས་བུ་དམ་པ་མང་པོའི་གདུང་ཙྪ་རིང་བསྲེལ་ན་བཟའ། མྱོང་གྲོལ་ཁྱད་འཕགས་ཁུངས་བཙན་བཅས་བཞུགས་སོ། མདོར་ན་གནས་བཞི་གྲུབ་དབང་རིན་པོ་ཆེ་སྐུ་ཕྲེང་ལྔ་བ ༧ཆོས་དབྱིངས་རང་བྱུང་རྡོ་རྗེ་དཔལ་བཟང་པོའི་སྐུ་རིང་ལ་མཛོད་དགེ་གླིང་དཀར་སྟོད་ཅེས་གྲགས་པའི་ཡུལ་ཕྱོགས་སུ་གདན་ས་ཆེན་པོ་གནས་བཞི་དགོན་བསམ་འཕེལ་ནོར་བུའི་གླིང་དང་། གངས་ཅན་ཡུལ་སྐྱོང་རྨ་རྒྱལ་སྦོམ་རའི་ཉེ་འདབས་སུ་རབ་བྱུང་བཅུ་དྲུག་པའི་ལོ་རབས་བརྒྱད་ཅུའི་དུས་མགོར་སྐུ་དངོས་སུ་ཕྱག་བཏབ་པའི་གནས་བཞི་གྲུབ་ཆེན་དགོན་པདྨ་མདོ་སྔགས་གླིང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྷ་ལྕམ་དབང་མོའི་གདན་ས་བཙུན་མོའི་ཞིང་ཁམས་ངོ་མཚར་བདེ་སྟོང་ཐར་ལམ་གླིང་སོགས་གྲྭ་ས་གསུམ་དང་། མཚོ་སྔོན་ཀ་ཀྱཱ་དགོན་གསང་སྔགས་ཐེག་ཆེན་ཆོས་འཁོར་གླིང་གི་ལྷ་ཁང་དང་། ཚོགས་ཆེན་འདུ་ཁང་། གཙུག་ལག་ཁང་། མཆོད་རྟེན་སྣ་ཚོགས་བཅུ་ཕྲག མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ཞིང་ཆེན་གསུམ་གྱི་མངའ་ཁུངས་སུ་གནས་མཆོག་གང་བཟང་ལ་ལབ་ཙེ་དང་དཔལ་མཁར་ཉིས་བརྒྱ་ལྷག་ཙམ་བཞེངས་སྐབས་སུ་རྟེན་རྫས་གཟུངས་འཇུག་ཕྱོགས་བསྒྲིགས་སོགས་རྣམ་གྲངས་ལ་བྱེ་བ་སུམ་ཅུ་སོ་བདུན་དུ་གྲགས་པའི་དཔལ་ལྡན་ས་སྐྱ་པའི་རྟེན་སྒམ་དང་། རྩེ་པོ་ཏཱ་ལའི་རྟེན་སྒམ། སྐུ་འབུམ་བྱམས་པ་གླིང་གི་རྟེན་སྒམ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྟེན་སྒམ། ཁྱད་པར་དུ་ཉག་ལ་བདུད་འདུལ་ཀརྨ་བ་རྒྱལ་སྲས་པད་མ་དབང་གྲགས་དང་ཆབ་མདོའི་ཞི་བ་ལྷ་གཉིས་ཀྱིས་སྐུ་ཚེ་གང་པོར་བསྡུས་པའི་རྟེན་སྒམ་སོགས་ལས་བསྡུས་པའི་རྟེན་རྫས་གྲངས་ལས་འདས་པ་སོགས་དང་། ཨ་མདོའི་ཙོང་ཁ་རི་བོའི་བཀྲ་ཤིས་གླིང་གའི་བྱང་ཆུབ་མཆོད་རྟེན་གྱི་གཟུངས་གཞུགས་རྟེན་འདུས་མྱོང་གྲོལ་ཁྱད་འཕགས། གནས་བཞི་གྲུབ་དབང་རིན་པོ་ཆེའི་གདན་ས་བསམ་འཕེལ་ནོར་བུའི་གླིང་གི་མྱོང་གྲོལ་ཁྱད་འཕགས། རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་བའི་རྟེན་འདུས་སྣ་ཚོགས། བྱ་ཁྱུང་གསེར་གདུང་གི་བདུད་རྩིའི་རིལ་བུ། གཡང་རྫས་དཔལ་ཆེན་རིལ་བུ། རྭ་སྒྲེང་ཤུག་པ། དགའ་ལྡན་མཁན་པ། ནུལ་བསང་སྣ་ཚོགས། བདུག་རྫས་སྣ་བསྡུས། གསེར་དངུལ་ཟངས་གསུམ་གྱི་གཏེར་རྫས་སྣ་ཚོགས་སོགས་རིན་ཆེན་བརྒྱ་ཕྲག་མང་པོའི་ཕྱེ་མ་དང་། སྨན་སྣ་བརྒྱ་ཕྲག་བཅས་ལ་འབྲེལ་བའི་རིང་བསྲེལ། དགུ་རོང་སྣ་ཚོགས་རྡོ་རྗེ་རང་གྲོལ་སོགས་ཀྱིས་འཛམ་གླིང་གི་རྟེན་འདུས་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་ཕྱོགས་བཅུའི་ཚེ་སྒྲུབ་རིལ་བུ་འགངས་ཅན། འཛམ་གླིང་གི་གནས་ཆེན་ཡོངས་ཀྱི་ས་ཆུའི་འབྱུང་བཅུད་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་དང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་འཛམ་གླིང་ལ་ལན་གསུམ་བསྐོར་པའི་ས་ཆུའི་འབྱུང་བཅུད་སོགས་རྒྱ་གར་འཕགས་ཡུལ་མན་ཆད་ནས། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག རྒྱ་ནག་རི་བོ་རྩེ་ལྔ་ཡན་ཆད་དུ་རྒྱ་བལ་བོད་གསུམ་དང་། འཛམ་པོ་གླིང་གི་ཡུལ་གྲུ་ཆེན་པོ་མཐའ་དག་ན་ངོ་མཚར་རྟེན་འདུས་འགངས་ཅན་བཞུགས་ཚད་སོགས་འཛམ་པོ་གླིང་ན་བཞུགས་པའི་རྟེན་འདུས་རིལ་བུ་སྣ་ཚོགས་རྣམས་གྲངས་བྱེ་བ་དུང་ཕྱིར་དུ་མ་སྲིད་ན་རིན་ཐང་བྲལ་བའི་མཐུ་ལྡན་ནོར་བུ་རིན་པོ་ཆེ་འགངས་ཅན་རྟེན་རྫས་གྲངས་ལས་འདས་པ་དག་བདག་གི་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་དུ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་རིན་པོ་ཆེ་ཁམས་གསུམ་རྣམ་འདྲེན་དབང་གི་རྒྱལ་པོ ༧གནས་བཞི་གྲུབ་ཆེན་སྐུ་ཕྲེང་ལྔ་བ་ཆོས་དབྱངས་རང་བྱུང་རྡོ་རྗེ་དཔལ་བཟང་པོ་དང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་བདུད་འཇོམས་ཁྲག་འཐུང་རོལ་བའི་རྡོ་རྗེའི་སྐུ་ཕྲེང་གསུམ་པ སྐྱབས་གཅིག་འགྲོ་བའི་མགོན་པོ་ཀུན་བཟང་ལུང་རྟོགས་རྒྱ་མཚོ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་ལས་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པར་རྟག་ཏུ་བཞུགས་པ་སོགས་འགྲོ་ཀུན་ཐར་ལམ་བསྐྱོད་པའི་དགེ་རྩ་དང་དད་ལྡན་བསོད་ནམས་བསགས་པའི་ཞིང་ས་ཆེན་པོའི་དཔལ་དུ་གྱུར་ཏོ།།       

     དེ་ཡང་ཡི་དམ་ཆོས་སྐྱོང་དང་སངས་རྒྱས་བསྟན་སྲུང་རྣམས་ཀྱི་རྟེན་བཞེངས་སྐོར་ལ་དཔལ་ཆེན་རྡོ་རྗེ་འཇིགས་བྱེད་དང་། དཔལ་གསང་བ་འདུས་པ། དཔལ་འཁོར་ལོ་སྡོམ་པ་ཧེ་རུ་ཀ་བདེ་མཆོག་ཡབ་ཡུམ། དམ་ཅན་ཆོས་ཀྱི་རྒྱལ་པོ། དམ་ཅན་རྡོ་རྗེ་ལེགས་པ། དམ་ཅན་མགར་བ་ནག་པོ། གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ། རྟ་མགྲིན་ལྕགས་རལ། རྟ་མགྲིན་ཡང་གསང་། བག་རྩེ། རྣམ་སྲས། མགོན་པོ་ཕྱག་དྲུག་པ། གསང་བདག་ཕྱག་ན་རྡོ་རྗེ། ལྷ་མོ་སེང་གེ་གདོང་ཅན། གནོད་སྦྱིན་ཙི་དམར། དགྲ་ལྷའི་རྒྱལ་པོ། རོང་བོ་ཨ་མྱེས་གུར་མགོན།  ཆོས་སྐྱོང་དཔལ་ལྡན་ལྷ་མོ། གཟའ་རྒོད་ཁྱབ་འཇུག་ཆེན་པོ། དྲེག་པོ་ཕུར་བ་ཕུར་སྲུངས། རྐང་ཚའི་ཨ་མྱེས་རྫ་དམར། ཁྲོ་རྒྱལ་གུ་རུ་དྲག་པོ་རྩལ། འཛམ་གླིང་གེ་སར་རྒྱལ་པོ། ལྷ་ཆེན་རྨ་རྒྱལ་སྦོམ་ར། ཡུམ་ཆེན་གོང་སྨན་ལྷ་རི། ཕྱོགས་བཞི་སྐྱོང་བའི་རྒྱལ་ཆེན་སྡེ་བཞི་སོགས་དང་བཅས་པ་མངོན་པར་བཞུགས་པ་སྟེ། འཛུམ་ཆེན་ལྡོང་ཁྲོམ་མཁའ་ལྡིང་ཁྱུང་ལ་བཅིབས།། ཕྱག་ན་གནམ་ལྕགས་ཐོག་གི་མདའ་གཞི་བསྣམས།། དབྱུ་ཆེན་རབ་སྡེ་རྒྱ་སྟག་རི་བཀྲར་བཅིབས།། ཕྱག་ན་སྟག་གི་ལྤགས་པའི་རྒྱལ་མཚན་འཛིན།། འབྲི་ཆེན་ལྡོང་དངུལ་གར་ཤོག་འབྲོང་ལ་བཅིབས།།ཕྱག་ན་གནམ་ལྕགས་འབར་བའི་རལ་གྲི་འཛིན།། གཉན་ཆེན་ཐང་ལྷས་གཡུ་འབྲུག་སྔོན་མོར་བཅིབས།། ཕྱག་ན་མདུང་རིང་དར་གྱི་བ་དན་འཛིན། ཞེས་ཇི་མ་ཇི་བཞིན་དུ་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་དུ་བཞུགས་པ་དང་། ཤན་འབམ་གྱི་རྒྱལ་པོ་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་འཁོར་དང་བཅས་པ། རེབ་གོང་གི་ཨ་མྱེས་བྱ་ཁྱུང་། རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་རྣམ་འདྲེན་ཀྱཱའི་རྒྱལ་པོ་གསེར་ཁྲི་རིན་པོ་ཆེན་པོ་ཆེ ༧རྗེ་བཙུན་ཁ་སོ་བློ་བཟང་འཇིགས་མེད་འཕྲིན་ལས་དཔལ་བཟང་པོས་སྐུ་དངོས་སུ་དམིགས་བསལ་དུ་གནང་པའི་དཔལ་ལྡན་ས་སྐྱ་པ་ནས་བཟུང་སྟེ་བདག་ཅག་གི་ཕ་མྱེས་ཡང་མེས་རིང་ལ་ཚེ་རབས་ཀུན་ནས་བརྟེན་པའི་ཆོས་སྐྱོང་གུར་མགོན་མཱ་ཧ་ཆེན་མོའི་ཞལ་ཐང་བྱིན་རླབས་ཅན་སོགས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་གྲངས་ལས་འདས་པ་བཀའ་སྡོད་ཆོས་སྐྱོང་སྲུང་མ་ཐམས་ཅད་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དང་བཅས་པ་རྟག་ཏུ་བཞུགས་སོ།།

     རྒྱལ་བའི་གསུང་རབ་གླེགས་བམ་གྱི་རྟེན་བཞེངས་སྐོར་ལ་ཡང ༼རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ༽སྡེ་དགེ་མཚལ་པར་མ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་གོས་བཟང་གི་ན་བཟའ་གདོང་དར་དང་བཅས་པ་དུམ་པ་བརྒྱ་དང་གསུམ་བཞུགས་པ་སྟེ། ༼འབུམ༽ཞེས་བྱ་བ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་བརྒྱ་བའམ་བྱ་རྒོད་ཕུང་བའི་རི་དང་རྒྱལ་པོའི་ཁབ་སོགས་སུ་སངས་རྒྱས་ཤཱཀྱ་ཐུབ་པས་ཟབ་མོ་སྟོང་ཉིད་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་དང་། ཤ་རའི་བུ་དང་། རབ་འབྱོར་དང་། བརྒྱ་བྱིན་སོགས་ལ་དྲིས་ལན་གྱི་ཚུལ་དུ་གསུངས་པའི་ཤེར་ཕྱིན་གྱི་མདོ་ཤོ་ལོ་ཀ་འབུམ་ཕྲག་བཞུགས་པ་པོ་ཏི་བཅུ་གཉིས་དང་། ༼ཉི་ཁྲི༽ཞེས་བྱ་བ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་བ་ཤོ་ལོ་ཀ་ཉིས་ཁྲི་བཞུགས་པ་པོ་ཏི་གསུམ། ༼འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ༽ཞེས་བྱ་བ་ཤོ་ལོ་ཀ་སྟོང་ཕྲག་བརྒྱད་པ། བམ་པོ་ཉི་ཤུ་རྩ་བཞི། ལེའུ་སུམ་ཅུ་རྩ་གཉིས་བཞུགས་པ་པོ་ཏི་གཅིག ༼འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དཀོན་ཅོག་བརྩེགས་པ༽ཞེས་བྱ་བ་ལེའུ་བཞི་བཅུ་རྩ་དགུ་བ་ཐེག་པ་ཆེན་པོའི་མདོ་པོ་ཏི་གཅིག ༼འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དཔལ་ཆེན༽ཞེས་བྱ་བ་པོ་ཏི་བཞི། ༼འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཁྲི་བརྒྱད༽ཞེས་བྱ་བ་པོ་ཏི་བཞི། ༼འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མདོ་སྡེ་པད་མ་དཀར་པོ༽ཞེས་བྱ་བ་པོ་ཏི་སུམ་ཅུ་སོ་གཉིས། ༼འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདུལ་བ་ལུང་སྡེ་བའི་དགོངས་དོན་ཕྱོགས་གཅིག་ཏུ་བསྡུས་པ་གཏན་ལ་འབེབས་པར་བྱེད་པའི་བསྟན་བཅོས༽ཞེས་བྱ་བ་ཤོ་ལོ་ཀ་ཉིས་སྟོང་བདུན་བརྒྱ་དང་། བམ་པོ་དགུ་བ། པོ་ཏི་བཅུ་གསུམ། ༼འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་སྣ་ཚོགས༽ཞེས་བྱ་བ་པོ་ཏི་གཅིག ༼འཕགས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྒྱུད་འབུམ༽ཞེས་བྱ་བ་པོ་ཏི་ཉི་ཤུ།༼འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གཟུངས་སྔགས་ཐམས་ཅད་ཕྱོགས་གཅིག་ཏུ་འདུས་པ༽ཞེས་བྱ་བ་པོ་ཏི་གཉིས།༼ འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དྲི་མ་མེད་པ༽ཞེས་བྱ་བ་པོ་ཏི་གཅིག ༼རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དཀར་ཆག༽ཅེས་བྱ་བ་པོ་ཏི་གཅིག ༼འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཪྙིང་རྒྱུད༽ཅེས་བྱ་བ་པོ་ཏི་གསུམ་སོགས་དམིགས་བསལ་གྱི་ཀུན་དགའ་ར་བ་དང་བཅས་པ་གཏན་དུ་བཞུགས་ཤིང་། ༼ཀློང་ཆེན་མཛོད་བདུན༽ཞེས་བྱ་བ་པོ་ཏི་བདུན་དང་། ༼ཁྱབ་བདག་རྗེ་བཙུན་བླ་མ་རྡོ་རྗེ་འཆང་དམ་པ་ཐུབ་དབང་རྡོ་རྗེ་འཆང་དང་ངོ་བོ་དབྱེར་མ་མཆིས་པའི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོའི་རྣམ་པར་ཐར་བ་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ༽ཞེས་བྱ་བ་དང་། ༼མཉམ་མེད་རྗེ་ཙོང་ཁ་བ་རིན་པོ་ཆེའི་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོ༽དང ༼རྗེ་ཙོང་ཁ་བ་རིན་པོ་ཆེའི་གསུང་འབུམ༽སྐོར་གཅིག ཆོས་སྡེ་ཆེན་པོ་སྟག་ཚང་ལྷ་མོ་ནས་སྤྱན་དྲངས་པའི ༼བྱང་ཆུབ་ལམ་རིམ༽དང ༼བྱང་ཆུབ་སྔགས་རིམ༽བསྡུས་པའི་གླེགས་བམ་པོ་ཏི་གཉིས། ༼འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཏིང་ངེ་འཛིན༽ཞེས་བྱ་བ་པོ་ཏི་གཅིག༼འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ༽ཞེས་བྱ་བ་པོ་ཏི་གཅིག ༼འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྐལ་བ་བཟང་པོ༽ཞེས་བྱ་བ་པོ་ཏི་གཅིག༼འཕགས་པ་ཐར་བ་ཆེན་པོའི་མདོ༽ཞེས་བྱ་བ་པོ་ཏི་གཅིག ཁྱད་པར་དུ་རྨ་ཡུལ་རོང་བོ་བློན་ཆོས་སྔགས་སའི་དཔོན་སྐོར་ཚེ་བརྟན་གྱིས་མགོ་ལོག་རྟ་བོ་གྲོང་རྡལ་དུ་གངས་ལྗོངས་ལྷ་ལྡན་མགྲོན་ཁང་ཆེན་པོ་གསར་བཞེངས་ཀྱི་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོའི་སྟེང་ལ་རོང་ཆེན་ལྷ་རྒྱལ་དཔལ་དམིགས་བསལ་དུ་གདན་འདྲེན་ཞུས་ནས་ཕུལ་བའི་སྐུ་གསུང་ཐུགས་རྟེན་འགངས་ཅན་ལས། ༼འཕགས་པ་ཐར་བ་ཆེན་པོའི་མདོ༽ཞེས་བྱ་བ་གསེར་བྲིས་མ་པོ་ཏི་གཅིག རྒྱ་བཟའི་ཐུགས་སྲས་འཇིག་རྟེན་མགོན་པོ་ཚང་གིས་སྔོན་གཞུག་ཏུ་ཐེངས་གཉིས་ལ་གནང་བའི་གངས་ལྗོངས་ཡིད་བཞིན་འཁོར་ལོའི་བེའུ་བུམ་ཆེན་མོ་སྟེ་ངོ་མཚར་སྨད་དུ་བྱུང་བའི་སྒྲོལ་མའི་སྒྲུབ་ཐབས། འཇིགས་བརྒྱད་གཡུལ་ལས་སྒྲོལ་བའི་མན་ངག་ཕྱོགས་བསྡུས། འདོད་དགུ་ལྷུན་གྱིས་གྲུབ་པའི་རིན་རིན་གཏེར་གྱི་བང་མཛོད་ཆེན་མོ་ཞེས་བྱ་བ་སོགས་ཕྱོགས་གཅིག་ཏུ་བསྡུས་པའི ༼རྗེ་བཙུན་འཕགས་མ་སྒྲོལ་མའི་བེའུ་བུམ་ཆེན་མོ༽དེབ་སྤུས་ལེགས་མ་དང་དཀྱེས་མ་བ་སོགས་པོ་ཏི་བཅུ་དྲུག ༼འཕགས་པ་གསེར་འོད་དམ་པའི་མདོ༽ཞེས་བྱ་བ་པོ་ཏི་གཅིག ༼འཕགས་པ་གསུང་རབ་རྒྱ་མཚོའི་སྙིང་པོ་གཟུངས་བསྡུས༽ཞེས་བྱ་བ་པོ་ཏི་གཅིག ༼ཨོ་རྒྱན་པད་མ་འབྱུང་གནས་ཀྱིས་མཛད་པའི་བཀའ་ཐང་ཤེལ་བྲག་མ༽ཞེས་བྱ་བ་པོ་ཏི་གཅིག༼ཨོ་རྒྱན་གུ་རུ་པད་མ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་བ་རྒྱས་པར་བཀོད་པ༽ཞེས་བྱ་བ་པོ་ཏི་གཅིག ༼སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་ཐར་བ་རྒྱས་པར་བཤད་པ་སྐལ་བཟང་གདུལ་བྱ་ཐར་བ་རྣམས་ཀྱི་རེ་བ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ༽ཞེས་བྱ་བ་དེབ་ཐེར་གཉིས། ༼རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ༽ཞེས་བྱ་བ་དེབ་ཐེར་གསུམ། ༼མདོ་སྨད་ཡུལ་གྲུ་ཆེན་པོའི་ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་དངོས་སྔགས་སའི་དགེ་བཤེས་རྗེ་བཙུན་འཇམ་དབྱངས་དོན་ཡོད་རིན་པོ་ཆེའི་གསུང་འབུམ༽ཞེས་བྱ་བ་པོ་ཏི་བཞི། ༼ཁམས་གསུམ་རྣམ་འདྲེན་དབང་གི་རྒྱལ་པོ་གནས་བཞི་གྲུབ་དབང་ཆོས་དབྱངས་རང་བྱུང་རྡོ་རྗེ་རིན་པོ་ཆེའི་གསུང་འབུམ༽ཞེས་བྱ་བ་པོ་ཏི་གཅིག ༼རེབ་གོང་སྐུ་གཞོགས་ཆེན་མོ་རྗེ་བཙུན་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསུང་རྩོམ་ཕྱོགས་བསྒྲིགས༽ཞེས་བྱ་བ་དེབ་ཐེར་གཅིག ༼རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ༽ཞེས་བྱ་བ་དེབ་ཐེར་བདུན། ༼ཤར་ཝོད་་ཆོས་མཛད་གྲགས་པ་བཟང་པོའི་གསུང་འབུམ༽ཞེས་བྱ་བ་དེབ་ཐེར་གཉིས།༼སྡེར་ནང་གཏེར་ཆེན་པད་མ་མཁྱེན་བརྩེའི་འོད་ཟེར་གྱི་གསུང་འབུམ༽ཞེས་བྱ་བ་དེབ་ཐེར་གཅིག༼ ཨ་སྐོང་མཁན་ཆེན་བློ་བཟང་རྡོ་རྗེའི་གསུང་འབུམ༽ཞེས་བྱ་བ་དེབ་ཐེར་ལྔ། ༼ཨ་མདོའི་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཀྱི་གསུང་འབུམ༽ཞེས་བྱ་བ་དེབ་ཐེར་གཉིས། ༼རྗེ་བཙུན་ཀརྨ་བཅུ་བ་ཆོས་དབྱིངས་རྡོ་རྗེའི་གསུང་འབུམ༽ཞེས་བྱ་བ་དེབ་ཐེར་གཉིས། ༼ཨ་རིག་དགེ་བཤེས་ཆེན་མོ་ཡབ་སྲས་ཀྱི་གསུང་འབུམ༽ཞེས་བྱ་བ་དེབ་ཐེར་གཅིག༼གཏེར་སྟོན་བླ་མ་འཇིགས་མེད་རྡོ་རྗེ་དཔའ་བོའི་གསུང་འབུམ༽ཞེས་བྱ་བ་དེབ་ཐེར་གཅིག གཏེར་སྟོན་འཇིགས་མེད་སྣ་ཚོགས་རང་གྲོལ་གྱིས་མཛད་པའི ༼རྒྱལ་བ་སྐུ་གསུམ་གྱི་རྣམ་ཐར་ཡོངས་འདུས་ལྗོན་པ༽ཞེས་བྱ་བ་དེབ་ཐེར་གཅིག སངས་རྒྱས་བཅོམ་ལྡན་འདས་སྟོན་པ་ཤཱཀྱ་ཐུབ་པའི་རྣམ་པར་ཐར་བ་ཆེན་པོ  ༼རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་རྩ་འགྲེལ༽ཞེས་བྱ་བ་ལེའུ་བརྒྱ་དང་བརྒྱད་བཞུགས་པ་དེབ་ཐེར་གཅིག སློབ་དཔོན་དཔའ་པོས་མཛད་པའི ༼སྐྱེས་རབས་སོ་བཞི་བའི་རྩ་བ༽དང་།  སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི ༼སྐྱེས་རབས་སོ་བཞི་བའི་འགྲེལ་བ༽ཞེས་བྱ་བ་དེབ་ཐེར་གཅིག དམག་གསར་ཀུན་བཟང་སྟོབས་ལྡན་དབང་པོས་མཛད་པའི ༼ཕུར་བའི་རྣམ་བཤད་ཧེ་རུ་ཀ་དཔལ་བཞད་པའི་ཞལ་ལུང༽ཞེས་བྱ་བ་དེབ་ཐེར་གཅིག  རྫོགས་ཆེན་ཆོས་དབྱངས་སྟོབས་ལྡན་རྡོ་རྗེས་མཛད་པའི ༼ཡང་གསང་རྟ་ཕག་ཡིད་བཞིན་ནོར་བུའི་རྫོགས་ཆེན་ཁྲིད་ཡིག༽ཞེས་བྱ་བ་དེབ་ཐེར་གཅིག གསུང་རབ་གླེགས་བམ་རྒྱུན་མཁོའི་ཕྱག་ལེན་གྱི་སྐོར་པོ་ཏི་གང་མང་། གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི ༼བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད༽ཅེས་བྱ་བ་དེབ་ཐེརགཅིག སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་ས་མཛད་པའི༼གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻཌཱུརྱ་སྔོན་མོའི་མལླི་ཀ༽ཞེས་བྱ་བ་དེབ་ཐེར་གཉིས། གོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི ༼ཐེག་པའི་སྒོ་ཀུན་ལས་བསྡུས་པ་གསུང་རབས་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ༽ཅེས་བྱ་བ་དེབ་ཐེར་གསུམ། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི ༼དམ་པའི་ཆོས་ཀྱི་འཁོར་ལོ་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན༽ཞེས་བྱ་བ་དེབ་ཐེརགཉིས།  རྒྱལ་དབང་ལྔ་བ་ཆེན་པོས་མཛད་པའི ༼གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས༽ཞེས་བྱ་བ་དེབ་ཐེར་གཅིག ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི ༼རྒྱལ་རབས་གསལ་བའི་མེ་ལོང༽ཞེས་བྱ་བ་དེབ་ཐེར་གཅིག འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི ༼དེབ་ཐེར་སྔོན་མོ༽ཞེས་བྱ་བ་དེབ་གཅིག མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི༼དེབ་ཐེརདཀར་པོ༽ཞེས་བྱ་བ་དེབ་གཅིག ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི ༼རྒྱ་གར་ཆོས་འབྱུང༽ཞེས་བྱ་བ་དེབ་ཐེརགཅིག སྐུ་ཞབས་མགོན་པོ་སྐྱབས་ཀྱིས་མཛད་པའི༼རྒྱ་ནག་ཆོས་འབྱུང༽ཞེས་བྱ་བ་དེབ་ཐེར་གཅིག  ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི ༼ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད༽ཅེས་བྱ་བ་དེབ་ཐེར་གཅིག བྲག་སྒོམ་པ་བསྟན་པ་རབ་རྒྱས་ཀྱིས་མཛད་པའི ༼ཡུལ་མདོ་སྨད་ཀྱི་ལྗོངས་སུ་ཐུབ་བསྟན་རིན་པོ་ཆེ་ཇི་ལྟར་དར་བའི་ཚུལ་གསལ་བར་བརྗོད་པ་དེབ་ཐེར་རྒྱ་མཚོ༽ཞེས་བྱ་བ་དེབ་ཐེར་གཅིག༼བོད་ཀྱི་བསྟན་བཅོས་ཁག་ཅིག་གི་མཚན་བྱང་དྲི་མེད་ཤེལ་དཀར་ཕྲེང་བ༽ཞེས་བྱ་བ་དེབ་ཐེར་གཅིག ༼སྔོན་འགྲོའི་ཁྲིད་ཆེན་བཞི༽ཞེས་བྱ་བ་དེབ་ཐེར་གཅིག༼ལས་སྣ་ཚོགས་པའི་སྔགས་ཀྱི་བེའུ་བུམ་དགོས་འདོད་ཀུན་འབྱུང་གཏེར་གྱི་བུམ་པ་བཟང་པོ༽ཞེས་བྱ་བ་དེབ་ཐེར་གཅིག རྗེ་བཙུན་ཚེ་ཏན་ཞབས་དྲུང་མཆོག་གིས་མཛད་པའི༼མཉམ་མེད་ཤཱཀྱའི་རྒྱལ་པོ་འདས་འཁྲུངས་ཀྱི་ལོ་ཚིག་གཙོར་གྱུར་པའི་བསྟན་བཅོས་ལོ་སུམ་སྟོང་ཙམ་གྱི་རེའུ་མིག་གི་རྣམ་བཞག་མཐོང་ཚད་ཀུན་ལས་བཏུས་པ༽ ཞེས་བྱ་བ་དེབ་ཐེར་གཅིག སྐྱབས་མགོན་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་མཆོག་གིས་མཛད་པའི༼ཆོས་བཤད་གཞན་ཕན་ཉི་མ༽ཞེས་བྱ་བ་དེབ་ཐེར་གཅིག མཁས་དབང་དགེ་ལེགས་དཔལ་བཟང་གིས་མཛད་པའི ༼ཚད་མ་བདེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ༽ཞེས་བྱ་བ་དེབ་ཐེར་གཅིག༼ཁམས་ཁུལ་མཁས་དབང་རྣམས་ཀྱི་སྙན་ངག་དཔེར་བརྗོད་ཕྱོགས་བསྒྲིགས༽ཞེས་བྱ་བ་དེབ་ཐེར་གཅིག ༼རེབ་གོང་ལོ་རྒྱུས་བྱུང་བ་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ༽ཞེས་བྱ་བ་དེབ་ཐེར་གཅིག ཤར་སྐྱབས་མགོན་བསྟན་འཛིན་འཇིགས་མེད་སྐལ་ལྡན་ཚང་གིས་གནང་པའི ༼རེ་སྐོང་རོང་བོ་དགོན་ཆེན་གྱི་སྐུ་གསུང་ཐུགས་རྟེན་སོགས་ཞལ་ཐང་ཕྱོགས་བསྒྲིགས༽དེབ་ཐེར་གཅིག ཡོངས་འཛིན་འཇིགས་མེད་ཐེག་མཆོག་གིས་མཛད་པའི ༼མདོ་སྨད་བསྟན་པའི་གནས་གཞི་རོང་བོ་དཔལ་གྱི་དགོན་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་བདེ་ཆེན་ཆོས་འཁོར་གླིང་གཙོ་བྱས་པའི་གསེར་ལྗོངས་རིག་པ་འབྱུང་པའི་གྲོང་ཁྱེར་དུ་དམ་པའི་ཆོས་དར་ཚུལ་ཆེ་ལོང་ཙམ་བརྗོད་པ་རྫོགས་ལྡན་གཏམ་གྱི་རང་སྒྲ༽ཞེས་བྱ་བ་དེབ་ཐེར་གཅིག གླིང་བ་མཁས་བཙུན་བཟང་པོས་བརྩམས་པའི༼རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཀད་སྒྲུབ་དར་རྒྱས་གླིང་གི་གདན་རབས་གསེར་གྱི་ཕྲེང་བ༽ཞེས་བྱ་བ་དེབ་ཐེར་གཅིག རོང་ཆེན་ལྷ་རྒྱལ་དཔལ་གྱིས་བརྩམས་པའི ༼རྨ་ཡུལ་རོང་བོ་བློན་ཆོས་ཀྱི་གདུང་རབས་དོན་ལྡན་ཚངས་པའི་སྒྲ་དབྱངསཝཞེས་བྱ་བ་དེབ་ཐེར་གཅིག རོང་ཆེན་ལྷ་རྒྱལ་དཔལ་གྱིས་བརྩམས་པའི ༼སྐྱབས་གཅིག་འགྲོ་བའི་མགོན་པོ་དཔལ་ལྡན་བླ་མ་སིངྔྷི་སྤྲུལ་བའི་སྐུ་གཞན་ཕན་བདེ་བའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་བ་འདོད་འཇོ་ནོར་བུའི་འཁྲི་ཤིང༽ཞེས་བྱ་བ་དེབ་ཐེར་གཅིག རོང་ཆེན་ལྷ་རྒྱལ་དཔལ་གྱིས་བརྩམས་པའི ༼མཚོ་སྔོན་བདུད་ཤུལ་འབུམ་ལུང་དགོན་བསམ་གཏན་ཉམས་དགའི་དབེན་གནས་ཀྱི་ལོ་རྒྱུས་བྱུང་བ་ཚངས་སྲས་བཞད་པའི་གླུ་དབྱངས༽ཞེས་བྱ་བ་དེབ་ཐེར་གཅིག  རོང་ཆེན་ལྷ་རྒྱལ་དཔལ་གྱིས་བརྩམས་པའི ༼ཆབ་འགག་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་རྗའི་གླིང་གི་ལོ་རྒྱུས་བྱུང་བ་ངོ་མཚར་པདྨའི་དགའ་ཚལ༽ཞེས་བྱ་བ་དེབ་ཐེར་གཅིག རོང་ཆེན་ལྷ་རྒྱལ་དཔལ་གྱིས་བརྩམས་པའི ༼བོང་སྟག་ཆུ་ཁོལ་དགོན་པད་མ་མདོ་སྔགས་གླིང་གི་ལོ་རྒྱུས་རགས་བསྡུས་མཆོད་སྤྲིན་ལྷ་མོའི་ཕྱག་རྒྱ༽ཞེས་བྱ་བ་དེབ་ཐེར་གཅིག རོང་ཆེན་ལྷ་རྒྱལ་དཔལ་གྱིས་བསྒྲིགས་པའི ༼རྩིས་གཞུང་ཡིད་བཞིན་ནོར་བུ་ཕྱོགས་བསྒྲིགས་རྒྱལ་བ་ཀུན་གྱིས་བཀའ་ལུང་ཉེར་འབེབས༽ཞེས་བྱ་བ་དེབ་ཐེར་གཅིག རོང་ཆེན་ལྷ་རྒྱལ་དཔལ་གྱིས་བསྒྲིགས་པའི ༼གསོ་རིག་མེ་ཁབ་རིག་པའི་ཁྲིད་ཡིག་བློ་གསལ་གཞོན་ནུའི་དངོས་བཀོལ་ལག་དེབ༽ཞེས་བྱ་བ་དེབ་ཐེར་གཅིག རོང་ཆེན་ལྷ་རྒྱལ་དཔལ་གྱིས་བརྩམས་པའི ༼གངས་ལྗོངས་མདོ་སྨད་གནས་མཆོག་གསུམ་གྱི་གནས་ཡིག་ཕྱོགས་བསྒྲིགས་རྫོགས་ལྡན་འཕྲུལ་གྱི་མེ་ལོང༽ཞེས་བྱ་བ་དེབ་ཐེར་སྔ་ཕྱི་གཉིས། རོང་ཆེན་ལྷ་རྒྱལ་དཔལ་གྱིས་བརྩམས་པའི ༼མཚོ་སྔོན་དཔལ་གཞོང་ཕྱུག་མོའི་ལྷ་རྗེ་གྲགས་ཅན་སྐོར་ཞིག་གི་རྣམ་ཐར་བྱུང་བ་བཻཌྰུར་རྱ་སྔོན་མོའི་མཛེས་རྒྱན༽ཞེས་བྱ་བ་དེབ་ཐེར་གཅིག རོང་ཆེན་ལྷ་རྒྱལ་དཔལ་གྱིས་བརྩམས་པའི ༼རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་རུས་མཛོད་ཁ་བ་དཀར་པོའི་མེ་ཏོག༽ཞེས་བྱ་བ་དེབ་ཐེར་གཅིག རོང་ཆེན་ལྷ་རྒྱལ་དཔལ་གྱིས་བརྩམས་པའི ༼འཛམ་གླིང་གི་མི་སྣ་གྲགས་ཅན་སྐོར་གྱི་རྣམ་ཐར་དྲང་སྲོང་དགྱེས་པའི་འབེལ་གཏམ༽ཞེས་བྱ་བ་དེབ་ཐེར་གཅིགརོང་ཆེན་ལྷ་རྒྱལ་དཔལ་གྱིས་བརྩམས་པའི ༼སེར་འགོག་གཡང་སྡེ་ཕྱུག་མོའི་རུས་མཛོད་བསྡུས་པ་གནམ་ལྕགས་ཐོག་རྒོད་འབར་བའི་གློག་ཞགས༽ཞེས་བྱ་བ་དེབ་ཐེར་གཅིག རོང་ཆེན་ལྷ་རྒྱལ་དཔལ་གྱིས་བརྩམས་པའི ༼རྒྱ་བཟའི་ལྷ་སྐོར་གྱི་རིགས་རྒྱུད་བྱུང་བ་རགས་བསྡུས༽ཞེས་བྱ་བ་དེབ་ཐེར་གཅིག རོང་ཆེན་ལྷ་རྒྱལ་དཔལ་གྱིས་བརྩམས་པའི མགོ་ལོག་ཚ་ཁོ་ལྷ་སྡེ་ཕྱུག་མོའི་ལོ་རྒྱུས་རགས་བསྡུས་རིན་ཆེན་མུ་ཏིག་ནོར་བུའི་མཛེས་རྒྱནཞེས་བྱ་བ་དེབ་ཐེར་གཅིག་སོགས་དང་། དབལ་མང་པཎྚི་ཏས་མཛད་པའི ༼བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན༽ཞེས་བྱ་བ་དེབ་ཐེར་གཅིགཞེས་བྱ་བ་དེབ་ཐེར་གཅིག གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི༼ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གདན་རབས་རྟེན་དང་བརྟེན་པར་བརྗོད་པ་དོན་ལྡན་ཚངས་པའི་དབྱངས་སྙན༽ཞེས་བྱ་བ་དེབ་ཐེར་གཅིག རྗེ་བཙུན་ཚེ་ཏན་ཞབས་དྲུང་གིས་མཛད་པའི ༼དགེ་ལྡན་བསྟན་པའི་འབྱུང་ཁུངས་དཔལ་ལྡན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གི་གདན་རབས་དཀར་ཆག་ཡིད་འཕྲོག་གཏམ་གྱི་ཉིང་ཁུ༽ཞེས་བྱ་བ་དེབ་ཐེར་གཅིག སྐུ་ཞབས་ནོར་སྡེས་མཛད་པའི ༼མར་བྲག་དགོན་བདེ་ལྡན་ཕུན་ཚོགས་གླིང་གི་གདན་རབས་ལེགས་བཤད་ནོར་བུའི་སྒྲོན་མེ༽ཞེས་བྱ་བ་དེབ་ཐེར་གཅིག༼སྟག་ཚང་ལྷ་མོ་ཀིརྟི་དགོན་མཁས་མང་བློ་གསལ་གླིངགི་ལོ་རྒྱས་མདོ་ཙམ་བརྗོད་པ་ངོ་མཚར་ལྷ་ཡི་རོལ་མོ༽ཞེས་བྱ་བ་དེབ་ཐེར་གཅིག ༼གཙང་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་གི་སྔོན་བྱུང་གསལ་བའི་ཉི་མ༽ཞེས་བྱ་བ་དེབ་ཐེར་གཅིག ༼མཚོ་ལྷོའི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས༽ཞེས་བྱ་བ་དེབ་ཐེར་གཅིག ༼མཚོ་སྔོན་རིག་གནས་ལོ་རྒྱུས༽ཞེས་བྱ་བ་དེབ་ཐེར་དྲུག ༼མཚོ་ལྷོའི་རིག་གནས་ལོ་རྒྱུས༽ཞེས་བྱ་བ་དེབ་ཐེརབཞི། ༼མཚོ་ལྷོའི་བོད་རིགས་དམངས་ཁྲོད་ཀྱི་རིག་གནས་དཔེ་ཚོགས༽ཞེས་བྱ་བ་དེབ་ཐེར་བཅུ། ༼མགོ་ལོག་གི་རིག་གནས་ལོ་རྒྱུས༽ཞེས་བྱ་བ་དེབ་ཐེར་གསུམ། སྐུ་ཞབས་ཕུན་ཚོགས་ཀྱིས་བརྩམས་པའི ༼བོང་སྟག་གི་ལོ་རྒྱུས༽ཞེས་བྱ་བ་དེབ་ཐེར་གཅིག སྐུ་ཞབས་དོན་གྲུབ་རྒྱལ་གྱིས་བརྩམས་པའི༼བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ༽ཞེས་བྱ་བ་དེབ་ཐེར་གཅིག༼མཛངས་བླུན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ༽དེབ་ཐེར་གཅིག༼ས་སྐྱའི་ལེགས་བཤད༽ཞེས་བྱ་བ་དེབ་ཐེར་གཅིག མཁས་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི༼ མན་ངག་ཡོན་ཏན་རྒྱུད་གྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི༽ཞེས་བྱ་བ་དེབ་ཐེར་གཅིག སྟག་ལྷ་ནོར་བུས་བརྩམས་པའི ༼གསོ་དཔྱད་མན་ངག་གཅེས་བསྡུས་གཞན་ཕན་ཟླ་ཤེལ་ནོར་བུའི་སྒྲོལ་མེ༽ཞེས་བྱ་བ་དེབ་ཐེར་གཅིག བློ་བཟང་ཆོས་འཕེལ་གྱིས་བརྩམས་པའི ༼གསོ་རིག་སྨན་བཅོས་ཕྱོགས་བསྒྲིགས་གཅེས་བསྡུས་སྙིང་ནོར༽ཞེས་བྱ་བ་དེབ་ཐེར་གཅིག ཡོན་ཏན་རྒྱ་མཚོས་བརྩམས་པའི ༼གསོ་རིག་ཟིན་ཏིག་གཅེས་བསྡུས༽ཞེས་བྱ་བ་དེབ་ཐེར་གཅིག ལྕངས་སྐྱ་རོལ་པའི་རྡོ་རྗེས་མཛད་པའི ༼དབུ་མའི་རྣམ་བཤད༽ཅེས་བྱ་བ་དེབ་ཐེར་གཅིག  དཔལ་རིས་དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས་མཆོག་གིས་མཛད་པའི ༼སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་སྐོར་གོ་བདེར་བཤད་པ་ཕན་བདེ་རྒྱ་མཚོའི་གྲུ་གཟིངས༽ཞེས་བྱ་བ་དེབ་ཐེར་གཅིག ཆུ་སྐྱེས་དགེ་འདུན་བསམ་གཏན་ཀྱིས་མཛད་པའི༼བོད་བརྒྱུད་ནང་བསྟན་ཤེས་རིག་ཆེན་པོའི་གཞི་རྩའི་རྣམ་བཤད་དུས་རབས་ཉེར་གཅིག་པའི་བློ་གྲོས་པད་མོའི་ཁ་འབྱེད༽ཅེས་བྱ་བ་དེབ་ཐེར་གཅིག  ཆབ་འགག་རྡོ་རྗེ་ཚེ་རིང་གིས་རྩོམ་བསྒྲིགས་བྱས་པའི ༼མཚོ་ལྷོའི་སྣོད་བཅུད་རིག་གནས༽ཞེས་བྱ་བ་དང ༼ཆབ་འགག་རྡོ་རྗེ་ཚེ་རིང་གི་ལྗགས་རྩོམ་ཕྱོགས་བསྒྲིགས༽ཞེས་བྱ་བ་པོད་ཏི་ལྔ། སྐུ་ཞབས་བརྩོན་འགྲུས་རབ་རྒྱས་ཀྱིས་མཛད་པའི༼བོད་ཀྱི་རི་མོ་སྤྱིའི་རྣམ་བཞག་བློ་གསལ་འཇུག་སྒོ༽ཞེས་བྱ་བ་དེབ་ཐེར་གཅིག ཉི་ཟླ་ལྕེ་ནག་ཚང་གིས་མཛད་པའི ༼ཉི་ཟླའི་གསོ་རིག་ཆེད་རྩོམ་གཅེས་བསྡུས༽དང༼བསྐུ་མཉེའི་ལག་དེབ༽ཞེས་བྱ་བ་དེབ་ཐེར་གཉིས། ཚེ་ཏན་ཞབས་དྲུང་གིས་མཛད་པའི ༼གངས་ཅན་བོད་ཀྱི་བརྡ་སྤྲོད་རིག་པའི་བསྟན་བཅོས་སུམ་ཅུ་བ་དང་རྟགས་འཇུག་གི་རྣམ་བཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང༽ཞེས་བྱ་བ་དེབ་ཐེར་གཅིགཡོངས་འཛིན་ཕུར་ལྕོག་པ་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོས་མཛད་པའི༼ཚད་མ་གཞུང་དོན་འབྱེད་པའི་བསྡུས་གྲྭ་དང་བློ་རྟགས་ཀྱི་རྣམ་བཞག་རིག་ལམ་འཕྲུལ་གྱི་ལྡེ་མིག༽ཞེས་བྱ་བ་དེབ་ཐེར་གཅིག དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི༼སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད༽ཞེས་བྱ་བ་དེབ་ཐེར་གཅིག  རྗེ་དམུ་དགེ་བསམ་གཏན་གྱིས་མཛད་པའི༼བོད་ཀྱི་ཡི་གེ་སྤྱི་རྣམ་བློ་གསལ་འཇུག་ངོགས༽༼བོད་དུ་རིག་གནས་དར་ཚུང་མདོར་བསྡུས་བཤད་པ༽ ༼ཤེས་བྱའི་རྣམ་གྲངས་བློ་གསལ་རིག་སྒོཝཞེས་བྱ་བ་དེབ་ཐེར་གསུམ།  སློབ་དཔོན་ཆེན་པོ་གནམ་ལྷ་རྒྱལ་གྱིས་བརྩམས་པའི༼བོད་གྱི་རྩོམ་ལུས་རྣམ་བཤད་བློ་ཡི་ལྡེ་མིག༽ཞེས་བྱ་བ་དང་། ཀརྨ་སི་ཏུས་བརྩམས་པའི ༼ཀརྨ་སི་ཏུའི་སུམ་རྟགས་འབྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས༽ཞེས་བྱ་བ་དེབ་གཅིག དགེ་བཤེས་འཇིགས་མེད་དམ་ཆོས་ཀྱིས་མཛད་པའི ༼བོད་ཀྱི་བརྡ་ལ་བརྟེན་ནས་གསུང་རབ་ལ་འཇུག་པའི་སྒོ་ཤེས་བྱ་རབ་གསལ༽ཞེས་བྱ་བ་དེབ་ཐེར་གཅིག ངག་དབང་ཆོས་དར་གྱིས་བརྩམས་པའི ༼བརྡ་གསར་ཪྙིང༽ཞེས་བྱ་བ་དེབ་ཐེར་གཅིག གསུང་རབ་རྒྱ་མཚོས་མཛད་པའི ༼སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས༽ཞེས་བྱ་བ་དེབ་ཐེར་གཅིག དཔྱི་ས་བློ་བཟང་རྒྱ་མཚོས་མཛད་པའི ༼སྒྲ་རིག་ནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས༽ ཞེས་བྱ་བ་དེབ་ཐེར་གཅིག དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི ༼དཀའ་གནད་གསལ་བའི་མེ་ལོང༽ཞེས་བྱ་བ་དེབ་ཐེར་གཅིག བིས་པ་མི་ཕམ་ཟླ་བས་མཛད་པའི ༼ཕྲིན་ཡིག་གི་རྣམ་བཞག་དཔེ་བརྗོད་དང་བཅས་པ་པད་མ་དཀར་པོའི་ཕྲེང་མཛེས༽ཞེས་བྱ་བ་དེབ་ཐེར་གཅིག མཁྱེན་རབ་འོད་གསལ་གྱིས་བརྩམས་པའི༼རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ༽ཞེས་བྱ་བ་དེབ་ཐེར་གཅིག དགེ་བཤེས་བསྟན་འཛིན་ཐོགས་མེད་ཀྱིས་མཛད་པའི ༼བརྡ་སྤྲོད་པའི་རྒྱན༽དང ༼རྨ་བྱང་ཧྲོང་བོ་ཚང་གི་ལོ་རྒྱུས་ནོར་བུ་དྭངས་བྱེདཀྱི་མགྲིན་རྒྱན༽ཞེས་བྱ་བ་དེབ་གཉིས། སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི ༼མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན༽ཞེས་བྱ་བ་སོགས་གསུང་རབ་གླེགས་བམ་དང་གངས་ལྗོངས་མཁས་དབང་རྣམས་ཀྱི་ལྗགས་རྩོམ་གྲངས་ལས་འདས་པ་བཞུགས་སོ།། གཞན་ཡང༼དབུས་གཙང་གནས་ཡིག་ངོ་མཚར་ལུང་སྟོན་མེ་ལོང༽ཞེས་བྱ་བ་དེབ་ཐེར་གཅིག་དང་། མདོ་རྒྱུད་རྒྱ་མཚོའི་མངའ་བདག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ཡེ་ཤེས་རྒྱ་མཚོའི་ཐུན་མོང་གི་རྟོགས་པ་བརྗོད་པ་བདེན་གཏམ་ཤེལ་གྱི་མེ་ལོང༽ཞེས་བྱ་བ་དེབ་ཐེར་གཅིག ༼རྗེ་མི་ལ་རས་པའི་རྣམ་ཐར༽ཞེས་བྱ་བ་དེབ་གཅིག༼རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར༽ཞེས་བྱ་བ་དེབ་གཅིག ༼མཁའ་འགྲོ་མ་སྣང་ས་འོད་འརྗམ་གྱི་རྣམ་ཐར༽ཞེས་བྱ་བ་དེབ་གཅིག ༼བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད༽ཅེས་བྱ་བ་དེབ་གཅིག ༼ཐང་སིན་བླ་མའི་རྟོགས་བརྗོད༽ཅེས་བྱ་བ་དེབ་གཅིག ༼དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་པ་རྒྱས་པར་ཕྱེ་བ༽ཞེས་བྱ་བ་དེབ་ཐེར་གཅིག ༼མི་རོ་རྩེ་སྒྲུང༽ཞེས་བྱ་བ་དེབ་གཅིག ༼དཔལ་ལྷ་ཀུན་བཟང་གི་གཏམ་རྒྱུད༽ཅེས་བྱ་བ་དེབ་གཅིག ༼བྱ་སྤྲེལ་གྱི་གཏམ་རྒྱུད༽ཅེས་བྱ་བ་དེབ་གཅིག ༼རྫ་ཙིག་གི་གཏམ་རྒྱུད༽ཅེས་བྱ་བ་དེབ་གཅིག ༼ཨ་ཁུ་བསྟན་པའི་གཏམ་རྒྱུད༽ཅེས་བྱ་བ་དེབ་གཅིག ༼ཉི་ཆོས་བཟང་པོའི་གཏམ་རྒྱུད༽ཅེས་བྱ་བ་དེབ་ཐེར་གཅིག ༼དབྱི་སུའོ་ཡིས་བརྩམས་པའི་གཏམ་རྒྱུད་འདམས་བསྒྲིགས༽ཞེས་བྱ་བ་དེབ་གཅིག རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མས་མཛད་པའི ༼དགེ་ཚུལ་དང་ཕོ་རོག་གི་གཏམ་རྒྱུད༽ཅེས་བྱ་བ་སོགས་ཁ་བ་རི་བའི་ལྗོངས་སུ་དར་ཁྱབ་ཆེ་བའི་རིག་གནས་སྒྱུ་རྩལ་སྐོར་གྱི་དེབ་གྲངས་དང་། འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱི་ལྷ་སྒྲུང་སྐོར་ལ ༼ཧོར་གླིང་གཡུལ་འབྱེད༽༼རྩྭ་ར་པད་མ་སྟོང་ལྡན༽ ༼འཁྲུངས་གླིང་མེ་ཏོག་ར་བ༽ ༼ལྷ་གླིང་གབ་རྩེ་དགུ་སྐོར༽ ༼དམྱལ་གླིང་མུན་པ་རང་གསལ༽ ༼སྟག་གཟིག་ནོར་རྫོང༽ ༼མོན་གླིང་གཡུལ་འབྱེད༽ཅེས་བྱ་བ་སོགས་འཛམ་གླིང་རིག་གནས་ཀྱི་ཡང་རྩེར་ཟོན་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་སོགས་བཞུགས་པ་མ་ཟད། རྒྱལ་ཁབ་ཆེན་པོའི་སྲིད་ཕྱོགས་ཀྱི་ཡིག་མཛོད་ཕུན་སུམ་ཚོགས་པའི་དེབ་གྲངས་འབོར་ཆེན།༼བོད་རྒྱ་ཚིག་མཛོད་ཆེན་མོ༽ཞེས་བྱ་བ་སྟོད་སྨད་བར་ཆ་དེབ་གྲངས་གསུམ། ༼བོད་རྒྱ་ཤན་སྦྱར་རྒྱུན་མཁོའི་ཚིག་མཛོད༽ཅེས་བྱ་བ་དེབ་གྲངས་གཅིག ༼དགེ་བཤེས་ཆོས་གྲགས༽ཞེས་བྱ་བ་དེབ་གྲངས་གཅིག༼རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད༽ཅེས་བྱ་བ་དེབ་གྲངས་གཅིག ༼རྒྱ་བོད་མིང་མཛོད་ཆེན་མོ༽ཞེས་བྱ་བ་དེབ་གྲངས་གཅིག ༼བོད་རྒྱ་སངས་རྒྱས་ཆོས་གཞུང་གི་ཚིག་མཛོད༽ཅེས་བྱ་བ་དེབ་གྲངས་གཅིག༼བོད་རྒྱ་ཤན་སྦྱར་གྱི་ཤེས་བྱའི་རྣམ་གྲངས་ཀུན་བཏུས་ཚིག་མཛོད༽ཅེས་བྱ་བ་དེབ་གྲངས་གཅིག ༼བོད་རྒྱ་དབྱིན་སྐད་ཀྱི་དངོས་ལུགས་རིག་པའི་ཚིག་མཛོད༽ཞེས་བྱ་བ་དེབ་གྲངས་གཅིག ༼བོད་རྒྱ་ཤན་སྦྱར་གྱི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དཀར་ཆག༽ སྐུ་ཞབས་བུན་ཁྲང་རྒྱལ་གྱིས་གཙོ་སྒྲིག་མཛད་པའི ༼བཅའ་ཁྲིམས་ཤེས་བྱའི་འཇུག་ངོགས༽ ༼གྱོད་དཔེ་གཤིན་རྗེ་མེ་ལོང༽ ༼སློབ་ཆེན་སློབ་མའི་བསྡུས་རྩོམ༽ ༼སློབ་འབྲིང་སློབ་མའི་བསྡུས་རྩོམ༽དེབ་གྲངས་བཅུ་ཕྲག་སོགས་རྒྱ་བོད་དཔེ་དེབ་ནང་བསྟན་ཆོས་ལུགས་དང་། སྤྱི་ཚོགས་ཚན་རིག ཆབ་སྲིད་དཔལ་འབྱོར། ཚད་མ་རིག་པ། གསོ་བ་རིག་པ། བཅའ་ཁྲིམས་རིག་པ། ལོ་རྒྱུས་རྣམ་ཐར། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། དངོས་གཙོ་སྨྲ་བའི་རིང་ལུགས། རྩོད་སྒྲུབ་རིག་པའི་གཞུང་ལུགས་སོགས་གངས་ལྗོངས་རིག་པའི་གནས་དང་ནང་བསྟན་རིག་པའི་གཞུང་ལུགས་ལ་ཞིབ་ཏུ་འཇུག་པར་མེད་དུ་མི་རུང་པའི་ཤེས་བྱའི་རྒྱུ་ཆ་གལ་འགངས་ཆེ་བ་གྲངས་ལས་འདས་པ་རྣམས་ཀྱང་ཡོངས་སུ་བཞུགས་སོ།།     

      འདི་ལྟར་ཉམས་ཆུང་ཁོ་བོ་འདྲ་བའི་རི་ཁྲོད་པ་མིན་པ་ཙམ་ལ་ཁྱིམ་ཐབ་ཕལ་བ་བཟུང་ཞིང་། ཁྱིམ་གཞི་ངེས་ཅན་གྲུབ་པ་དང་འཇིག་རྟེན་འཁོར་བའི་འདམ་རྫབ་ཟམ་མོར་ལྷུང་ནས། ཨ་སྐྱོ་བ་མིན་པ་ཙམ་ལ་དཔལ་འབྱོར་གྱི་ལོངས་སྤྱོད་ཅུང་ཙམ་འཛོམས་ནས། ལོ་ན་ཆུང་བའི་དུས་སུ་ལྷ་རིགས་གསུམ་མགོན་པའི་རྣམ་སྤྲུལ་དུ་ཡོངས་སུ་གྲགས་ནའང་ཆུང་དུས་སུ་སེ་འབྲས་དགའ་གསུམ་གྱི་ཆོས་གྲྭ་ཆེན་པོ་འགྲིམ་ནས་གསེར་ཁྲིར་མངའ་གསོལ་ཞིང་གདན་ས་ཆེན་པོ་བསྐྱངས་ཏེ། ཆོས་ཀྱི་འཁོར་ལོ་སྐོར་པའི་བསྐལ་བ་མ་བྱུང་ཀྱང་ལྷན་སྐྱེས་ཀྱི་ཤེས་རབ་ཕྲ་མོར་བསྟེན་ནས། རྒྱལ་ཁབ་ཆེན་པོའི་སྲིད་ཕྱོགས་སུ་འགྲོ་དོན་གང་འཚམས་སྒྲུབས་པ་དང་། སྐུ་རང་གསལ་དམ་པའི་ཆོས་ལ་ཕྱོགས་ཏེ་ལས་རྒྱུ་འབྲས་གཤིན་རྗེ་རྒྱ་མ་ལྟ་བུའི་ཀུན་སློང་ཟབ་མོ་ཞིག་རང་གི་གཤེས་རྒྱུད་ལ་འཁྲུངས་ནས། རང་གི་སེམས་པའི་ངོགས་སུ་འཇིག་རྟེན་ཁམས་ཀྱི་དྲངས་བདེན་གང་ལེགས་བསྐྱངས་ཤིང་བཙན་པོའི་ཁ་གནོན་དང་གཉོམ་ཆུང་གི་དཔུང་རོགས་སུ་ཡུན་རིང་གྲགས་ནས། བདག་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པའི་གདུལ་བྱའི་ཞིང་ཁམས་སུ་མི་ཚེ་ཐུང་ངུའི་དུས་བདའ་བའི་ཞོར་ལ་རོང་ཆེན་ལྷ་རྒྱལ་དཔལ་གྱི་རང་ཤག་རྨད་བྱུང་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ཞེས་བྱ་བའི་སྐུ་གསུང་ཐུགས་རྟེན་གྱི་དཀར་ཆག་སོགས་ཐུན་མོ་མ་ཡིན་པའི་ཁྱད་ཆོས་རྣམས་ཀྱང་དེ་ཙམ་དང་། ཕོ་བྲང་གི་བཀོད་ལེགས་རི་མོ་དང་མཆོད་བཤམས་མཆོད་བཀུར་གྱི་ཕྱག་ལེན་ལ་སོགས་མཆོད་རྫས་ཡོ་བྱད་དང་བཅས་པའི་སྐོར་ལ་ཡང་ཅུང་ཙམ་གླེང་པར་བྱ་བ་སྟེ། གདོང་དམར་བོད་པ་དཀྱུས་མ་ཞིག་ལ་ངེས་པར་དུ་འཛོམས་འོས་པའི་ཀུན་འབྱུང་གི་ལྷག་བསམ་ཁོ་ན་ལས་མ་འདས་སོ།། དེ་ཡང་། གནས་རང་སྣང་ལྷུན་གྲུབ་གཞལ་ཡས་གཙུག་ལག་ཁང་།། བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་གླིང་།། བླ་མེད་ཆོས་དབྱངས་མཆོད་པའི་གནས་མཆོག་ཏུ།། གསང་གསུམ་ཆོས་ཀྱི་བདུད་རྩིའི་ཆར་བ་འབབས།། རིགས་དྲུག་མ་གྱུར་སེམས་ཅན་ཐམས་ཅད་དང་།། མགོན་མེད་ཉམས་ཐག་འགྲོ་ཀུན་མ་ལུས་པར།། སྐུ་གསུམ་དབྱེར་མེད་བདེ་ཆེན་ཆོས་དབྱངས་སུ།། བསོད་ནམས་སྟོབས་ཀྱིས་ཞིང་མཆོག་མངོན་པར་བསྐྲུན། གནམ་ཡོལ་སྟོང་ཤོང་ཆེན་མོའི་མཁའ་དབྱིངས་སུ།། འཇའ་ཟེར་འོད་ཕུང་འཁྲུགས་པའི་ཀློང་ཡངས་ནས།། ལེགས་འཁྲུངས་རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་སོགས།། མྱོང་གྲོལ་བདུད་རྩིའི་མཆོད་པ་བསམ་མི་ཁྱབ།། རང་བྱུང་མཆོད་རྫས་ཀརྨའི་ཕྱག་སོར་བཞིན། གདུགས་དང་རྒྱལ་མཚན་ཅོད་པ་དག་གིས་རྒྱན།། འོད་སྟོང་རབ་ཏུ་འབར་བའི་མེ་ལོང་སོགས།། ཡིད་འཕྲོག་སྲིད་ཞིའི་མཆོད་ཚོགས་ལྷུན་གྱིས་གྲུབ།། རབ་མཛེས་ལྷུན་གྲུབ་ཀུན་དགའ་ར་བའི་དབུས།། ལྷག་པའི་ལྷ་ཚོགས་བཀའ་སྡོད་དང་བཅས་བ།། རྒྱལ་བའི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས།། མཆོག་གསུམ་བྱིན་རླབས་དངོས་གྲུབ་ཨེ་མ་ཧོ།། ཞེས་རང་ཉམས་དག་པ་གང་ཤར་གྱི་བསྟོད་བསྔགས་པད་མ་དཀར་པོས་རྣམ་པར་རྒྱན་ཞིང་། འཕགས་ཡུལ་རྡོ་རྗེ་གདན་ནས་སྤྱན་དྲངས་པའི་བྱང་ཆུབ་ཤིང་གི་ལོ་མའི་སྟེང་དུ་གྲུབ་པའི་སངས་རྒྱས་རང་བྱོན་དང་། གསེར་ལྗོངས་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གི་རྗེ་བཙུན་བྱམས་ཆེན་སྐུ་མདུན་གྱི་མཆོད་པའི་གནས་ནས་སྤྱན་དྲངས་པའི་མེ་ཏོག་ཙམ་པ་ཀ་སོགས་ཀྱིས་མཛེས་པར་རྒྱན་པའི་ལོ་མཆོད་ཀྱི་ཚུལ་དུ་ཕུལ་བའི་ཆུ་གཉིས་ཉེར་སྤྱོད་ཅེས་བྱ་བའི་མཆོད་པ་སྟེ། མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་སོགས་ཉིན་རེར་བཞིན་མཆོད་པ་དང་མཆོད་མེ་བརྒྱ་རྩ་སོགས་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་བཞུགས་སོ།། གངས་རི་དཀར་པོ་མཁའ་ལ་བསྙེགས་འདྲའི་ཕྱེ་མར་གྱི་མཆོད་པ། རྒྱ་མཚོ་ཆེན་པོ་འཕྱུར་བ་ལྟ་བའི་གསེར་སྐྱེམས་ཀྱི་མཆོད་པ། དར་ཚོན་སྣ་ལྔས་རྒྱན་པའི་མདའ་དར་གཡང་རྟེན་གྱི་མཆོད་པ། རིན་ཆེན་གཡུ་བྱུར་ལྷུན་པོ་སྤུངས་འདྲའི་མཎྚལ་ཆེ་ཆུང་གི་མཆོད་པ།   ཚེ་ཡི་དཔལ་སྟེར་བཀྲ་ཤིས་བུམ་བཟང་རྨ་བྱ་སྔོན་མོའི་སྒྲོ་ཡི་ཁ་རྒྱན་ཅན་ཆེ་ཆུང་གི་མཆོད་པ། ཆུ་གཏེར་རྒྱ་མཚོར་རོལ་བ་ནོར་ལྷ་གཏེར་བདག་ཛམྦྷ་ལ་ཆེ་ཆུང་གི་མཆོད་པ།  ཕྱི་ནང་གསང་བའི་མཆོད་ཚོགས་ཟས་སྣ་དཀར་གསུམ་མངར་གསུམ་གྱི་མཆོད་པ། རིན་ཆེན་འབྲུ་རིགས་སྣ་ལྔ། ཆང་ཕུལ་སིལ་ཏོག་སྣ་ཚོགས། རྒྱ་གར་གསེར་ཟངས་ལས་གྲུབ་པའི་མཆོད་ཀོང་ཆེ་བ་ཉིན་ཞགས་བཅུ་ཐུབ།  དངུལ་དཀར་གྱི་རྒྱུ་ལས་གྲུབ་པའི་མཆོད་ཀོང་ཆེ་འབྲིང་ཆུང་གསུམ་མཚན་ཐུབ་ཆེ་ཆུང་། ཟངས་སེར་གྱི་རྒྱུ་ལས་གྲུབ་པའི་མཆོད་ཀོང་ཆེ་ཆུང་བརྒྱ་ཕྲག་ལས་འདས་པ་སོགས་ཁམས་གསུམ་མུན་པ་སེལ་བའི་མར་མེའི་མཆོད་པ་ཆག་མེད། རྒྱ་གར་འཕགས་པའི་ཡུལ་དང་བལ་བོ་སོགས་ནས་སྤྱན་དྲངས་པའི་ཏིང་ཕོར་ཆེན་མོ་བདུན་ཚར་བཅུ་ཕྲག་དུ་མ་དང་རྨ་བྱའི་སྒྲོ་གུར་རྟགས་ཅན་ཏིང་ཕོར་བདུན་ཚར་རིན་ཆེན་ཟངས་ལས་གྲུབ་པ་སོགས་ཏིང་ཕོར་སྣ་ཚོགས་བརྒྱ་ཕྲག་གཙང་མོ་ཆུ་ཡི་མཆོད་པ་ཆག་མེད། གཡུ་འབྲུག་སྔོན་མོ་མཁའ་རུ་རྒྱས་འདྲའི་དྲི་བཟང་བདུག་སྤོས་ཀྱི་མཆོད་པ་ཆག་མེད། དར་ཤིང་རིང་མོ་ཉི་ཟླ་སྐར་གསུམ་དང་བཅས་པ་གསུང་རབ་དར་ལྕོགས་སྣ་ཚོགས་ཀྱིས་རབ་ཏུ་རྒྱན་ཞིང་དགུང་སྔོན་དབྱིངས་སུ་བསྙེགས་པའི་བྱིན་རླབས་ལས་ཁ་ལུས་རླུང་རྟ་མེ་ལྕེ་འབར་བ། རྩ་གསུམ་བྱིན་རླབས་བདེ་ལེགས་ཉེར་འབྱུང་གི་བསང་མཆོད་ཆག་མེད་སོགས་ལ་ཉིན་རེར་བཞིན་ལྷོད་གཡེང་མེད་པར་འབད་ཅིང་། དངུལ་དཀར་གྱི་རྒྱུ་ལས་གྲུབ་པའི་རྒྱལ་དབང་བཅུ་བཞི་བའི་འབྲལ་སྤང་བྱིན་ཅན། གསེར་ཟངས་ལས་གྲུབ་པའི་རབ་མཛེས་སྤོས་ཕོར་ཆེ་ཆུང་། རྨ་བྱ་སྔོན་མོའི་སྒྲོ་གུར་ཆེན་མོ་བཀྲ་ཤིས་བུམ་བཟང་དང་ངོ་མཚར་མེ་ཏོག་སྣ་ལྔས་རྒྱན་པ། སྒྲ་སྙན་ཐོས་པ་ཙམ་གྱིས་ངན་སོང་གསུམ་གྱི་སྒོ་མོ་འགག་པའི་དུང་དཀར་གཡས་འཁྱིལ། མཆོད་རྔ་སྟོང་གསུམ་འབྲུག་སྒྲ། སྦུག་ཆ་ཁམས་གསུམ་ཟིལ་གནོན། སེང་ལྡིང་ཤིང་བཟང་གི་རྒྱུ་ལས་གྲུབ་པའི་ཌ་མ་རུ། རྒྱ་གར་རྡོ་དྲིལ་དབྱངས་སྙན་མཁའ་ཁྱབ། དངུལ་དཀར་རྒྱུ་ལས་གྲུབ་པའི་འཕགས་པ་ཐར་མདོའི་འཁོར་ཆེན་འགྲོ་ཀུན་ཐར་ལམ་འདྲེན་པའི་ཆོས་འཁོར་ཆེ་ཆུང་། ཁྱད་པར་དུ་ཡང་བདེ་སྟོང་སྨད་བྱུང་རྣམ་པར་རྒྱལ་བའི་ཕོ་བྲང་དུ་བཞུགས་པའི་ཐར་མདོའི་འཁོར་ཆེན་གྱི་ཕན་ཡོན་ལས། ཡར་སྔོན་སྔགས་སའི་དགེ་བཤེས་རྡོ་རྗེ་འཆང༧རྗེ་བཙུན་འཇམ་དབྱངས་དོན་ཡོད་དཔལ་བཟང་པོ་མཆོག་གི་ཞབས་ཟུང་པདྨའི་འཁོར་ལོ་སོག་ཡུལ་ལ་ཕེབས་དུས། ཕྱོགས་དེའི་བོད་སོག་དད་ལྡན་མང་པོས་གསོན་གཤིན་ཟུང་གི་དོན་དུ་དད་རྟེན་མང་པོ་ཕུལ་ཏེ། ཐམས་ཅད་འདིར་བདེ་ཕྱི་སྐྱིད་ཡོང་པའི་སྐྱབས་འཇུག་ཞུས་པར་བརྟེན། ཁོང་རྡོ་རྗེ་འཆང་གི་ཐུགས་ལ་སྙིང་རྗེ་ཚད་མེད་འཁྲུངས་ནས་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་གསོལ་བ་དྲག་ཏུ་བཏབས་པའི་ཚེ། བླ་མ་རྡོ་རྗེ་འཆང་ཁོང་ལ་རྣལ་འབྱོར་མས་ཞལ་གཟིགས་ནས། འདི་འདྲའི་ཐར་མདོའི་འཁོར་ལོ་ཞིག་བཞེངས་ནས་བསྐོར་དུ་ཆུགས་དང་། ཚེ་ལྡན་རྣམས་ཀྱི་རྐྱེན་ངན་བར་ཆད་ཞི་ཞིང་། ཚེ་འདས་རྣམས་ཀྱང་ངན་སོང་དུ་སྐྱེ་བའི་སྒོ་མོ་ཁོག སྐྱེས་ཟིན་ཀྱང་མྱུར་དུ་གྲོལ་བར་འགྱུར་རོ་ཞེས་གསུངས། དེ་ནས་ཁོང་རྡོ་རྗེ་འཆང་གིས་རྨ་ཕར་ཚུར་ཕྱོགས་སུ་འཁོར་ལོའི་དཔར་ཆེ་ཆུང་ལྔ་བཞེངས་ཏེ། ཡུལ་ཕྱོགས་ཀུན་དུ་འཁོར་ལོ་མང་པོ་བཀྲམས་ཏེ། ཁྱེད་རྣམས་ཀྱིས་ངས་འཁོར་ལོ་འདི་ཚེ་འདས་རྣམས་ཀྱི་དོན་དུ་བསྐོར་ན་ཚེ་འདིར་ལས་ངན་ཚབ་ཆེན་བསགས་ཀྱང་ངན་སོང་དུ་མི་འགྲོ་བར་ཐག་གིས་ཆོད། འཆི་ཁར་སྤྱི་གཙུག་ཏུ་བསྐོར་ན་སྔས་མགོའི་བླ་མ་ཞུ་མི་དགོས་ཤིང་འཕོ་བ་འདེབས་མི་དགོས། ཚེ་འདིར་དགྲ་གདོན་གྱིས་གཙེས་ཤིང་ནད་དང་བགེགས་རིགས་སོགས་གང་གི་དོན་དུ་བསྐོར་ན་ཐམས་ཅད་ཞི་བར་འགྱུར་ཞིང་། འདོད་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་གསུངས། གཞན་ཡང་གྱི་ལིང་གཏེར་སྟོན་བདེ་ཆེན་འགྱུར་མེད་རྡོ་རྗེ་མཆོག་གིས་སྐུ་དངོས་སུ་དད་རྟེན་དུ་གནང་པའི་རྫོགས་ཆེན་ཨ་འཛོམས་འབྲུག་པ་རིན་པོ་ཆེའི་ཕྱག་དྲིལ་དང་། རྡོ་རྗེ་རྩེ་དགུ་མ་སོགས་ལོ་ངོ་ལྔ་བརྒྱ་ཡས་མས་གྱི་ལོ་རྒྱུས་ཆུ་རྒྱུན་རིང་མོ་ལྡན་པའི་གནའ་རྫས་བྱིན་ཅན་སོགས་མཆོད་རྫས། ནོར་བུ་མེ་འབར་མ། བཀྲ་ཤིས་བུམ་གཟིགས་མ། རྒྱལ་སྲས་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། མཐུན་པ་སྤུན་བཞི། ཚེ་རིང་རྣམ་དྲུག ཨ་ཙ་རུ་གླང་ཁྲིད་སོགས་མཆོད་བཤམས་ཀྱི་ལོངས་སྤྱོད་སྣ་ཚོགས་བཞུགས་སོ།།  

      བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་གི་ཆོས་སྤྱོད་ཕྱག་ལེན་དང་སྒྲིབ་པ་ཉམས་ལེན་ཀྱི་སྐོར་ལ་ཡང་དམ་པ་རྣམས་ཀྱི་ཁྱད་ཆོས་ལྟར་གདན་ཐོག་ཅིག་ཏུ་སྒྲུབ་པ་ཉམས་ལེན་གྱི་ཤེས་རྟོགས་མ་འབྱུང་ཀྱང་ཆུང་དུས་སུ་ཆོས་གྲྭར་ཞུགས་ཤིང་དགེ་བའི་བཤེས་གཉེན་ལ་བསྟེན་ནས་བཀའ་ཆོས་གསན་པ་དང་། འདོན་རྟ་དབྱངས་གསུམ། འབུད་རྡུང་དཀྲོལ་གསུམ་སོགས་ཆོས་སྤྱོད་ཕྱག་ལེན་ཤེས་བྱ་ཅི་ཡང་མ་མཆིས་ཀྱང་ཐམས་ཅད་རང་གི་རྒྱུད་ལ་ཀུན་སློང་ཟབ་མོ་དང་བག་ཆགས་ཅུང་ཙམ་འཁྲུངས་བ་ལྟར། ཉིན་བཞིན་གསང་ཆེན་སྔ་འགྱུར་བསྟན་པ་དང་རི་བོ་དགེ་ལུགས་པའི་གྲུབ་མཐར་ཕྱོགས་རིས་མ་མཆིས་པའི་རོང་ཆེན་ཞལ་འདོན་ཕྱོགས་བསྒྲིགས་བྱང་ཆུབ་ལམ་གྱི་རིམ་པ་ལས། སྐྱབས་འགྲོ་སེམས་བསྐྱེད་མཆོད་པ་དང་། དམིགས་བརྩེ་མའི་གསོལ་འདེབས། བསམ་པ་མྱུར་འགྲུབ་མ། བསམ་པ་ལྷུན་འགྲུབ་མ། གསོལ་འདེབས་དུས་གསུམ་སངས་རྒྱས། བར་ཆད་ལམ་སེལ་ཤིན་ཏུ་བསྡུས་པ། བསམ་ལྷུན་བསྡུས་པ་ཐུགས་རྗེ་གློག་ཞགས། ཚིག་བདུན་གསོལ་འདེབས། བསམ་ལྷུན་མཆོད་ཚོགས་བསྡུས་པ། བསྐང་གསོལ་ཁག་གཉིས། ཚེ་ལྷ་རྣམ་གསུམ་གྱི་མཚན་གཟུངས། སངས་རྒྱས་སྨན་བླའི་རྟོགས་བརྗོད། རྒྱལ་བའི་བཀའ་འགྱུར་སྙིང་བོ། དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ། རིགས་གསུམ་མགོན་པོའི་མཚན་སྔགས། བར་དོའི་ཕྲེང་སྒྲོལ་སྨོན་ལམ། འཕོ་བ་མ་བསྒོམས་སངས་རྒྱས། གནམ་ཡིག་སྣང་མཐའི་གསོལ་འདེབས། འཇམ་དབྱངས་རིགས་ལྔའི་སྤྱི་ཏྲིལ་རྟོགས་མཐོང་ཡེ་ཤེས་མངོན་གསལ། འཇམ་དཔལ་ལྷ་ཚོགས་སྤྱན་འདྲེན། འཇམ་དབྱངས་རིགས་ལྔའི་མཆོད་བསྟོད། འཇམ་དཔལ་མཆོད་ཚོགས་མྱོང་གྲོལ་བདུད་རྩིའི་དགའ་སྟོན། འཇམ་དཔལ་དགྱེས་པའི་བསྐང་གསོལ། མདོ་གདུགས་སྒྲོལ་གསུམ། སྒྲོལ་མའི་མནྡལ་བཞི་བ། རྟ་མགྲིན་མཚན་སྔགས། འཕགས་པ་བགེགས་ཐམས་ཅད་ཞི་བར་བྱེད་པའི་གཟུངས། མཁའ་འགྲོའི་སེང་གདོང་མའི་མཚན་གཟུངས་དང་བཟློག་བསྒྱུར། མགོན་པོ་ཚོགས་བདག་གི་གཟུངས་སྔགས། ཨོ་རྒྱན་ནོར་ལྷའི་གཡང་སྒྲུབ། གཡང་འགུགས་ལྷ་རྫས་ལྕགས་ཀྱུ། གཡང་འགུགས་དབུལ་བ་ཀུན་སེལ། ལྷ་མོ་ནོར་རྒྱུན་མའི་མཚན་གཟུངས། ལྷ་མོ་འོད་ཟེར་མའི་མཚན་གཟུངས་བཟློག་བསྒྱུར་དང་བཅས་པ་སོགས། རོང་ཆེན་བསང་མཆོད་ཕྱོགས་བསྒྲིགས་རྒྱུན་མཁོའི་ཕྱག་ལེན་བདེ་ལེསག་ཉེར་འབྱུང་ལས། བསང་མཆོད་ལྷ་ཚོགས་འགུགས་པའི་ལྕགས་ཀྱུ་དང་། གུར་མགོན་་ཧཱ་ཆེན་པོའི་བསྐང་གསོལ། གཟའ་རྒོད་ཁྱབ་འཇུག་ཆེན་པོའི་བསྐང་གསོལ། མཆོག་གསུམ་མཆོད་པའི་འཕྲིན་བཅོལ། འགོ་བའི་ལྷ་ལྔའི་གསོལ་མཆོད། ཁྲི་ཀའི་ཡུལ་ལྷའི་བསྐང་གསོལ། སྣང་སྲིད་སྡེ་བརྒྱད་མཆོད་པ། རྨ་རྒྱལ་སྦོམ་རའི་བསྐང་གསོལ། དཔལ་ལྡན་ལྷ་མོའི་འཁྲུགས་བསྐང་། ཕྱོགས་བཅུའི་ལྷ་ཚོགས་མཆོད་བསྟོད། རླུང་རྟ་བསྐྱེད་པ་དང་དཔལ་ལྡན་བླ་མའི་ཞབས་བརྟན་གསོལ་འདེབས་དང་བཅས་པའི་བསྟན་གཉེར་སོགས་ཆག་མེད་དུ་ཉམས་ལེན་བྱེད་པའི་ཕྱག་སྲོལ་རྒྱུན་ལྡན་དང་། ཁྱད་པར་དུ་ཟླ་རེའི་དུས་ཆེན་བརྒྱད་པོ་སྟེ། ཟླ་རེའི་ཚེས་གཅིག་ཉིན་ལ་སངས་རྒྱས་ཏིང་འཛིན་རྒྱལ་པོའི་དུས་ཆེན་ཡིན་པས་དགེ་སྡིག་གང་བྱས་བརྒྱ་འགྱུར་དང་། ཚེས་བརྒྱད་ཉིན་ལ་སངས་རྒྱས་སྨན་བླའི་དུས་ཆེན་ཡིན་པས་དགེ་སྡིག་གང་བྱས་སྟོང་འགྱུར། ཚེས་བཅུ་ཉིན་ལ་སློབ་དཔོན་རིན་པོ་ཆེ་སོགས་སངས་རྒྱས་སྟོང་གི་དུས་ཆེན་ཡིན་པས་དགེ་སྡིག་གང་བྱས་འརྗམ་འགྱུར། ཚེས་བཅོ་ལྔ་ཉིན་ལ་སངས་རྒྱས་སྣང་བ་མཐའ་ཡས་མགོན་པོ་འོད་དཔག་མེད་ཀྱི་དུས་ཆེན་ཡིན་པས་དགེ་སྡིག་གང་བྱས་བྱེ་བ་འགྱུར། ཚེས་བཅོ་བརྒྱད་ཉིན་ལ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དུས་ཆེན་ཡིན་པས་དགེ་སྡིག་གང་བྱས་ས་ཡ་འགྱུར། ཚེས་ཉེར་གཅིག་ཉིན་ལ་འཕགས་པ་ས་ཡི་སྙིང་བོའི་དུས་ཆེན་ཡིན་པས་དགེ་སྡིག་གང་བྱས་དུང་ཕྱུར་འགྱུར། ཚེས་ཉེར་ལྔ་ཉིན་ལ་ཡང་སློབ་དཔོན་རིན་པོ་ཆེའི་དུས་ཆེན་ཡིན་པས་དགེ་སྡིག་གང་བྱས་འརྗམ་འགྱུར། གནམ་གང་སོགས་ལ་སངས་རྒྱས་སྟོན་པ་ཤཱཀྱ་ཐུབ་པའི་དུས་ཆེན་ཡིན་པས་དགེ་སྡིག་གང་བྱས་དུང་ཕྱུར་དགུ་འགྱུར་སོགས་གྲངས་འགྱུར་གྱི་རྣམ་པ་ནི་རྒྱལ་བ་དགྱེས་པའི་བཀའ་ལུང་འཕྲུལ་བ་མེད་པ་ལས་མ་འདས་པ་དང་། དཔེར་ན་ཟླ་རེའི་གཟའ་སྐར་ཚེས་བཟང་འདི་དག་ལ་དགེ་བ་ཅུང་ཙམ་བསྒྲུབས་ཏེ། འཇིག་རྟེན་གྱི་ནམ་མཁའི་མཐའ་དང་མཉམ་པའི་མ་གྱུར་སེམས་ཅན་ཐམས་ཅད་དང་ཁམས་གསུམ་འགྲོ་བ་རིགས་དྲུག་གི་དོན་དུ་དམིགས་ནས་མཆོད་འབུལ་རྒྱ་ཆེན་པོ་ཕུལ་བ་དང་། སྐྱེ་བ་ནས་སྐྱེ་བའི་བར་དུ་མ་སེམས་ཅན་ཤི་བོ་ཤི་མོ་ཚེ་ལས་འདས་པ་ཐམས་ཅད་ཀྱི་དོན་དུ་དམིགས་ནས་ཐུགས་རྗེ་ཆེན་པོའི་གཟུངས་མཆོག་ཡིག་དྲུག་སོགས་ཀློག་འདོན་བྱེད་པ་དང་། འཇིག་རྟེན་གྱི་ནམ་མཁའི་མཐའ་དང་མཉམ་པའི་ཁམས་གསུམ་འགྲོ་བ་རིགས་དྲུག་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་ༀ་མ་ཎི་པདྨེ་ཧཱུཾཿ ༀ་མ་ཎི་པདྨེ་ཧཱུཾཿ ༀ་མ་ཎི་པདྨེ་ཧཱུཾཿ  སྐྱེ་བ་ནས་སྐྱེ་བའི་བར་དུ་མ་སེམས་ཅན་ཤི་བོ་ཤི་མོ་ཚེ་ལས་འདས་པ་ཐམས་ཅད་ཀྱི་དོན་དུ་དམིགས་ནས་ༀ་མ་ཎི་པདྨེ་ཧཱུཾཿ ༀ་མ་ཎི་པདྨེ་ཧཱུཾཿ ༀ་མ་ཎི་པདྨེ་ཧཱུཾཿ ཚེ་རབས་ནས་ཚེ་རབས་ཀུན་ཏུ་བདག་སོགས་དྲིན་གྱིས་བསྐྱངས་པའི་དྲིན་ཅན་ཕ་མ་ཡང་མེས་རྣམས་ཀྱི་དོན་དུ་དམིགས་ནས་ༀ་མ་ཎི་པདྨེ་ཧཱུཾཿ ༀ་མ་ཎི་པདྨེ་ཧཱུཾཿ ༀ་མ་ཎི་པདྨེ་ཧཱུཾཿ བསྐལ་བ་ནས་བསྐལ་བའི་བར་དུ་བདག་ཅག་གིས་ཤ་ཟས་འོ་འཐུང་དང་འཇིགས་རུང་ཤན་པའི་གྲོང་དུ་ཉིན་རེར་བཞིན་ཁྲག་མཚོ་ཁོལ་མ་དཀྲུགས་ནས་དམར་གསོད་བྱས་པ་དང་བྱེད་བཞིན་པའི་ཁ་སྡུག་ཞེ་སྡུག་གི་དུད་འགྲོ་དྲིན་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་ༀ་མ་ཎི་པདྨེ་ཧཱུཾཿ ༀ་མ་ཎི་པདྨེ་ཧཱུཾཿ ༀ་མ་ཎི་པདྨེ་ཧཱུཾཿ ཁྱད་པར་ཁ་སེང་དེ་རིང་བར་བསད་སྐྱེབས་ཤི་ནས་སྔ་ལུས་བོར་ཞིང་ཕྱི་ལུས་མ་སྙེད་བར་དོ་ནས་ཇི་སྙེད་འདོད་པའི་ཤི་བོ་ཤི་མོ་ཆོས་མེད་ཐམས་ཅད་ཀྱི་དོན་དུ་དམིགས་ནས་ༀ་མ་ཎི་པདྨེ་ཧཱུཾཿ ༀ་མ་ཎི་པདྨེ་ཧཱུཾཿ ༀ་མ་ཎི་པདྨེ་ཧཱུཾཿ ཞེས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསྔོ་བ་ཆེན་པོའི་རྒྱུ་གང་འཛོམས་དང་། འཇིག་རྟེན་ཐོག་ཏུ་བཟང་ལ་བཟང་ལན་དང་ངན་ལ་ངན་ལན་མི་འཁོར་བའི་དཔེ་མི་སྲིད་པས། རྣལ་སྨིན་ཟེར་བ་དེ་ཚེ་འདི་ནས་མ་འཁོར་ཀྱང་ཚེ་ཕྱི་མར་འཁོར་བ་དེ་ལས་ཀྱང་ཚབ་ཆེན་ཡིན་ཞེས་དམ་པ་རྣམས་ཀྱིས་གསུངས་ཡོད་པས། ཁྱད་པར་དུ་མཉམ་མེད་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་བ་ཆེན་པོའི་ཞལ་སྔ་ནས་བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན།། ཞེས་གསུངས་བ་བཞིན། དགེ་སྒྲུབ་སྡིག་སྤང་གི་ལས་ཐམས་ཅད་ཀྱི་ཆེས་རྩ་བར་གྱུར་བའི་གནད་འགག་ནི་རང་གི་སེམས་པ་ལ་རགས་ལས་ཡོད་ཟེར། དེ་བསམ་ནས་དུས་རྒྱུན་དུ་འགྱོད་བཤགས་ཆེན་པོ་དང་སྡིག་བཤགས་གང་ལེགས་བྱེད་དགོས་པའི་གནས་སུ་མཆིས་སོ།།

      ཡང་ཅིག་བཤད་ན་བུ་རང་ཉིད་ཀྱི་སྐྱེས་རབས་འདིར་ཡང་ཆོས་ལྡན་གངས་རིའི་ལྗོངས་སུ་དལ་འབྱོར་མི་ལུས་བླངས་ཏེ། སངས་རྒྱས་བསྟན་པ་ཕྱི་དར་གྱི་མཇུག་རྫོགས་ཤིང་བསྟན་པ་ཡང་དར་གྱི་དུས་རབས་སུ་ཁེལ་བས། ལོ་ན་ཕྲ་བའི་དུས་སུ་ཕ་མ་མེད་པའི་དྭ་ཕྲུག་ཏུ་གྱུར་ཞིང་རྒྱལ་ཁམས་ཉུག་ནས་སྤང་སློང་དང་ཡུལ་འཁྱམས་བྱས་ཏེ། དཀའ་བ་འབུམ་ཕྲག་སྤྱད་ནས་རང་ལུས་ཀྱི་སྡིག་སྒྲིབ་བཤགས་ཐབས་བྱེད་དགོས་པར་བྱུང་བ་དང་། ཅུང་ཙམ་ནར་ཟོན་རྗེས་ལུས་དབང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་རྒྱལ་ཁབ་ཀྱི་ལས་བྱེད་པ་ལྟ་བུའི་མིང་ཙམ་བླངས་ནས། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པའི་དར་ཆའི་འོག་ཏུ་འཚར་ལོངས་བྱུང་བ་མ་ཟད། དངོས་གཙོ་སྨྲ་བའི་རིང་ལུགས་ཀྱི་བསམ་པའི་སློབ་གསོའི་འོག་ཏུ་རྒས་པའི་གཉེར་མ་ཡུན་གྱིས་བརྩེགས་པའི་བགྲེས་པོ་ཞིག་ཏུ་གྱུར་མོད། འོན་ཀྱང་གངས་ཅན་ཆོས་ལྡན་བོད་པ་ཞིག་གི་ཆ་ནས་ནང་བ་སངས་རྒྱས་ཆོས་ལུགས་ལ་དད་མོས་རང་དབང་དང་བག་ཆགས་ཟབ་མོ་རང་དང་རང་གི་སེམས་པའི་རྒྱུད་ལ་མ་བསྐུལ་རང་འགུལ་གྱིས་འཁྲུངས་པ་ནི་ཚེ་རབས་སྔོན་མའི་ལས་འཕྲོ་ཙམ་ཡིན་པ་ལས་མ་འདས་སོ། བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི༡༩༥༨ལོ་ནས་བཟུང་སྟེ་ཆོས་ལུགས་བསྒྱུར་བཅོས་དང་བོད་ཁམས་དུས་འཁྲུག ཁྱད་པར་དུ ༡༩༦༦ལོ་ནས་བཟུང་རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་བསྐལ་བའི་མེ་དཔུང་དྲག་པོའི་དབང་གིས་རྒྱལ་ཡོངས་གོང་འོག་ཀུན་ཏུ་ནང་བསྟན་སངས་རྒྱས་ཆོས་ལུགས་ཞེས་པའི་མཚན་ཙམ་ཡང་མེད་པར་གྱུར། འོན་ཀྱང་བོད་མི་རིགས་ཡོངས་ཀྱིས་སངས་རྒྱས་ཆོས་ལུགས་ལ་དད་འདུན་བྱེད་པའི་དད་མོས་ལ་གཡོ་འགུལ་གཏད་ནས་བྱུང་མ་མྱོང་བ་རེད། ཏང་ཀྲུང་དབྱང་གིས ༡༩༧༧ལོའི་ཟླ་བ་བརྒྱད་པར་རིག་གནས་གསར་བརྗེ་ཆེན་པོ་མཇུག་རྫོགས་པ་ཁྱབ་བསྒྲགས་བྱས།  ༡༩༧༨ལོའི་ཟླ་བ་བཅུ་གཉིས་པར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་བཟུང་སྟེ། གངས་ལྗོངས་གསེར་རིའི་སྐྱ་རེངས་ཡུན་ནས་བཀྱགས་ཤིང་བློ་བཟང་རྒྱལ་བའི་བསྟན་པ་སླར་ཡང་དར་བའི་སྐལ་བ་བཟང་པོ་རྫོགས་ལྡན་གྱི་དཔལ་ལ་རོལ་བའི་དུས་དང་འཕྲད་ནས། སྔ་བཞུག་ཏུ་ཐེངས་གཉིས་ལ་གངས་ལྗོངས་ཞིང་གི་མགོན་པོ་ཀུན་གཟིགས་སྣང་བ་མཐའ་ཡས ༧པཎ་ཆེན་ཨེར་ཏི་ཎི་བློ་བཟང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཞབས་པད་མེ་ཏོག་པད་མོར་སྤྱི་བོས་གཏུགས་ཏེ་ཕྱག་མཇལ་དངོས་སུ་ཐོབ་ཅིང་། སྐྱབས་འགྲོ་སེམས་བསྐྱེད་མཆོད་པ་དང་ཐུགས་རྗེ་ཆེན་པོའི་དབང་ལུང་སོགས་བཀའ་དྲིན་དུ་བསྩལ་བར་གསན་ཞིང་། མཚོ་སྔོན་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་གི་སྐྱབས་གཅིག་འགྲོ་བའི་མགོན་པོ་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ ༧རྗེ་བཙུན་ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་བཀའ་དྲིན་དུ་བསྩལ་བའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་གསུམ་ལ་ཐོབ་པ་མ་ཟད། དུས་འཁོར་སྤྱི་བཀའ་དང་། སྐྱབས་འགྲོ་སེམས་བསྐྱེད་མཆོད་པ། ཐུགས་རྗེ་ཆེན་པོ། འཕོ་བ་འཕོ་ལུང་། སངས་རྒྱས་སྨན་བླ། མདོ་གདུགས་སྒྲོལ་གསུམ་སོགས་བཀའ་ལུང་མང་དུ་བསྩལ་བར་གསན་པ་དང་། ཁྱད་པར་དུ་བདག་ཅག་གི་མེ་ཏོག་ཕོག་པའི་ལྷ་སྐལ་དང་སྐྱབས་ཅིག་འགྲོ་བའི་མགོན་པོ ༧རོང་བོ་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བརྒྱད་པ་ཆེན་པོས་གསུངས་གནང་མཛད་པའི་དུས་འཁོར་དབང་ཆེན་སོགས་བཀའ་ཆོས་མང་པོར་གསན་ཞིང་། མདོ་སྨད་ཆོས་སྡེ་ཆེན་པོ་ངྷིཿཚ་དགོན་དཔལ་བཀྲ་ཤིས་ཆོས་སྡིངས་ཀྱི་སྙུགས་དུས་བསྟན་འགྲོ་ཡོངས་ལ་གཅིག་ཏུ་སྨན་པའི་ཐུགས་བསྐྱེད་ཀྱི་མཐུ་ཆེན་སྨིན་པ་ཟླ་མེད་མཁས་གྲུབ་དགེ་བའི་བཤེས་གཉེན་ཆེན་པོ ༧རྗེ་བཙུན་ཡེ་ཤེས་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་གཡུ་ཐོག་རྙིང་ཐིག་གི་དབང་ལུང་ཁྲིད་གསུམ་ཡོངས་སུ་བཀའ་དྲིན་དུ་བསྩལ་པར་གསན་པའི་གོ་སྐབས་མཆིས་ཤིང་། རང་རེའི་གངས་ལྗོངས་ཡུལ་དུ་ཡོངས་སུ་གྲགས་པའི་བཀའ་འགྱུར་བླ་མ་རིན་པོ་ཆེ ༧སྒོམ་གསར་ཆོས་རྗེ་བྱམས་པ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡོངས་སུ་གསུངས་པར་མཛད་པའི་དབང་ལུང་ཁྲིད་གསུམ་ལ་གསན་ཞིང་། སེམས་བསྐྱེད་མཆོད་པ་དང་འཕགས་པ་གསང་བའི་བདག་པོའི་དབང་ལུང་སོགས་བཀའ་ཆོས་མང་དུ་བརྩལ་པར་གསན། མགོ་ལོག་སྟོང་སྐྱབས་དགོན་བསྟན་གཉིས་དར་རྒྱས་གླིང་གི་གངས་ལྗོངས་རྗེ་འབངས་ཉེར་ལྔའི་ཡ་གྱལ་ལོ་ཆེན་བཻ་རོ་ཙ་ནའི་རྣམ་པར་རོལ་བ ༧སྐྱབས་རྗེ་བླ་མ་སིངྔྷི་གཞན་ཕན་བདེ་བའི་ཉི་མ་མཆོག་གིས་བཀའ་དྲིན་དུ་བསྩལ་བའི་ཐུགས་རྗེ་ཆེན་པོའི་དབང་ལུང་དང་། ཚེ་དབང་། འཕོ་བ་འཕོ་ལུང་སོགས་བཀའ་ཆོས་མང་དུ་བསྩལ་པར་གསན། མཛོད་དགེ་གླིང་དཀར་སྟོད་ཀྱི་ཨ་སྐྱིད་རོང་གནས་བཞི་དགོན་བསམ་འཕེལ་ནོར་བུའི་གླིང་གི་ཁམས་གསུམ་སྐྱབས་ཀྱི་བདག་ཉིད་ཆེན་པོ་ས་གསུམ་འགྲན་ཟླ་བྲལ་བའི་བྱང་སེམས་སྙིང་རྗེའི་རང་གཟིགས་འགྲོ་བ་ཡོངས་ཀྱི་སྤྱི་དཔལ་དུ་ཤར་བ་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྒྱལ་ཚབ་དམ་པ་མངའ་བ་ཆེན་པོ ༧གནས་བཞི་གྲུབ་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སྐུ་ཕྲེང་ལྔ་བ་ཆོས་དབྱངས་རང་བྱུང་རྡོ་རྗེ་དཔལ་བཟང་པོའི་ཞལ་སྔ་ནས། སྔ་བཞུག་ཏུ་སློབ་དཔོན་རིན་པོ་ཆེའི་ཚོགས་མཆོད་སུམ་ཁྲི་བརྒྱད་སྟོང་གི་བཀའ་དྲིན་བསྩལ་བའི་བྱིན་གྱིས་རླབས་ཞིང་ཚེ་དབང་སོགས་བཀའ་ཆོས་མང་པོར་གསན་ཞིང་། དབང་ལུང་ཐོབ་པ་སོགས་གངས་ཅན་སྐྱེས་མཆོག་དམ་པ་རྣམས་ཀྱིས་ཆོས་འཁོར་རྒྱ་ཆེར་བསྐོར་བའི་བྱིན་རླབས་དང་དངོས་གྲུབ་རྟག་ཏུ་འབྱུང་པའི་རྫོགས་ལྡན་གྱི་དཔལ་ལ་རོལ་བར་གྱུར། གཞན་ཡང་མདོ་སྨད་གསེར་ལྗོངས་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་རྒྱ་ལོའི་སྨོན་ལམ་ཆེན་མོའི་དཔལ་ལ་རོལ་བའི་སྐབས་དང་བསྟུན་ཏེ། ཆོས་སྡེ་ཆེན་པོ་འདིར་ལོ་ངོ་བཅུ་ཕྲག་རིང་ལ་བཀའ་དྲིན་བླ་མེད་བསྐྱངས་པའི་གསེར་ཁྲི་རིན་པོ་ཆེ་མཁན་ཆེན་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་བླ་ན་མེད་པའི་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ ༧ཨ་ལགས་ཁ་སོ་བློ་བཟང་འཇིགས་མེད་འཕྲིན་ལས་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་བཀའ་ཆོས་ཡོངས་སུ་བསྩལ་བ་སོགས་ལ་གསན་པའི་བསྐལ་བ་ཡག་པོ་ལྡན་ཞིང་། སྔོན་མཇུག་ཏུ་གངས་ལྗོངས་ཆོས་སྡེ་ཆེན་པོ་བཅུ་ཕྲག་དུ་མས་ཆོས་སྟོན་ཆེ་མ་ཆུང་གསུམ་དག་ལ་དམིགས་བསལ་དུ་གདན་འདྲེན་བྱས་པ་ལྟར་རེ་རེར་བཞིན་སླེབས་ནས་དཀར་པོ་ཆོས་ཀྱི་བདུད་རྩིས་ཚིམ་པར་བཛད་ཅིང་། རང་གི་སེམས་པའི་རྒྱུད་ལ་དམ་པའི་ཆོས་ཀྱི་སྒོ་མོ་ཡུན་གྱིས་ཕྱེས་ཤིང་དགེ་བའི་སོན་བཟང་ཞོར་དུ་འཁྲུངས་པ་དང་བཅས་སོ།། 

            མཚན་ལྡན་སྙན་ངག་མཁན་པོ་མ་ཡིན་ཀྱང་།།

              རྒྱ་བོད་ལྗགས་རྩོམ་རིག་པའི་གཞུང་ལ་སྦྱངས།།

              ལོ་རྒྱུས་སྙན་རྩོམ་རྣམ་ཐར་སྣ་ཚོགས་བརྩམས།།

              མ་ཡུམ་གངས་ལྗོངས་ཡུལ་ལ་ལེགས་སྐྱེས་ཕུལ།།

      ལོ་ངོ་སུམ་བཅུ་ལྷག་གི་རིང་ལ་རང་རེའི་རྒྱལ་ཁབ་ཆེན་པོའི་སྲིད་ཕྱོགས་ལས་དོན་གཞོལ་བའི་ཞོར་དུརོང་བོ་ལྷ་རྒྱལ་དཔལ་གྱིས་མཛད་པའི་ལྗགས་རྩོམ་ཁག་གི་དཀར་ཆགཅེས་པ་བཞིན་ལྗགས་རྩོམ་དེབ་ཐེར་དང་། མི་རིགས་ཆོས་ལུགས། ལོ་རྒྱུས་དཔྱད་ཡིག་སོགས་དུམ་པ་སུམ་ཅུ་རྩ་གྲངས་བརྩམས་ནས་པར་དུ་བསྐྲུན་ཞིང་། གངས་ལྗོངས་ཡུལ་གྱི་དུས་དེབ་སྣ་ཚོགས་ཏེ། བོད་ལྗོངས་ཞིབ་འཇུག༽ཞེས་བྱ་བ་དང་། ༼རི་བོ་ཉི་ཟླ༽ཞེས་བྱ་བ། ༼ཁྲི་གཤོག་རྒྱལ་མོཞེས་བྱ་བ་སོགས་ཀྱི་སྟེང་དུ་བཀོལ་མྱོང་བ་མ་ཟད། ཡོངས་རྫོགས་མེས་རྒྱལ་གྱི་རིག་གནས་བང་མཛོད་ཆེན་པོར་ལེགས་སྐྱེས་སུ་ཕུལ་ཏེ། འབྲེལ་ཡོད་སྡེ་ཁག་གིས་ཀྱང་གཟེངས་བསྟོད་དཔང་རྟགས་གང་མང་གནང་ཡོད་པ་སྟེ། ཐོག་མརབྲག་དཀར་སྤྲེལ་རྫོང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་གདན་རབས་དད་པའི་འདབ་སྟོང་བཞད་པའི་ཉིན་བྱེདཅེས་བྱ་བ་བརྩམས་ནས། བོད་ལྗོངས་ཞིབ་འཇུགཅེས་བྱ་བ ༡༩༩༠ལོའི་དུས་དེབ་བཞི་བའི་སྟེང་དུ་བཀོལ་བ་དང་། སྐྱབས་རྗེ་རེབ་གོང་སྐུ་གཞོགས་ཆེན་མོ་ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཚང་གི་རྣམ་པར་ཐར་བ་ཀུན་བཟང་མཆོད་པའི་སྤྲིན་སྤུངསཞེས་བྱ་བ་བརྩམས་ནསམཚོ་སྔོན་རིག་གནས་ལོ་རྒྱུས་ཕྱོགས་བསྒྲིགསཞེས་བྱ་བའི་དེབ་བཅོ་བརྒྱད་པའི་སྟེང་དུ་བཀོལ།  རྨ་ཡུལ་རོང་བོ་བློན་ཆོས་ཀྱི་གདུང་རབས་དོན་ལྡན་ཚངས་པའི་སྒྲ་དབྱངསཞེས་བྱ་བ་བརྩམས་ནས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་དེབ་གྲངས་བཞི་སྟོང་ལྷག་ཙམ་འགྲེམ་སྤེལ་བྱས་ཤིང་། རང་གི་གཅེས་སུ་རུང་བའི་ཕ་ཡུལ་ཕྱོགས་སུ་ཁྱིམ་གྲངས་རེ་ནས་དེབ་གྲངས་རེ་བླུས་ནས་ཉར་ཚེགས་བྱས། བོང་སྟག་ཆུ་ཁོལ་དགོན་པད་མ་མདོ་སྔགས་གླིང་གི་ལོ་རྒྱུས་རགས་བསྡུས་མཆོད་སྤྲིན་ལྷ་མོའི་ཕྱག་རྒྱཞེས་བྱ་བ་བརྩམས་ནས། མཚོ་ལྷོ་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུསཞེས་བྱ་བའི་ནང་དུ་བཀོལ། ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གི་ལོ་རྒྱུས་ཤིན་ཏུ་བསྡུས་པ་ཡིད་འོང་བདུད་རྩིའི་ཟེགས་མཞེས་བྱ་བ་བརྩམས་ནས་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གིས་བསྒྲིགས་པའི༼གངས་ལྗོངས་མདོ་སྨད་བོད་བརྒྱུད་ནང་བསྟན་དགོན་པཞེས་བྱ་བའི་ནང་དུ་བཀོལ། ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ལོ་རྒྱུས་བྱུང་བ་ངོ་མཚར་པདྨའི་དགའ་ཚལཞེས་བྱ་བ་བརྩམས་ནས་མཚོ་སྔོན་ནང་བསྟན་མཐུན་ཚོགས་ཞིབ་འཇུག་ཁང་གིས་བསྒྲིགས་པའིསྔགས་མང་དཔེ་ཚོགསསྟེང་དུ་བཀོལ། སྐྱབས་གཅིག་འགྲོ་བའི་མགོན་པོ་དཔལ་ལྡན་བླ་མ་སིངྔྷི་སྤྲུལ་བའི་སྐུ་གཞན་ཕན་བདེ་བའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་བ་འདོད་འཇོ་ནོར་བུའི་འཁྲི་ཤིངཞེས་བྱ་བ་བརྩམས་ནས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་དེབ་གྲངས་ཉིས་སྟོང་ལྷག་ཙམ་འགྲེམ་སྤེལ་བྱས། མཚོ་སྔོན་བདུད་ཤུལ་འརྗམ་ལུང་དགོན་བསམ་གཏན་ཉམས་དགའི་དབེན་གནས་ཀྱི་གདན་རབས་བྱུང་བ་ཚངས་སྲས་བཞད་པའི་གླུ་དབྱངསཞེས་བྱ་བ་བརྩམས་ནས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་དེབ་གྲངས་ཉིས་སྟོང་ལྷག་ཙམ་འགྲེམ་སྤེལ་བྱས། གངས་ལྗོངས་མདོ་སྨད་གནས་མཆོག་གསུམ་གྱི་གནས་ཡིག་ཕྱོགས་བསྒྲིགས་རྫོགས་ལྡན་འཕྲུལ་གྱི་མེ་ལོངཞེས་བྱ་བ་བརྩམས་ནས་ཞང་ཀང་ཅང་ཤེས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ། སྔ་གཞུག་ཏུ་པར་ཐེངས་གཉིས་ལ་དེབ་གྲངས་བཞི་སྟོང་ལྷག་ཙམ་འགྲེམ་སྤེལ་བྱས་ཤིང་། དེའི་ནང་ལ་རང་གི་བརྩམས་ཆོསགངས་ལྗོངས་བླ་རི་རྨ་རྒྱལ་སྦོམ་རའི་གནས་ཀྱི་བཀོད་པ་མདོར་བསྡུས་གངས་སེང་དཀར་མོའི་གཟི་དཔལཞེས་བྱ་བ་དང་། དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་གནས་ཡིག་ཤེལ་དཀར་ཕྲེང་བ་ངོ་མཚར་ལྷ་ཡི་རོལ་དབྱངསཞེས་བྱ་བ་དང་། གངས་ཅན་བླ་མཚོ་ཁྲི་ཤོར་རྒྱལ་མོའི་གནས་ཡིག་བཻཌཱུརྱ་སྔོན་མོའི་ཕྲེང་རྒྱནཞེས་བྱ་བ། མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་གནས་ཀྱི་བཀོད་པ་རགས་བསྡུས་དད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུཞེས་བྱ་བ་སོགས་ཀྱང་དམིགས་སུ་བཀར་ནས་བཀོད་པར་འདུག ཕྱིས་སུ་འཛམ་གླིང་གི་གསེར་གྱི་རྟགས་མ་ཐོབ་མཁན། རྒྱལ་ཁབ་རིམ་པའི་གསོ་རིག་མཁས་པའི་དབང་པོ། སྨན་པ་འབུམ་རམས་པ་ཀ་ཀྱཱའི་རིག་རྡོ་དང་། སྨན་པ་འབུམ་རམས་པ་སྒོ་མེ་བནྡེ་མཁར། སྨན་པ་འབུམ་རམས་པ་ཨ་ཚོགས་རྡོ་རྗེ་རྒྱལ། སྨན་པ་རབས་འབྱམས་པ་ཤ་བྲང་དཀོན་མཆོག་ཚེ་རིང་། དྲུང་ཡིག་སྨན་པ་བཙན་ལོ། ཀ་ཀྱཱའི་སྨན་པ་རང་གྲོལ། ཤ་བྲང་སྨན་པ་ཀུན་ཏུ་བཟང་བོ། ཨ་ཚོགས་སྨན་པ་བན་འགྲོ། ལྷ་རྗེ་དགེ་ལེགས་རྒྱ་མཚོ་མཆོག་གི་སྲས་སྨན་པ་བློ་བཟང་དཔལ་ལྡན། ཤ་བྲང་སྨན་པ་བྱམས་པའི་སྲས་བསོད་ནམས་ཚེ་རིང་སོགས་ཀྱིས་བཀྲ་ཤིས་ལྷ་དར་དང་བཅས་པས་ནན་གྱིས་བསྐུལ་ངོརམཚོ་སྔོན་དཔལ་གཞོང་ཕྱུག་མོའི་ལྷ་རྗེ་སྙན་གྲགས་ཅན་སྐོར་ཞིག་གི་རྣམ་ཐར་བྱུང་བ་བཻཌཱུརྱ་སྔོན་མོའི་མཛེས་རྒྱནཞེས་བྱ་བ་བརྩམས་ནས་པར་དུ་བསྐྲུན་ཏེ། ཡོངས་རྫོགསམདོ་སྨད་གསོ་རིག་ཆོས་འབྱུངཞེས་བྱ་བའི་དེབ་ཐེར་ཆེན་པོའི་ནང་དུ་བཀོད་གྲབ་ཡོད་པར་མ་ཟད། དེབ་གྲངས་ཆིག་སྟོང་འགྲེམ་སྤེལ་བྱས་པ་དང་། ཁྱད་པར་དུ་དེབ་ཐེར་འདིའི་པར་བསྐྲུན་གྱི་རྟེན་འབྲེལ་བླ་ན་མེད་པ་མཚོན་ཕྱིར། སངས་རྒྱས་སྨན་བླའི་སྟོང་སྐུ་བཞེངས་པའི་སྐབས་སུ་སངས་རྒྱས་སྨན་ཀྱི་བླ་མ་བཻཌཱུརྱ་འོད་ཀྱི་རྒྱལ་པོས་སྐུ་དངོས་སུ་ཁོ་བོར་ངོ་མཚར་ཞལ་གཟིགས་གནང་ཞིང་ཞལ་གསུང་བརྗོད་པའི་ངོ་མཚར་རྟགས་འབྲས་ཐོབ་པ་སོགས་ཤིན་ཏུ་ལེགས་སོ།།

      གཞན་ཡང་རྨ་ཡུལ་རོང་བོ་བློན་ཆོས་ཕྱོགས་སུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཚུལ་སྐོར་ལ། སྔགས་སའི་མཚམས་ཐོག་གོང་མ་བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང་གི་གདན་རབསཞེས་བྱ་བ་དང་། རྒྱ་བཟའི་མཚམས་ཐོག་ཞོལ་མ་དགེ་ལྡན་བཤད་སྒྲུབ་རྣམ་པར་རྒྱལ་བའི་གླིང་གི་གདན་རབསཞེས་བྱ་བ། རྒྱ་བཟའི་བཀྲ་ཤིས་ཆོས་སྒང་གི་ལོ་རྒྱུས་མདོར་བསྡུསཞེས་བྱ་བ། ལོ་བའི་རྒྱལ་པོ་ཁྲི་སྟེང་པད་དཀར་ཆོས་སྡིངས་ཀྱི་ལོ་རྒྱུས་རགས་བསྡུསཞེས་བྱ་བ། སྒུར་རུ་དགོན་ཨ་ཏི་དར་རྒྱས་གླིང་གི་ལོ་རྒྱུསཞེས་བྱ་བ། སྒུར་རུ་དགོན་གསོ་རིག་བདེ་ལྡན་གླིང་གི་ལོ་རྒྱུས་བསྡུས་པཞེས་བྱ་བ། རྟ་བོ་གྱང་རིང་དགོན་པའི་ལོ་རྒྱུས་མདོར་བསྡུསཞེས་བྱ་བ། དམེ་གླང་དབུས་རི་ཕྱུག་མོ་དགོན་མདོ་སྔགས་ཆོས་འཁོར་གླིང་གི་ལོ་རྒྱུས་རགས་བསྡུསསོགས་བརྩམས་ཏེ། རྨ་ཡུལ་རོང་བློན་ཆོས་ཀྱི་གདུང་རབས་དོན་ལྡན་ཚངས་པའི་སྒྲ་དབྱངསཞེས་བྱ་བ་ལས་བཀོད་ཡོད་པ་དང་། རྨ་ཡུལ་རོང་བོ་བློན་ཆོས་ཀྱི་མཛེས་ལྗོངས་ཆགས་རིམ་རྒྱས་པར་བཤད་པ་གངས་སེང་དཀར་མོའི་རང་སྒྲཞེས་བྱ་བ། རྨ་ཡུལ་རོང་བོ་བློན་ཆོས་སུ་དར་བའི་ལབ་ཙེ་ཁག་བརྗོད་པ་སྡེ་བརྒྱད་དགྱེས་པའི་མཆོད་སྤྲིནཞེས་བྱ་བ། རོང་ཆེན་བསང་མཆོད་བསྐང་གསོལ་ཕྱོགས་བསྒྲིགས་རྒྱུན་མཁོའི་ཕྱག་ལེན་བདེ་ལེགས་ཉེར་འབྱུངཞེས་བྱ་བ། ཆོས་ལུང་ལྷ་རི་ཞལ་དཀརཞེས་བྱ་བ། དགེ་བསྙེན་རབ་གཟིགསཞེས་བྱ་བ། རྒྱ་བཟའི་ར་མོ་མཁར་དམརཞེས་བྱ་བ། གནས་རི་བཙུན་མོ་དམར་ཡག་མཞེས་བྱ་བ། བྲག་ཆོས་བརྩིགས་པོ་ཏི་རང་བྱོནཞེས་བྱ་བ། གནས་མཆོག་ལྷ་མོ་དྲེལཞེས་བྱ་བ། མགོན་པོ་གདོང་གི་གནས་སྒོཞེས་བྱ་བ། ༼གནས་མཆོག་མགོན་པོ་གདོང་དང་རྒྱལ་བའི་བཀའ་བསྟན་རྡོ་འབུམ་ཆེན་མོའི་དཀར་ཆག་དད་ལྡན་ཐར་ལམ་བསྐྱོད་པའི་གྲུ་གཟེངས༽ཞེས་བྱ་བ། འབྲོང་འཐུས་དུར་ཁྲོད་མཁའ་སྤྱོད་ཕོ་བྲངཞེས་བྱ་བ། ཆུ་དཀར་སྣའི་བདུད་འདུལ་མཆོད་རྟེནཞེས་བྱ་བ། ཐོ་ལེ་དགེ་བཤེས་ཆེན་མོའི་སྐུ་གདུང་མཆོད་རྟེནཞེས་བྱ་བ། རྒྱ་བཟའི་གྲུབ་ཐོབ་མཆོདབརྟེནཞེས་བྱ་བ། ཀ་ཀྱཱའི་རྡོར་སེམས་མཆོད་རྟེནཞེས་བྱ་བ། ༼བོང་སྟག་པད་མ་མདོ་སྔགས་གླིང་གི་རྡོ་རྗེ་སེམས་དཔའ་ཆེན་པོའི་མཆོད་རྟེནཞེས་བྱ་བ། འཕགས་པ་ཀུན་ཏུ་བཟང་པོའི་མཆོད་རྟེནཞེས་བྱ་བ། གསེར་ཟངས་ལས་གྲུབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྐུ་བཪྙན་ཆེན་མོ་འཛམ་གླིང་མཛེས་རྒྱན་མཐོང་བ་དོན་ལྡནཞེས་བྱ་བ་སོགས་དམངས་ཁྲོད་ངག་རྒྱུན་དང་དམངས་སྲོལ་རྩོམ་རིག་གི་སྐོར། ཟླ་རེའི་ཚེས་བཟང་དག་ལ་དགེ་སྡིག་གྲངས་འགྱུར་གྱི་ཕན་ཡོན་ངོ་སྤྲོད་བྱས་པ་དད་ལྡན་ཐར་ལམ་བསྐྱོད་པའི་ཤེས་བྱའི་ཟེགས་མཞེས་བྱ་བ། རོང་བོ་བློན་ཆོས་ཀྱི་ས་ཆར་བསྟོད་པ་པདྨ་དཀར་པོའི་མཛེས་རྒྱནཞེས་བྱ་བ་སོགསམཚོ་ལྷོའི་དམངས་ཁྲོད་ཀྱི་རིག་གནས་དཔེ་ཚོགསདེབ་ཐེར་བཅུ་ཕྲག་སྟེང་དུ་བཀོལ་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཤིང་། དུས་མཚུངས་སུརོང་ཆེན་བསླབ་བྱ་དྲང་སྲོང་ངག་གི་མགུར་དབྱངསཞེས་བྱ་བ་བརྩམས་ཏེ།རི་བོ་ཉི་ཟླཞེས་བྱ་བ ༢༠༠༥ ལོའི་སྤྱིའི་དེབ་གྲངས་བཅོ་ལྔའི་སྟེང་དུ་བཀོལ་ནས་པར་སྐྲུན་བྱས་པ་མ་ཟད། ༼ཞྭ་སེར་བསྟན་པའི་འབྱུང་གནས་སྔགས་སའི་མཚམས་ཐོག་གོང་མ་བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང་གི་གདན་རབས་བསྡུས་པ་དབྱངས་ཅན་ངག་གི་རོལ་མཚོཞེས་བྱ་བ་དང་། གནས་མཆོག་བྲག་དཀར་སྤྲེལ་རྫོང་གི་གནས་ཡིག་མུ་ཏིག་ཕྲེང་མཛེསཞེས་བྱ་བ་བརྩམས་ནས།  རྒྱ་དཔེམཚོ་སྔོན་དགོན་སྡེ་ལྷ་ཁང་དང་གནས་མཆོག་མཆོད་རྟེན་དཔེ་ཚོགསཞེས་བྱ་བའི་སྟེང་དུ་བཀོལ་ཏེ། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ནས་བཀྲམས། དེ་མིནདྲན་མགུར་ཁུ་བྱུག་སྔོན་མོའི་འགྱུར་ཁུགཞེས་བྱ་བ་སོགས་སྒྱུ་རྩལ་གྱི་སྐོར་དང་། ཡབ་རྗེ་རོང་ཆེན་ཀུན་དགའ་དོན་གྲུབ་ལྷ་རྗེ་བྲག་སྣ་པ་རིན་པོ་ཆེ་བྱོན་པའི་ལོ་རབས་སོགས་ལ་དཔྱད་པ་བློ་གསལ་མཁས་པའི་ལྡེ་མིགཅེས་བྱ་བ། རྨ་ཡུལ་རོང་བོ་བློན་ཆོས་རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཐོག་མ་སྟེ་གུར་མགོན་སྲས་མཆོག་ཐོག་འབེབས་སྐལ་ལོ་བྱོན་པའི་ལོ་རབས་སོགས་ལ་དཔྱད་པ་ཉམ་ཆུང་བོང་བུའི་མགྲིན་གླུཞེས་བྱ་བ་སོགས་ལོ་རྒྱུས་དཔྱད་རྩོམ་གྱི་སྐོར། རྩིས་གཞུང་ཡིད་བཞིན་ནོར་བུ་ཕྱོགས་བསྒྲིགས་རྒྱལ་བ་ཀུན་གྱི་བཀའ་ལུང་ཉེར་འབབཞེས་བྱ་བ་སོགས་རྩིས་གཞུང་གི་སྐོར་དང་། གསོ་རིག་མེ་ཁབ་རིག་པའི་ཁྲིད་ཡིག་བློ་གསལ་གཞོན་ནུའི་དངོས་བཀོལ་ལག་དེབཅེས་བྱ་བ། རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་རུས་མཛོད་བསྡུས་པ་ཁ་བ་དཀར་པོའི་མེ་ཏོགཞེས་བྱ་བ་སོགས་རིམ་བཞིན་བརྩམས་ནས་པར་སྐྲུན་བྱས་པས།  འདིར་ཡང་ཇི་སྐད་དུ་རྗེ་མི་ཕམ་མགོན་པོས་ཞལ་སྔ་ནས། སྔོན་ཚེ་སྦྱངས་པའི་བསོད་ནམས་ཀྱིས། །གཞུང་རྣམས་རྩེད་མོའི་ཞོར་ལ་ཤེས།  ཞེས་གསུངས་པ་བཞིན། མཚན་ལྡན་སྙན་ངག་མཁན་པོ་མ་ཡིན་ཀྱང་། །རྒྱ་བོད་ལྗགས་རྩོམ་རིག་པའི་གཞུང་ལ་སྦྱངས།  ད་དུང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གིས་རྩོམ་སྒྲིག་བྱས་པའི་ལོ་ངོ་དྲུག་བརྒྱ་ལྷག་གི་རིང་ལ་ཁ་བ་རི་བའི་ཡུལ་ལྗོངས་མདོ་སྨད་ས་ཡི་ཐིག་ལེ་ཞེས་བྱ་བ་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་མངའ་ཁོངས་སུ་གཏོགས་པའི་ནང་བསྟན་ཆོས་སྡེ་བདུན་བརྒྱ་དང་ལྔ་བཅུ་རྩ་གྲངས། དགེ་འདུན་པ་དྲུག་ཁྲི་ལྷག་ཙམ། བླ་སྤྲུལ་ཆིག་སྟོང་སུམ་བརྒྱར་ཉེ་བ་སོགསམདོ་སྨད་བོད་བརྒྱུད་ནང་བསྟན་དགོན་པཞེས་བྱ་བ་དང་། མཚོ་ལྷོའི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུསཞེས་བྱ་བ། མཚོ་ལྷོའི་རིག་གནས་ལོ་རྒྱུས་ཕྱོགས་བསྒྲིགསཞེས་བྱ་བ་སོགས་ཀྱི་དཔྱད་གཞི་འཚོལ་སྡུད་དང་། ལོ་ཙཱ། རྩོམ་སྒྲིག་བྱ་བ་སོགས་ལ་དངོས་སུ་ཞུགས་པའི་ལས་འགན་ཕྲེག་ཏུ་ཁུར་མྱོང་བ་དང་བཅས་གང་ལྟར་གྲུབ་འབྲས་ངེས་ཅན་བླངས་ཏེ། གངས་ལྗོངས་དམངས་ཁྲོད་རྩོམ་པ་པོ་ཞེས་པའི་མཚན་གྱིས་གཟེངས་སུ་བསྟད་ཅིང་། སྤྱི་ཚོགས་ཐོག་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་གནས་སུ་འདུག སྔ་ཕྱིར་ལྗགས་རྩོམ་སྣ་ཚོགས་དུམ་པ་སུམ་ཅུ་རྩ་གྲངས་བརྩམས་ནས། ཡོངས་རྫོགས་མེས་རྒྱལ་ལ་ཕུལ་བ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡིག་ཚང་ཅུའུ་དང་དཔེ་མཛོད་ཁང་སོགས་སུ་ཉར་ཚགས་བྱས་ཡོད་པ་མ་ཟད། རྒྱལ་ཁབ་དཔེ་མཛོད་ཁང་དང་། ཨ་རུའི་ཀི་ལོང་པིས་ཡ་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་སོགས་སུ་ཉར་ཚགས་བྱས་ཡོད་པས། འབྲེལ་ཡོད་སྡེ་ཁག་གིས་མཚན་སྙན་དཔང་རྟགས་ཀྱང་གང་མང་གནངས་ཡོད། རོང་ཆེན་གསང་རྣམ་རྟོགས་བརྗོད་རང་ཉམས་གང་ཤར་ཁུ་བྱུག་སྔོན་མོའི་མགྲིན་གླུཞེས་བྱ་བ་ཡང་རང་གི་མི་ཚེ་རིང་མོའི་ལོ་རྒྱུས་ཀྱི་ཟིན་ཐོ་ཁོ་ན་ཡིན་པས་པར་སྐྲུན་བྱས་ཟིན་པ་དང་། རོང་ཆེན་ལྷ་རྒྱལ་དཔལ་གྱི་གསུང་རྩོམ་ཕྱོགས་བསྒྲིགསཞེས་བྱ་བ་དེབ་དང་པོ་དང་། གཉིས་པ། གསུམ་པ་སོགས་ཀྱང་རིམ་བཞིན་པར་བསྐྲུན་བྱས་ཟིན་པ་དང་བྱེད་བཞིན་པའི་སྒང་ཡིན་ལ། རང་གི་ལྗགས་རྩོམ་ཕལ་མོ་ཆེ་ཞིགཀྲུང་གོའི་མི་རིགས་ཆོས་ལུགས་དྲ་ཚིགསཞེས་བྱ་བ། ཀྲུང་གོའི་བོད་ལྫོངས་ཞིབ་འཇུག་དྲ་ཚིགསཞེས་བྱ་བ། བོད་མིའི་རིག་གནས་དྲ་ཚིགསཞེས་བྱ་བ། མཚོ་སྔོན་པོ་དྲ་ཚིགསསོགས་བརྒྱུད་ནས་འཛམ་བུ་གླིང་གི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འགྲེམ་སྤེལ་བྱས་ཡོད་ཅིང་།  ཁྱད་པར་དུ་རྒྱ་ཡིག་གི་ལམ་ནས༼བོད་ཀྱི་རིག་གནས་ལོ་རྒྱུས་འཕེལ་རིམ་དཔེ་ཚོགས་ཕྱོགས་སྒྲིག༽དེབ་དང་པོ་ནས་བཅུ་བ་བསྒྲིགས་ནས་འཛམ་བུ་གླིང་ལ་ཁ་ཕྱོགས་ཏེ་ལེགས་སྐྱེས་སུ་ཕུལ་འདོད་པ་སྟེ། ༼རྒྱལ་བསྟན་གངས་རིའི་ལྗོངས་སུ་དར་བ་འོད་གསལ་ལྷ་ཡི་ཕོ་ཉཞེས་བྱ་བ། གངས་ཅན་བོད་ཀྱི་རྒྱལ་རབས་རིམ་བྱོན་གདོང་མར་བོད་པའི་དགའ་སྟོནཞེས་བྱ་བ། ༼གནའ་རབས་གངས་ཅན་མཁས་པའི་གཙུག་རྒྱན་རྣམ་པའི་རྣམ་ཐར༽ཞེས་བྱ་བ། གངས་ཅན་བོད་གྱི་གནས་རི་དང་བླ་མཚོ་སྣ་ཚོགས་ཤར་ཕྱོགས་གངས་རིའི་རྒྱན་ཆཞེས་བྱ་བ། གངས་ལྗོངས་ཆོས་སྡེ་ཆེན་པོ་དུ་མ་ངོ་སྤྲོད་རྒྱལ་བ་དགྱེས་པའི་མཆོད་པཞེས་བྱ་བ། ༼རྒྱལ་བ་པཎ་ཆེན་སྐུ་ཕྲེ་རིམ་བྱོན་གྱི་འཁྲུངས་རབས་ཕྱོགས་སྒྲིག༽ཞེས་བྱ་བ། གངས་ཅན་ནང་བསྟན་ཆོས་ལུགས་ཀྱི་ལྷ་སྐུའི་སྐོར་བརྗོད་པ་བློ་ལྡན་མཁས་པའི་ལྕགས་ཀྱུཞེས་བྱ་བ། གངས་ཅན་བོད་ཀྱི་ལོ་རྒྱུས་མི་སྣ་གྲགས་ཅན་རིམ་བྱོན་གངས་སེང་དཀར་མོའི་གཡུ་རལ་མངོན་པཞེས་བྱ་བ། གངས་ཅན་བོད་ཀྱི་དེང་རབས་སྲིད་ཕྱོགས་མི་སྣ་གྲགས་ཅན་དམར་ཡག་སྟག་མོའི་ལ་རྒྱཞེས་བྱ་བ། གངས་ཅན་བོད་ཀྱི་དམངས་སྲོལ་གོམས་གཤིས་ཕྱོགས་བསྒྲིགས་གཞོན་ནུ་དགའ་བའི་གླུ་དབྱངསཞེས་བྱ་བ་སོགས་ཀྱང་རིམ་བཞིན་འཛམ་གླིང་གི་དྲ་ཐོག་ཏུ་བཀོད་ཟིན་པའི་དཔེ་དེབ་བཅུ་པྲག་ལྷག་ཙམ་ཡོད་པ་མ་ཟད། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གདེང་འཇོག་གང་ལེགས་བྱས་ཏེ། རྒྱ་ཡིག་གི་དཔེ་དེབ་བཅུ་ཕྲག་ལེགས་སྒྲིག་བྱས་ནས་རིམ་བཞིན་པར་བསྐྲུན་བྱེད་དགོས་པར་སེམས་ཀྱང་རེ་ཞིག་ལེགས་འགྲུབ་མ་བྱུང་ཤིང་། དུས་མཚུངས་སུ་རང་རིགས་བོད་ཡིག་གི་ལམ་ནས༼གངས་ལྗོངས་ཞལ་འདོན་ཕྱོགས་བསྒྲིགས་བདེ་ལེགས་ཉེར་འབྱུང་འགྲོ་ཀུན་ཐར་ལམ་གཅོད་པའི་གྲུ་གཟེངས༽ཞེས་བྱ་བ། ༼གངས་ལྗོངས་དྲ་ངོས་ཀུན་ལས་བཏུས་པའི་རིག་གནས་ཤེས་བྱའི་རྣམ་གྲངས་སྐོར་ཞིག་ཕྱོགས་བསྒྲིགས་བྱས་པ་ཀུན་བཟང་མཆོད་པའི་སྤྲིན་ཕུངས༽ཞེས་བྱ་བ། ༼གངས་ལྗོངས་དགོན་སྡེ་ཁག་གི་མཚན་བྱང་རབ་དཀར་མུ་ཏིག་ནོར་བུའི་དོ་ཤལ༽ཞེས་བྱ་བ། ༼འགྲོ་བ་མིའི་རིགས་ཀྱི་ཐོག་མ་དང་བོད་མི་རིགས་སྐོར་གྱི་འཕེལ་རིམ་གླེང་བ༽ཞེས་བྱ་བ་སོགས་དེབ་ཐེར་དུ་མ་རྩོམ་བསྒྲིགས་བྱས་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འགྲེམ་སྤེལ་བྱས་ཏེ། མ་ཡུམ་གངས་ལྗོངས་ཡུལ་ལ་རང་གི་ཚེ་རབས་འདིར་བཀྲ་ཤིས་དར་དཀར་རིང་མོ་ཞིག་གི་ཚུལ་དུ་ལེགས་སྐྱེས་སུ་ཕུལ་བ་དང་། ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་ཀྱིས་མངགས་བཅོལ་དང་ལེན་བྱས་ཏེ། ཡོངས་འཛིན་འཚོལ་ཞིབ་འཇུག་སྒོའི་རིག་མཛོད་ལས་གཞིའི་དགོས་གཏུགས་ཀྱིས་གན་རྒྱ་བཞག་པ་ལྟར།༼འཛམ་གླིང་གི་མི་སྣ་གྲགས་ཅན་སྐོར་གྱི་རྣམ་ཐར་དྲང་སྲོང་དགྱེས་པའི་འབེལ་གཏམ༽ཞེས་བྱ་བ་ཡང་རྩོམ་བསྒྲིགས་བྱེད་བཞིན་པའི་སྒང་ཡིན་ལ་ད་རུང་ལོ་ངོ་དུ་མའི་དཀའ་བ་ཆེན་པོ་སྤྱད་དགོས་པ་མ་ཟད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་སྐབས་འདི་ལེགས་སོ།།

               རྒྱལ་ཁྲིམས་སྲིད་སྐྱོང་རིག་པའི་དོ་ར་ནས།།

                 བཅའ་ཁྲིམས་ལས་རིགས་ཁག་གི་མཁན་པོར་མཛད།།

                 འབྲོག་མིའི་རྩྭ་ཐང་སྟེང་གི་ཁྲིམས་མཁན་ཞེས།།

                 མཚན་སྙན་གྲགས་པའི་བ་དན་མཁའ་རུ་བསྒྲེངས།།

      བོད་ར་བྱུང་བཅུ་དྲུག་པའི་ཆུ་ཕོ་ཁྱི༡༩༨༢ལོ་ནས་བཟུང་བྲག་དཀར་་རྫོང་བཅའ་ཁྲིམས་ཇུས་འདྲི་ཁྲུའུ་ནས་ཁྲིམས་ལུགས་ཀྱི་བྱ་བ་ལས་མགོ་བརྩམས་ཏེ།ད་ལྟའི་བར་དུ་ཧ་ལམ་ལོ་ངོ་སུམ་ཅུ་སོ་བརྒྱད་རིང་ལ་སྲིད་ཁྲིམས་ཀྱི་བྱ་བར་ལྷོད་གཡེང་མེད་པར་རྒྱུན་འཁྱོངས་བྱས་ཤིང་། ཐམས་ཅད་ལྷན་སྐྱེས་ཀྱི་ཤེས་རབ་དང་།ལག་ལེན་གྱི་རྩལ་ལས་ཐོན་པའི་གྲུབ་འབྲས་མངོན་སུམ་བླངས་པ་དང་ལེན་བཞིན་བཆིས་ཤིང་། ཁྱད་པར་དུ་མཚོ་སྔོན་པོའི་གཡས་རུ་གཡོན་རུ།རྨ་ལུ་མའི་ཕར་རི་ཚུར་རི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁུངས་སུ་གསེར་ཆེན་རྫོང་དང་། མང་རྫོང་།  འབའ་རྫོང་།  བྲག་དཀར་རྫོང།  ཁྲི་ཀ་རྫོང་།  ཡང་ན་མགོ་ལོག  རྨ་ལྷོ།  མཚོ་བྱང་།  མཚོ་ནུབ།  མཚོ་ཤར།  ཟི་ལིང་གྲོང་ཁྱེར།  གོར་མོ་གྲོང་ཁྱེར།  བོད་ལྗོངས་ལྷ་ས་གྲོང་ཁྱེར་སོགས་ནས་གདན་དྲངས་པ་ལྟར། དམངས་ཁྲོད་ཀྱི་ཉེས་དོན་གྱོད་གཞི། རྩོད་དོན་གྱོད་གཞི། རྩྭ་སའི་རྩོད་གླེང་དང་། སྡེ་བའི་སྡེ་གྱོད། བཟའ་བའི་ནང་གྱོད་སོགས་གྲངས་ལས་འདས་པ་དང་ལེན་བྱས་ཤིང་སྒྲུབ་གཉེར་བྱས་པས།  མང་ཚོགས་ཁྲི་འབུམ་མང་པོས་དགའ་བསུ་ཐོབ་པ་དང་། རིམ་པ་ཁག་གི་སྲིད་ཕྱོགས་ནས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་། བཀྲ་ཤིས་དར་དཀར་རིང་མོ་རེ་རེ་བཞིན་ཁ་བ་དཀར་པོའི་མེ་ཏོག་གི་འདབ་མ་དོག་མོ་ས་ལ་ལྷབ་ལྷུབ་འབབ་བཞིན། རྒྱ་བོད་སོག་གསུམ་དང་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྐྱིད་སྡུག་དེ་རང་གི་བདེ་སྡུག་དུ་སེམས་ནས། གླང་ཆེན་སྨྱོན་པ་མཐོང་ན་ལམ་མི་བཞོལ་ཞིང་། གཤིན་རྗེ་ཆོས་རྒྱལ་མཐོང་ན་ཞྭ་མི་འཕུད་པའི་དཔེ་ལྟར། ཚུར་ཡོང་ན་གློག་དམར་གྱི་མེ་ལྕེ་མཆེད་ཅིང་། ཕར་སོང་ན་རླུང་ནག་གི་འཚུབ་མ་འཁོར་བ། རབ་བྱུང་གཅིག་གི་རིང་ལ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མཚོན་ཞིང་། རྒྱུ་འབྲས་དང་དྲང་བདེན་ཕྱོགས་སུ་བསྙེགས་པའི་མི་ཚེའི་ལམ་བུ་ཕྲ་མོ་ཉག་གཅིག་དེད་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་གཡུ་འབྲུག་སྟོང་གིས་ངར་སྐད་ལྡིར་ཞིང་། མཚན་སྙན་གྲགས་པའི་བ་དན་དཀར་པོ་ཨ་སྔོན་དབྱིངས་སུ་གཡོ་བ་དང་། བསིལ་ལྗོངས་ཁ་བ་ཅན་གྱི་ཡུལ་དུ་གཟི་མདངས་འཚེར་པའི་འཁོར་སྐར་འོད་ཅན་ཞིག་ཅེས་རིགས་སོ་སོའི་མི་སེར་ཁྲི་འབུམ་མང་པོས་བསྔགས་སྨོན་བྱེད་པའི་གཞི་རུ་གྱུར་ཏེ། སྤྲུལ་བའི་བྱང་ཆུབ་སེམས་དཔའ་དང་རྒྱལ་སྲས་ཀྱི་ཀུན་སློང་ཟབ་མོས་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་གཟིགས་ཤིང་བྱམས་སེམས་དྲིན་གྱིས་བསྐྱངས་པས། གསེར་ཁྲིར་མའང་གསོལ་ནས་ཆོས་ཀྱི་འཁོར་ལོ་སྐོར་བའི་སྐལ་བ་དང་གོ་སྐབས་མ་ལྡན་ཀྱང་།བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་འཕྲིན་ལས་རབ་ཏུ་རྒྱས་ཤིང་རྒྱས་བཞིན་པ་དང་། གཟི་བརྗིད་འོད་སྟོང་འབར་བའི་ཞབས་རྗེས་རི་མོ་རེ་རེ་བཞིན་སྐྲུན་ནས། ངོ་མཚར་ལྷ་མིའི་ལོངས་སྤྱོད་དང་གཉིས་སུ་མ་མཆིས་པར་ཐུགས་དགོངས་ཆེན་པོ་ནམ་མཁའ་ལྟ་བུ་ལ་མ་འོངས་པའི་འདུན་ལམ་རིང་མོའི་ཁེངས་ཤིང་། མེས་རྒྱལ་གྱི་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན་ལྡན་པའི་བསྐལ་བ་ཡག་པོ་རྫོགས་ལྡན་གྱི་དཔལ་ལ་རོལ་བའི་ལམ་བུ་ཕྲ་མོར་བསྙེགས་སོ།།

      འདིར་ཁྲིམས་ལུགས་རིག་པའི་གཞུང་ལུགས་དང་ཤེས་བྱ་ཕྲན་བུ་ཙམ་ལས་མེད་ནའང་ལག་ལེན་གྱི་བྱང་ཆ་སོགས་ཧ་ཅང་ཕུན་སུམ་ཚོགས་པར་འདུགདེ་བས་སྲིད་ཕྱོགས་སམ་སྒེར་ཕྱོགས་གང་ཡིན་རུང་ལོ་རེར་བཞིན་གྱོད་གཞི་བཅུ་ཕྲག་ཁ་ཤས་ལག་ལེན་དུ་བསྟར་ནས། ཉེས་དོན་གྱོད་གཞི་དང་། རྩོད་དོན་གྱོད་གཞི། རྩྭ་སའི་རྩོད་གླེང་། སྡེ་གྱོད་བཟའ་གྱོད་སོགས་དང་ལེན་བྱས་ནས་སྒྲུབ་བཞིན་འདུག་པ་མ་ཟད། རུལ་སུངས་ལ་ངོ་རྒོལ་དང་སྲིད་ཕྱོགས་ཀྱི་ཡི་གེ་ངོ་གཏུགས་བྱ་བ་སོགས་ཀྱང་མི་ཉུང་བ་ཞིག་བསྒྲུབས། དཔེར་ན ༡༩༨༢ ལོ་ནས་བཟུང་བྲག་དཀར་རྫོང་ཐང་ནག་ཤང་སྡེ་བ་ཞོལ་མའི་གྱོད་ཡ་མཱ་ཀོས་ལིང་སོགས་ཀྱིས་ཐུན་མོང་གི་ནགས་ཚལ་ལ་གཏོར་བརླག་བྱས་པའི་ཉེས་དོན་གྱོད་དོན་དང་། འབྲོང་འཐུས་ཤང་མི་རིགས་སྡེ་བའི་གྱོད་ཡ་ཡུམ་གྲུབ་ཐར་གྱིས་ཐུན་མོང་གི་རྒྱུ་ནོར་བཅོམ་བརླག་བྱས་པའི་ཉེས་དོན་གྱོད་དོན། དཔལ་ཁ་ཤང་སྒོ་མེ་ཆོས་རྗེ་སྡེ་བའི་གྱོད་ཡ་ཕུན་ཁོས་གཞན་གྱི་རྒྱུ་ནོར་བརྐུས་པའི་ཉེས་དོན་གྱོད་དོན། རི་ཕྱོར་སྡེ་བའི་གྱོད་ཡ་ཚེ་དཔག་སྐྱབས་ཀྱིས་བུད་མེད་ལ་བཙན་གཡེམ་བྱས་རྗེས་བསམ་བཞིན་དུ་མི་བསད་པའི་ཉེས་དོན་གྱོད་གཞི་སོགས་ལ་ཁྲིམས་རྩོད་པའི་དག་སེལ་གང་ལེགས་བྱས་ཏེ་ནག་ཉེས་ཇེ་ཡང་དུ་བཏང་མྱོང་ཞིང་གཞི་རིམ་དམངས་ཁྲོད་ཀྱི་གྱོད་གཞི་འདུམ་སྒྲིག་བྱས་པའི་སྐོར་ལའང་ལོ་རབས་བརྒྱད་ཅུ་བའི་དུས་འགོར་ང་རང་གིས་བྲག་དཀར་རྫོང་མི་དམངས་སྲིད་གཞུང་གི་ནང་དུ་བྱ་བ་ལས་བཞིན་ཡོད་པས། ༡༩༨༤ ལོའི་ཟླ༣པའི་ཚེས༡༦ཉིན་ལ་རྫོང་ལས་བྱེད་ཚན་ཁག་ཞིག་འབྲོང་འཐུས་ཞང་ལ་གྲོང་འབབ་བྱེད་དགོས་པར་བྱུང་པས། སྐབས་དེ་དང་བསྟུན་ནས་དམངས་ཁྲོད་ཀྱི་གྱོད་གཞི་སྣ་ཚོགས་འདུམ་སྒྲིག་གང་ལེགས་བྱས་ཏེ་ཐག་གཅོད་བྱས་པ་དང་སྔ་གཞུག་ཏུ་ཉེས་དོན་གྱོད་གཞི་དང་དམངས་དོན་གྱོད་གཞི་སྣ་ཚོགས་སྒྲུབ་གཉེར་བྱེད་པའི་མགོ་ཚུགས་སོ།།

      ཁྱད་པར་དུ་ལུས་འཁྱུར་ངལ་གསོ་བྱས་ནས་ཧ་ལམ་ལོ་ངོ་ཉི་ཤུའི་རིང་ལ་ལྡབ་འགྱུར་གྱི་སྒོ་ནས་རང་གི་ཤེས་བྱ་ཕྲན་བུ་བེད་སྤྱོད་བྱས་ཏེ་མི་དམངས་ལ་ཞབས་འདེགསཞུས་ཤིང་།༢༠༠༠ ལོའི་ཟླ་བ་བཅུ་གཉིས་པར་བྲག་དཀར་རྫོང་ཧང་གཞུང་ཤང་རི་རྒན་འབྲོག་དམངས་ཨུ་ཡོན་ལྷན་ཁང་གིས་བྲག་དཀར་རྫོང་མི་དམངས་སྲིད་གཞུང་གཏུགས་བཤེར་བྱས་ནས།རི་རྒན་རུ་ཁག་དང་མཚོ་སྔོན་ཞིང་ཆེན་དཔལ་ཁ་ལུག་རྒྱུད་ར་བའི་བར་རྩྭ་སའི་རྩོད་གླེང་ལ་མཚོ་ལྷོ་བོད་རིགས་རངང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་བྱེད་སྐབས་རང་གིས་མི་སེར་གྱི་ཚབ་བྱས་ཏེ་ཁྲིམས་རྩོད་པས་འགན་འཁྲི་བཞེས་ནས་མི་དམངས་ཀྱིས་རྫོང་དཔོན་གཏུགས་པའི་ཁྲིམས་ར་ནས་དག་སེལ་ཐེར་འདོན་བྱས་པ་ལྟར། རྩྭ་སའི་རྩོད་གླེང་འདིར་སྲིད་འཛིན་ཁྲིམས་གཅོད་འོས་འཚམས་བྱས་པས་མང་ཚོགས་ཡིད་ཚིམ་ཞིང་དགའ་བསུ་ཆེན་པོ་ཐོབ་པ་རེད།།

      དུས་མཚུངས་སུ༢༠༠༢ལོའི་ཟླ་བ་བཅུ་གཅིག་པར་མཚོ་སྔོན་ཞིང་ཆེན་མཚོ་ཤར་ལུག་རྒྱུད་ར་བའི་འགོ་ཁྲིད་ཁག་གིས་ཕྱུགས་རྫི་གཡུང་དྲུང་བྱམས་དང་རིན་ཆེན་རྒྱལ། ཟོན་ཐར་རྒྱལ།སྒྲོལ་མ་འབུམ། མགོན་པོ་རབ་བརྟན། ཁོན་ཐར། དགྲ་ལྷ་རྒྱལ། མགོན་ཐར་རྒྱལ། པད་མ་དབང་ཆེན་སོགས་ཀྱིས་མི་འཚོགས་བརྒྱབ་ནས་འཕྲོག་བཅོམ་དང་མི་འཚོགས་བརྒྱབ་ནས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བྱས་པའི་ཉེས་དོན་གྱོད་གཞིར་གསེར་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་བྱས་ཏེ་སྔ་དྲོའི་ཆུ་ཚོད་དགུ་ནས་དགུང་མོའི་ཆུ་ཚོད་བཅུའི་བར་དུ་ཁྲིམས་རྩོད་པ་བརྒྱད་དང་ལྷན་གཅིག་ཏུ་དག་སེལ་བྱས་པར་བརྟེན། བཙོན་མ་རྣམས་ལ་མ་ཉེས་ཁ་གཡོག་གི་ནག་ཉེས་མི་ཉུང་བ་ཞིག་རྩད་ཆོད་པས། མི་རེར་བཞིན་ཁྲིམས་ཐག་ཀྱང་ཡང་མོར་མི་གཅོད་ག་མེད་བྱུང་བ་རེད།།

     ༢༠༠༡ ལོའི་ཟླ་བ་བཅུ་བའི་ཚེས་ཉེར་གཅིག་ཉིན་གྱི་དགུང་མོར།འབྲོང་འཐུས་ཤང་མི་དམངས་སྲིད་གཞུང་གི་སྡོད་གནས་སུ་བྱུང་བའི་ཧོས་རིགས་ལུག་ཚོང་བ་མི་བཞིས་ས་དེའི་འབྲོག་པ་ལྷ་པོ་ཡི་བུ་པད་རྒྱལ་ལ་བསམ་བཞིན་དུ་རྨས་སྐྱོན་དྲག་པོ་བཏང་ནས། ཚད་རིམ་དགུའི་དབང་པོ་སྐྱོན་ཅན་དུ་བཏང་པའི་གྱོད་དོན་བཟོས་པ་མ་ཟད། ཕྱིའི་ཉིན་རྫོང་སྤྱི་བདེ་ལས་ཁུངས་ལ་སོང་ནས། པད་རྒྱ་སོགས་ཀྱིས་ཁོ་ཚོའི་ལག་གི་ལུག་ཉིས་བརྒྱ་དང་དམངས་སྒོར་ལྔ་ཁྲི། འཕྲུལ་རྟ་གཉིས་སོགས་ཧ་ལམ་སྒོར་ཆིག་འབུམ་ཆིག་ཁྲི་ལྷག་གི་འཕྲོག་བཅོམ་བྱས་པའི་དབང་གིས་རང་སྲུང་རྒོལ་ལན་བཏང་པ་ཡིན་ཞེས་གཡོ་ཐབས་བཀོལ་པས། རྫོང་ཡོངས་སུ་གྲགས་པའི་འབྲོག་བཅོམ་གྱི་གྱོད་གཞི་ཆེན་པོ་ཞིག་འུར་བྱུང་པས། སྤྱི་བདེ་ལས་ཁུངས་ཀྱིས་གནད་དོན་བྱུང་སར་རྟོགས་དཔྱོད་བྱས་མཐར་འཕྲོག་བཅོམ་གྱི་གནད་དོན་ཅི་ཡང་མ་རྙེད་མོད། འོན་ཀྱང་ཧོས་རིགས་ཚོང་བ་ལག་དམར་བཞི་བོས་སྤྱི་བདེ་ལས་ཁུངས་ལ་ནང་འདྲེས་བྱས་ཏེ། བསམ་བཞིན་དུ་རྨས་སྐྱོན་དྲག་པོ་བཏང་ནས་ཚད་རིམ་དགུའི་དབང་པོ་བོ་སྐྱོན་ཅན་དུ་བཏང་པའི་གྱོད་གཞི་བཟོས་པ་དེ་ནི་རྒྱུན་ལྡན་རང་སྲུང་བྱས་པ་རེད་ཅེས་ཧ་ལམ་ལོ་ངོ་གཉིས་རིང་ལ་གྱོད་གཞི་འགོར་འགྱིངས་སུ་བཞགདེ་ནས་གནོད་འཚེ་ཐེབ་མཁན་ལྷ་པོ་དང་པད་རྒྱལ་ཕ་བུ་གཉིས་ཀྱིས་རིམ་བཞིན་རྫོང་དང་། རང་སྐྱོང་ཁུལ།ཞིང་ཆེན། རྒྱལ་ཁབ་རིམ་པའི་ཏང་སྲིད་ལས་ཁུངས་ཁུངས་དང་། སྲིད་ཁྲིམས་ལས་ཁུངས།ཐ་ན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཧུའུ་ཅིན་ཐོ་ལགས་ལ་ཞུ་གཏུགས་བྱས་པར་བརྒྱུད། རིམ་པ་གོང་མའི་འགོ་ཁྲིད་རྣམ་པས་གྱོད་གཞི་འདིར་གཙིགས་འཛིན་གནང་སྟེ། བཀའ་ཤོག་མཆན་བཀོད་ཁང་སྐྱ་འབབ་འབབ་དང་། ཡིག་ཐོག་གཏུགས་ཡིག་རི་རབ་ལྟར་བརྩིགས་རུང་། དབང་ཤུགས་དང་རྒྱུ་ནོར་གྱི་བཟང་ངན་ཤོར་པས། རིམ་པ་བཞིན་དཔོན་པོས་དཔོན་པོ་བཀབ་པའི་གནས་སུ་རེ་ཞིག་ལྷུངས་ཤིང་། རྒན་པོ་ལྷ་པོ་ཕ་བུ་ཀྱང་ཡིད་ནག་ཆད་ནས་བསྡད་ནའང་རང་གིས་མུ་མཐུད་དུ་ཁ་བྱང་ལའཇིག་རྟེན་ཐོག་གི་རྒྱུ་འབྲས་གང་ན་མཆིས།།བཅའ་ཁྲིམས་ཐད་ཀྱི་བདེན་ལུགས་ག་ལ་འཚོལ།།ཞེས་ཡིག་ཆ་མང་པོ་སྤེལ་པས།ཧ་ལམ་བསྟུད་མར་ལོ་ངོ་དྲུག་གི་རིང་ལ་དམངས་ཀྱིས་དཔོན་གཏུགས་པའམ་མི་སེར་གྱིས་དཔོན་པོ་གཏུགས་པའི་གྱོད་གཞི་འདི་འགོར་འགྱིངས་སུ་སོང་རུང་། ༢༠༠༧ ལོའི་ཟླ་བ་དྲུག་པར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གསར་བ་བློ་མཐུན་ཆང་ཝིས་ལགས་ལ་ཡིག་ཐོག་གི་གཏུགས་བཤེར་བྱས་པ་བཞིན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐེན་གྱིས་མཆན་བཀོད་ཐུགས་ཁུར་གནང་བ་ལྟར། ཀྲུང་གུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བློ་མཐུན་པདྨ་རྡོ་རྗེ་སོགས་རིམ་པ་ཁག་གི་འགོ་ཁྲིད་རྣམས་ཀྱིས་གཙིགས་འཛིན་གནང་འོག་ཏུ། མི་དམངས་སྲིད་གཞུང་གིས་ཁ་གསབ་རོགས་དངུལ་སྒོར་མོ་ལྔ་ཁྲི་ཙམ་བཏང་ནས་གྱོད་དོན་འདི་ཞི་བར་འདུམས་ཞིང་མཇུག་མཐའི་རྒྱལ་ཁ་ཡོངས་སུ་བླངས་པ་རེད། སྲིད་ཁྲིམས་གྱི་བྱ་བ་འདི་དང་འདི་ལྟ་བུ་གྲངས་ལས་འདས། ཁྱད་པར་དུ་མང་ཚོགས་ཀྱི་ཚབ་ཏུ་སྲིད་འཛིན་ཕྱོགས་ཀྱི་ཡིག་ཆ་སོགས་གང་མང་བྲིས་ཏེ།མི་རིགས་སློབ་གསོ་དང་། དཔལ་འབྱོར་འཛུགས་སྐྲུན། མང་ཚོགས་ཀྱི་འཚོ་བའི་བདེ་སྡུགདཀའ་ངལ་སྣ་ཚོགས་ཀྱང་ཡིག་ཐོག་ཏུ་བཀོད་ནས། ཏང་དང་སྲིད་གཞུང་གི་གོང་རིམ་འབྲེལ་ཡོད་ལས་ཁུངས་ལ་ཕུལ་ནས་ཐག་གཅོད་བྱེད་པར་མང་ཚོགས་ལ་སྟབས་བདེ་གང་ལེགས་བཟོས་ཤིང་། ཕན་འབྲས་འོས་འཚམས་ཐོན་བཞིན་འདུག།

      བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་བྱི་བ ༢༠༠༨ ལོ་ནས་བཟུང་སྟེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁེ་ལས་སྡེ་ཁག་མི་ཉུང་ཞིག་གིས་བཅའ་ཁྲིམས་ཇུས་འདོན་དཔོན་ལ་བཀུར་ཏེ། འགན་འཁྲི་གཅིག་ལྕོགས་ཀྱིས་བྱ་བ་བསྒྲུབས་དགོས་པར་བྱུང་བ་མ་ཟད་གྲུབ་འབྲས་ཀྱང་མངོན་སུམ་བླངས། ཁྱད་པར་དུ་སྤྱི་ཚོགས་ཚན་རིག་སོགས་ལ་ཞིབ་འཇུག་དང་།  བོད་རྒྱུད་ནང་བསྟན་ཆོས་ལུགས་རིག་པ། བཅའ་ཁྲིམས་རིག་པ། གསོ་བ་རིག་པ།བོད་ལུགས་གསོ་རིག ནུབ་ལུག་གསོ་རིག ཀྲུང་ལུགས་གསོ་རིག སྐད་གཉིས་སྨྲ་བའི་ལོ་ཙཱ། རིག་གནས་ལོ་རྒྱུས་རྩོམ་སྒྲིགབརྙན་པར་ཞིབ་འཇུག སྒྲ་སྡུད་འཕྲུལ་ཆས་ལག་རྩལ་སོགས་ལ་འབད་འབུངས་ལྷོད་མེད་བྱས་ཏེ། རིག་པའི་དཔའ་བོ་འམ་མཁས་པའི་དབང་པོ་ཞེས་མཚན་སྙན་བླངས་མ་མྱོང་ཀྱང་སྣ་ཚོགས་ལྷན་སྐྱེས་ཀྱི་ཤེས་རབ་དང་ལག་ལེན་གྱི་རྩལ་ལས་ཐོན་པའི་གྲུབ་འབྲས་མངོན་སུམ་བླངས་པ་དང་ལེན་བཞིན་བཆིས་ཤིང་། རང་གི་གམ་དུ་སེམས་ཅན་གྱི་སྐྱིད་སྡུག་སྣ་ཚོགས་ཞུ་བར་ཡོང་པའི་རྒྱ་བོད་སོག་གསུམ་སོགས་རིགས་སོ་སོའི་མང་ཚོགས་ཁྲི་མ་འབུམ་མང་པོས་དགའ་བསུ་ཐོབ་ཅིང་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བཞིན་འདུག།

      དཔེར་ན ༡༩༩༨ ལོར་མཚོ་ནུབ་ཁུལ་དུར་ལམ་རྫོང་རྒུ་རུ་དགོན་གསོ་རིག་བདེ་ལྡན་གླིང་ལ་ས་གནས་རང་གི་དཔོན་པོ་ཁ་ཤས་ཞིག་གིས་དབང་ཆ་བེད་སྤྱད་ནས། དགོན་པའི་ཆོས་སྒོ་གཏད་ཅིང་དགེ་འདུན་པ་རྣམས་རང་ཡུལ་དུ་མངགས། ལྷ་རྟེན་ཆོས་གསུམ་སོགས་ཀྱང་ལྷ་ཁང་ལས་ཕྱིར་བྱུང་སྟེ་སྦྱིན་བདག་མང་ཚོགས་རང་གིས་ཁྱེར་ཤིག་ཅེས་ཐུན་མོང་མ་ཡིན་པའི་གནད་དོན་འབྱུང་པས་རང་གིས་ཞིང་ཆེན་ཏང་ཨུ་སོགས་འབྲེལ་ཡོད་ལས་ཁུངས་ལ་ཞུ་འབུལ་ཡི་གེ་བྲིས་པར་བརྟེན་ཆོས་སྡེ་འདིའི་ཆོས་སྒོ་སླར་ཡང་ཕྱེས་ཏེ་ཆོས་དད་མང་ཚོགས་ལ་ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཡང་བསྐྱར་དངོས་འབབ་བྱས། མདོར་ན་འབྲོག་པའི་རྩྭ་ཐང་སྟེང་གི་ཁྲིམས་རྩོད་མཁན་ཞེས་མཚན་སྙན་གྲགས་པའི་བ་དན་བསྒྲེངས། ལོ་རེར་བཞིན་མང་ཚོགས་ཀྱི་ཚབ་བྱས་ཏེ་བྲིས་པའི་སྲིད་ཁྲིམས་དང་། སྲིད་འཛིན་ཡིག་ཆ་སྣ་ཚོགས་སྣ་ཁ་རེ་ཉར་ཚེགས་བྱས་ན་ལོ་མཇུག་ཏུ་དེབ་ཐེར་ཆེན་པོ་གཅིག་རེ་ངེས་པར་འདུག།     

       ཡང༢༠༠༢ལོའི་ཟླ་བ་བཞི་བར་ཁ་བྱང་ལ་རྩྭ་ཐང་གི་སྐྱེ་དངོས་ཁོར་ཡུག་ལ་གཏོར་བརླག་ཚབ་ཆེན་ཐེབ་པས། འབྲོག་པ་མང་ཚོགས་ཀྱི་ཁུར་བོ་ལྗིད་དྲགས་འདུག་ཅེས་པའི་ཡིག་ཆ་ལས་བྲག་དཀར་རྫོང་གིས་འབྲོང་འཐུས། ལུང་བཟང་། བུན་ཆོན་སོགས་ལྷོ་ཁུལ་ཤང་གསུམ་ལ་དབྱར་རྩྭ་དགུན་འབུའི་སྒོ་འབྱེད་ས་ཁུལ་དུ་ཁ་གཡར་ནས་ཆེད་ཐོན་གྲོན་དངུལ་དམངས་སྒོར་ས་ཡ་གསུམ་གྱི་འགན་ཁུར་བཞགཅིང་། འབྲོག་པ་མང་ཚོགས་ཀྱི་ཁུར་བོ་ལྗིད་དྲགས་སུ་བཏང་པས་མང་ཚོགས་ཀྱིས་སྡུག་བསྔལ་བཏོན་པ་ལྟར་ཡིག་འབྲུ་ཧ་ལམ་བཞི་སྟོང་ལྷག་ཙམ་བྲིས་ཏེ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་དམངས་སྲིད་གཞུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཀྲུང་དབྱང་བརྙན་འཕྲིན་ཁང་གནད་འགག་གླེང་སྟེགས་ལེ་ཚན་སོགས་ལ་ཞུ་འབུལ་བཏང་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་ཀྲུའུ་རོང་ཅི་མཆོག་ལ་རང་གི་མིང་ཐོག་ནས་དངོས་སུ་ཡར་ཞུ་ལྟར། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་རྣམས་དངོས་སུ་གནད་དོན་ལ་ཞིབ་འཇུག་གནང་པར་ཕེབས་ཤིང་། རིམ་པ་ཁག་གི་འབྲེལ་ཡོད་འགོ་ཁྲིད་རྣམ་པས་གཙུག་འཛིན་དང་ཐུགས་ཁུར་གནང་འོག་ཏུ། མང་ཚོགས་ལ་ཧ་ལམ་ཆེད་ཐོན་གྲོན་དངུལ་ས་ཡ་གཅིག་དང་ལྔ་འབུམ་ཙམ་ཕྱིར་མང་ཚོགས་ལ་སྤྲད་ཅིང་ཁྲལ་རིགས་སྣ་ཚོགས་ཀྱང་རིམ་བཞིན་ཇེ་ཉུང་བཏངས།།

       ཁྱད་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས ༢༠༠༤ ལོའི་ཞིང་ལས་དཔྱད་ཁྲལ་བཅོས་བསྒྱུར་ཚོད་ལྟའི་བྱ་བ་ལེགས་སྒྲུབ་ཟབ་མོ་བྱེད་དགོས་པའི་སྐོར་གྱི་བརྡ་སྦྱོར་ཡིག་ཆ་ལྟར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལོ་དེ་ནས་བཟུང་སྟེ་ཞིང་ཆེན་ཡོངས་ཀྱི་ཆེད་ཐོན་དཔྱ་ཁྲལ་མེད་པར་བྱས་ཤིང་། ས་ཁུལ་མང་ཤས་ཞིག་གི་ཞིང་ཕྱུགས་ལས་དཔྱ་ཁྲལ་མེད་པར་བྱས་པ་དང་། ༢༠༠༦ ལོ་ནས་བཟུང་རྒྱལ་ཡོངས་སུ་ཞིང་ཕྱུགས་ལས་དཔྱ་ཁྲལ་མེད་པར་བྱས་པའི་སྲིད་ཇུས་ཡག་པོའི་གོ་སྐབས་དང་འཕྲད་ཅིང་། རྒྱལ་རབས་ནས་རྒྱལ་རབས་རིང་ལ་བྱུང་མ་མྱོང་པའི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་འདི་ལ་རྒྱལ་ཡོངས་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ། གཞན་ཡང་ལོ་དེའི་ཟླ་བ་བཅུ་གཉིས་པར་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་གསེར་གཞོང་སྡེ་བའི་ཏང་ཀྲི་པུའུ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རེ་བ་བཅོལ་བ་བཞིན་སྡེ་བ་འདིའི་དུས་རབས་བཅུ་དགུའི་ལོ་རབས་དྲུག་ཅུའི་ནང་ལ་སྔ་བཞུག་ཏུ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཚོ་སྔོན་ཞིང་ཆེན་རྐང་དམག་སྨན་ཁང་བཞི་བ་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཡན་ལག་དམག་ཁུལ་གཉིས་ལ་ས་ཞིང་མུའུ་ཉིས་སྟོང་བརྒྱད་བརྒྱ་གཡར་བ་ད་ལྟའི་བར་དུ་ཕྱིར་མ་ལོན་པས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལྟར་ས་ཞིང་ཕྱིར་ལེན་རོགས་བྱེད་པའི་རེ་བ་ཞུས། དེ་མ་ཐག་ཏུ་རང་གི་ས་གནས་མང་ཚོགས་ལ་རོགས་རམ་དང་བཅིངས་འགྲོལ་དམག་ལ་ཤོར་བའི་ས་ཞིང་འདི་ཕྱིར་ལེན་པའི་ལས་འགན་ལྷུར་བཞེས་བྱས་ནས།  རིམ་བཞིན་དུ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལན་ཀྲུ་དམག་ཁུལ་སོགས་ལ་ས་ཞིང་འདིའི་ཤུལ་ལུས་གནད་དོན་མྱུར་བ་མྱུར་དུ་ཐག་གཅོད་བྱེད་དགོས་པའི་སྙན་སེང་ཕུལ་པ་མ་ཟད། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཚོ་སྔོན་ཞིང་ཆེན་རྐང་དམག་སྨན་ཁང་བཞི་བ་སོགས་ལ་དངོས་སུ་ཐེངས་མང་པོ་སོང་སྟེ་དམག་དཔོན་རྣམས་ལ་གནས་ལུགས་ཞུས་པས། རིམ་པ་གོང་མས་གཙིགས་འཛིན་དང་དོ་སྣང་ཆེན་པོ་གནང་སྟེ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལན་ཀྲུ་དམག་ཁུལ་གྱིས་ཆོག་མཆན་བཀོད་པ་ལྟར། ༢༠༠༧ ལོའི་ཟླ་བ་དྲུག་པའི་ཚེས་བཅུ་དྲུག་ཉིན་ལ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཚོ་སྔོན་ཞིང་ཆེན་རྐདམག་སྨན་ཁང་བཞི་བས་བདག་བཟུང་བྱས་པའི་ས་ཞིང་མུའུ་ཉིས་སྟོང་ཡོད་པ་དེ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཡན་ལག་དམག་ཁུལ་ལ་སྤྲད་ཅིང་། མཚོ་ལྷོ་ཡན་ལག་དམག་ཁུལ་གྱིས་ཀྱང་བདག་བཟུང་བྱས་པའི་ས་ཞིང་མུའུ་བརྒྱད་བརྒྱ་སྟེ། བསྡོམས་པས་ས་ཞིང་མུའུ་ཉིས་སྟོང་བརྒྱད་བརྒྱ་དེ་ཡོངས་སུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ལ་སྤྲོད་པའི་འགྲོ་ལུགས་ལྟར།ས་གནས་ཁག་གི་མང་ཚོགས་ལ་རང་གི་ས་ཞིང་ཕྱིར་ཐོབ་པ་མ་ཟད་ལོ་འགའི་རིང་ལ་རྨོ་བསྐྱུར་ནག་འདེབས་ཀྱི་རྣམ་གྲངས་ཁ་གསབ་མ་དངུལ་ཧ་ལམ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་དྲུག་བརྒྱད་འབུམ་བརྒྱད་ཁྲིའི་ཡོང་སྒོ་དེ་ཡང་དོན་མེད་གཞན་ལག་ཏུ་ཤོར་བ་མི་དམངས་མང་ཚོགས་ལ་དབང་བར་བྱས།  ཁུལ་དཔོན་ཀུན་བཟང་རྒྱལ་སོགས་འགོ་ཁྲིད་རྣམ་པས་བསྟོད་བསྔགས་དང་དགའ་བསུ་ཆེན་པོ་ཐོབ།།

      ༢༠༠༩ ལོའི་ཟླ་བ་གསུམ་པར་རང་གི་ཕ་ཡུལ་ཏེ།  འབྲོང་འཐུས་ཤང་སྟག་ཐང་སྡེ་བའི་སེར་འགོག་དང་།  དམེ་བོ། གླང་རྔ། བྱ་སྐོར་སོགས་ནང་མ་མཐུན་པར་ཐོག་མར་སྡེ་བའི་འགོ་ཁྲིད་འདེམས་བསྐོ་བྱ་བར་རྩོད་གཞི་ལངས་པ་དང་། ཕྱིས་སུ་གྱོད་སྣ་ཁ་མཆུ་བརྩད་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་རིག་འཛིན་ལ་བྱ་སྐོར་མ་ཅེ་སོགས་ནས་གཅར་རྡུང་དྲག་པོ་བྱས་ནས་རྨས་སྐྱོན་ཕོག་ཅིང་། དུས་མཚུངས་སུ་སེར་འགོག་དམ་ཆོས་སོགས་ཀྱིས་བྱ་སྐོར་ཚེ་དོ་དང་མཁར་རྩེ་གཉིས་ལ་འཇབ་རྒོད་བྱས་ཏེ་རྨས་སྐྱོན་ཚབ་ཆེན་ཕོག་པས། སྡེ་བའི་ནང་གི་འབྲེལ་བ་ཛ་དྲག་ཏུ་གྱུར། བྲག་དཀར་རྫོང་སྤྱི་བདེ་ཅུས་ཕན་ཚུན་གཉིས་ཀྱི་ལག་དམར་དྲུག་འཛིན་བཟུང་བྱས་ནས་བཙོན་ཏུ་བཅུག དེ་བས་སེར་འགོག་དངོས་གྲུབ་སོགས་རྒན་པ་རྣམས་ཀྱིས་ཆེད་དུ་གདན་དྲངས་པ་ལྟར་ཁོ་བོ་བྲག་དཀར་རྫོང་དུ་སོང་ནས་བཙོན་ཁང་དུ་བཅུག་ཡོད་པའི་དོ་ཟླ་དྲུག་པོ་ཕྱིར་བླངས། ཕན་ཚུན་ཕྱོགས་གཉིས་ལ་བཀའ་ཕབ་རང་བཞིན་གྱིས་གྱོད་གཞི་མནན་ཞིང་། དམངས་ཁྲོད་ཀྱི་ཆོས་གཟི་ལྟར་ཐག་གཅོད་བྱེད་པའི་གཟི་བ་དང་ཉི་ཆད་སོགས་བཀོད་སྒྲིག་སྟ་གོན་བྱས་པ་ལྟར། འབྲོང་འཐུས་གཞོང་ནས་གཞི་ཁ་བཟུང་སྟེ་དངོས་སུ་ཆོས་གཟི་བཤད་ནས་འཇུག་འབྲས་ཧ་ཅང་ཡག་པོ་ཐོབ། རྫོང་དང་ཤང་རིམ་པའི་ཏང་ཨུའི་དང་མི་དམངས་སྲིད་གཞུང་། སྤྱི་བདེ་ལས་ཁུངས་བཅས་ཀྱིས་གདེང་འཇོག་ཚད་མཐོན་པོ་དང་རང་གི་ལྷ་སྡེ་དཀར་པོས་ཀྱང་དགའ་བསུ་ཆེན་པོ་ཐོབ། ལོ་དེའི་ཟླ་བ་བཞི་བའི་ནང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་སྟོང་གི་མཛོ་རྒན་ར་བར་གྲོང་བརྡལ་བུས་རྒན་སྡེ་བའི་འབྲོག་པ་འཇིགས་ཁོ་དང་ཚེ་རིང་འཚོ་བཟའ་མི་གཉིས་ཀྱིས་བྲག་དཀར་རྫོང་གི་ཆུ་ཁོལ་ཁ་ནས་མགྲོན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་པའི་སྒང་ལ་བྲག་དཀར་རྫོང་སྤྱི་བདེ་ཅུའུ་ཆུ་ཁོལ་མངགས་གཏོང་ཁང་གི་ཉེན་རྟོགས་པ་སྐོར་ཞིག་གིས་རྒྱུ་མཚན་ཅི་ཡང་མེད་པར་གཅར་རྡུང་དྲག་པོ་བྱས་ནས.༢༧དོན་རྐྱེན་བཟོས། དེ་མ་ཐག་ཏུ་འབྲེལ་ཡོད་མི་བདག་གིས་གདན་དྲངས་པ་ལྟར་དངོས་སུ་ཞིང་ཆེན་མི་དམངས་སྨན་ཁང་དུ་སོང་ནས་རྨས་མ་ཚོས་གནས་ཚལ་ལ་རྟོགས་དཔྱོད་ཞིབ་འཇུག་བྱས་ཏེ། ཞིང་ཆེན་རིམ་པ་དང་། རང་སྐྱོང་ཁུལ་གཉིས། རྫོང་གཉིས་སོགས་འབྲེལ་ཡོད་སྡེ་ཁག་ལ་ཞུ་འབུལ་གསལ་བོ་བྱས་ནས། ཉེས་མེད་རྡུང་རྡེག་ཕོག་པའི་བཟའ་ཟླ་འདི་གཉིས་ལ་བྲག་དཀར་རྫོང་སྤྱི་བདེ་ཅུས་འཛུལ་བཤགས་སྒུར་གསུམ་བྱས་པ་མ་ཟད་དམངས་སྒོར་ཆིག་འབུམ་གྱི་སྨན་ཡོན་དང་སྲིད་འཛིན་ཆད་པ་སོགས་ཁུར་དུ་བཅུག།

      ༢༠༡༠ ལོའི་ཟླ་བ་དགུ་བར་བྲག་དཀར་རྫོང་ཆུ་ཁོལ་ཤང་གསེར་ཐང་སྡེ་བའི་མང་ཚོགས་སྐོར་ཞིག་ལྷ་ས་རུ་དབུས་མཇལ་སོང་ནས་ཕྱིར་ལམ་དུ་རླངས་འཁོར་ཆགས་སྒོ་བྱུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར་ཞིང་མི་བརྒྱད་ལ་རྨས་རྐྱོན་ལྗིད་མོ་ཕོག་པས། ཡང་ཁོ་ཚོའི་མི་བདག་གིས་གདན་དྲངས་པ་ལྟར་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཕྱིན་ནས་ཉིན་མོ་བཅོ་ལྔའི་རིང་ལ་འབད་བརྩོན་ལྷོད་མེད་བྱས་ཏེ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོགས་རུ་ཆེན་མཁར་ནུབ་རུ་ཁག་གིས་སྣེ་ལེན་དང་རྒྱབ་རོགས་ལེགས་པོ་བྱས་མཐར་གནོད་འཚེ་ཐེབ་མཁན་རྣམས་ལ་དཔལ་འབྱོར་ཁ་གསབ་དམངས་སྒོར་སུམ་འབུམ་བརྒྱད་ཁྲི་དངོས་འབབ་བྱས་པར་དོ་ཟླ་ཕན་ཚུན་གཉིས་ཀྱིས་འདེང་འཇོག་ཆེན་པོ་ཐོབ། འདི་དང་འདི་འདྲའི་བྱ་བ་འབོར་ཆེན་ཞིག་བསྒྲུབས་ཡོད་མོད། རེ་རེར་བཞིན་ཡིག་ཚོགས་ལ་འཛེམས་ནས་འདིར་མ་བཀོད་པ་དང་། གང་ལྟར་རང་ཉིད་ལས་འཁྱུར་ལལ་གསོ་བྱས་པ་ནས་བཟུང་སྟེ་རང་དང་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ཞེས་བྱ་བ་འདི་ནི་མི་དམངས་མང་ཚོགས་ཀྱིས་བློ་འཁེལ་ཞིང་མི་སེར་རྣམས་ཀྱིས་སྐྱིད་སྡུག་ཞུ་ས་སྟེ། སྒོ་བྱང་མེད་པའི་བཅའ་ཁྲིམས་ལས་རིགས་དོན་གཅོད་ཁང་དང་རྗེ་འབངས་མི་སེར་རྣམས་ཀྱི་ཡི་གེ་ངོ་གཏུགས་སྣེ་ལེན་ཁང་ཐོག་མར་གྱུར་འདུག་ཅེས་ཟེར་ནའང་ངོ་གནོང་མི་དགོས་པར་མ་ཟད། གདུལ་བྱ་དང་འཕྲིན་ལས་ཐམས་ཅད་སྔར་བས་ཀྱང་ལྡབ་འགྱུར་དུ་སོང་པས། ཏང་དང་མི་དམངས་སྲིད་གཞུང་ལ་རམ་འདེགས་ཞུས་ཏེ། གཞི་རིམ་མི་དམངས་མང་ཚོགས་ཁྲོད་དུ་གནས་ཡོད་པའི་གནད་དོན་གང་མང་ཐག་གཅོད་བྱེད་པར་དགེ་མཚན་ལྡན་པའི་བྱ་བ་འབོར་ཆེན་ཞིག་བསྒྲུབས་ཡོད།།

       ༢༠༡༢ ལོའི་ཟླ༡༠བར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུས་ཆོག་མཆན་ཐོབ་པ་བཞིན་གསར་བཞེངས་བྱས་ཤིང་། ཁུལ་མི་དམངས་སྲིད་གཞུང་གནས་པའི་ཆབ་ཆ་གྲོང་རྡལ་གྱི་བོད་བརྒྱུད་ནང་བསྟན་དང་བོད་རིགས་དམངས་སྲོལ་རིག་གནས་ལྟེ་གནས་སུ་གྱུར་བའི་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་ཤར་རིའི་དགོན་པའི་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨིས་རྒྱ་དཔང་གྲུ་བཞི་མ་བརྒྱད་སྟོང་བདུན་བརྒྱ་ལྷག་ཙམ་ཟིན་པ་མ་ཟད། སྐབས་དེར་མཚོན་ན་སྤྱི་ཚོགས་ཀྱི་རིགས་སོ་སོའི་ཆོས་དད་མང་ཚོགས་ཀྱིས་དམངས་སྒོར་ས་ཡ་ལྔ་དང་ལྔ་འབུམ་ཉིས་ཁྲིས་ཞལ་འདེབས་ཕུལ་ཞིང་། དེའི་ནང་དུ་རྒྱལ་ནང་ནན་ཅིན་གྲོང་ཁྱེར་གྱི་ཡོན་བདག་ཀྲིག་ལིས་ཅེ་ཡིས་དམངས་སྒོར་ས་ཡ་གཅིག་ཞལ་འདེབས་སུ་ཕུལ་ཡོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ནི་ཁོ་ཚོ་སྦྱིན་བདག་ནང་ཁུལ་གྱི་རྩོད་གཞི་ག་གེ་མོ་ཞིག་གི་དབང་གིས་ལོ་དེར་ཡོན་བདག་ཀྲིག་ལིས་ཅེ་དང་གཞན་ཡང་མིང་ལ་ལིས་མེན་ཅེ་ཟེར་བ་ཞིག་གིས་ལྷན་ཅིག་ཏུ་ཡང་སྐྱར་དམངས་སྒོར་ས་ཡ་གཅིག་ཞལ་འདེབས་སུ་ཕུལ་རྒྱུའི་ཁས་ལེན་བྱས་ཤིང་། དགོན་བདག་བླ་མ་ཀུན་བཟང་ཉི་མ་མཆོག་ལ་ག་ཡིན་འདི་ཡིན་མེད་པའི་མགོ་གཡོག་རང་བཞིན་གྱི་སྒོ་ནས་སྒོར་སྐྱིན་སྤྲོད་པའི་ཁས་ལེན་ཡི་གེ་ཞིག་གི་སྟེང་ལ་མིང་ཐོ་བཀོད་དུ་བཅུག་ཅིང་དགོན་པའི་གཞུང་ཐེལ་ཀྱང་གནོན་དུ་བཅུག་པས། ཕྱིས་སུ་གྱོད་བདག་ཀྲང་ཡུས་སོགས་ཀྱིས་སྒོར་སྐྱིན་སྤྲོད་པའི་ཁག་ཐག་བྱེད་མཁན་སྤྲུལ་སྐུ་ཀུན་བཟང་ཉི་མ་མཆོག་གྱོད་ཡའི་གྲས་སུ་བཞག་ནས་ནན་ཅིན་གྲོང་ཁྱེར་ཞོན་ཝུའུ་ཆུའུ་མི་དམངས་ཁྲིམས་ཁང་ལ་གཏུགས་བཤེར་བྱས་ཏེ། དམངས་སྒོར་ས་ཡ་གཉིས་ཀྱི་སྐྱིན་ཚབ་སྤྲོད་དགོས་པའི་གྱོད་གཞི་བཏོན་ཞིང་། ནན་ཅིན་གྲོང་ཁྱེར་ཞོན་ཝུའུ་ཆུའུ་མི་དམངས་ཁྲིམས་ཁང་གིས༼༢༠༡༢༽ཞོན་ཚོང་ཡིག་ཨང༩༡༨པའི་དམངས་དོན་གྱོད་གཞི་ཐག་གཅོད་ཡི་གེ་སྤེལ་བས། ཁོ་བོས་ཀྱང་སྤྲུལ་སྐུ་ཀུན་བཟང་ཉི་མ་མཆོག་གིས་གདན་དྲངས་པ་ལྟར་དངོས་སུ་ནན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་སོགས་ལ་སོང་ནས་གོང་གཏུགས་བྱས་ཏེ་དོན་དངོས་གསལ་འབྱེད་བྱས་ཤིང་གྱོད་གཞི་འདིར་སྤྲུལ་སྐུ་ཀུན་བཟང་ཉི་མ་མཆོག་ལ་འབྲེལ་བ་ཉག་ཙམ་མེད་པའི་གསལ་ཁ་བཅོལ་ནས་རྒྱལ་ཁ་ཡོངས་སུ་བླངས་པ་ཡིན།།

       ཉེས་དོན་གྱོད་གཞིའི་ཆ་ནས་བཤད་ནའང་ཁྲིམས་རྩོད་པ་ཞིག་ལ་མཚོན་ན་རང་ལུས་ཀྱི་སྟོབས་ཤུགས་ཡོངས་སུ་བཏོན་ནས། ཉེས་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་རྒྱུ་ནི་ཆེས་རྩ་བར་གྱུར་བའི་འགན་འཁྲི་ཡིན། དཔེར་ན ༢༠༡༠ ལོའི་ཟླ༡པོའི་ཚེས༡༥ཉིན་ལ་བྲག་དཀར་རྫོང་མི་དམངས་ཁྲིམས་ཁང་གིས༼༢༠༠༩༽ཞིན་ཉེས་ཨང༢༢པའི་ཉེས་དོན་ཁྲིམས་བཅད་ཡི་གེས་གྱོད་ཡ་གནམ་ལྷ་བྱམས་ཀྱིས་གཞན་གྱི་ལུག་དགུ་བརྐུས་པའི་དོགས་གཞི་བཙུགས་ནས་ལོ་གཅིག་གི་དུས་བཀག་བཙོན་འཇུག་བྱེད་པར་ཁྲིམས་ཐགབཅད། དུས་མཚུངས་སུ་གྱོད་ཡ་གནམ་ལྷ་བྱམས་ཀྱི་ནུ་བོ་བཙན་མགོན་རྒྱལ་ལ་ནག་ཉེས་འགེབ་སྲུང་གི་ཉེས་ཆད་བཅད་ནས་ལོ་གསུམ་དང་ཕྱེད་ཀའི་དུས་བཀག་བཙོན་འཇུག་བྱེད་པར་ཁྲིམས་ཐགབཅད། ཕྱིས་སུ་གྱོད་ཡ་གནམ་ལྷ་བྱམས་ཀྱིས་ལོ་གཅིག་གི་རིང་ལ་མ་ཉེས་ཁ་གཡོག་གི་གྱོད་འདིར་གོང་གཏུགས་དང་ཞུ་གཏུགས་བྱེད་པའི་འཚམས་མ་བཞག་པས། མཇུག་མཐར་བྲག་དཀར་རྫོང་མི་དམངས་ཁྲིམས་ཁང་གིས༼༢༠༡༡༽ཞིན་ཉེས་ཨང༤༦པའི་ཉེས་དོན་ཁྲིམས་བཅད་ཡི་གེས་གྱོད་ཡ་གནམ་ལྷ་བྱམས་ཀྱིས་ལུག་དགུ་བརྐུས་པའི་དོན་དངོས་ལ་བདེན་དབང་གི་འབྲེལ་མཐུད་རང་བཞིན་དང་དོན་དངོས་རང་བཞིན་མི་འདང་པས། བདེན་དབང་མངོན་སུམ་གསལ་བོ་མིན་པའི་དབང་གིས་གཞུང་གཏུགས་ལས་ཁུངས་ཀྱིས་གྱོད་ཡ་གནམ་ལྷ་བྱམས་ལ་རྐུན་མ་ཡིན་པའི་གཏུགས་བཤེར་བྱས་པ་གཞི་འཛུགས་ས་ས་དང་ཁུང་སྣེ་གསལ་བོ་མེད་པས། གྱོད་ཡ་གནམ་ལྷ་བྱམས་ལ་ནག་ཉེས་མེད་པའར་ཁྱབ་བསྒྲགས་བྱས། དུས་མཚུངས་སུ་གནོད་འཚེ་ཐེབ་མཁན་གནམ་ལྷ་བྱམས་ལ་ནག་ཉེས་མེད་པར་ཉིན་མོ ༣༦༥ ལ་བཙོན་ཁང་དུ་བཀག་འགོག་བྱས་མཐར་བཙོན་ལས་གྲོལ་བ་མ་ཟད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་༼༢༠༡༣༽ལྷོི་ཁྲིམས་སྐྱིན་ཡིག་ཨང་དང་པོས་རྒྱལ་ཁབ་ཀྱིས་སྐྱིན་ཚབ་སྒོར་མོ ༧༡༥༥༧.༧༥ ཐོབ་པ་དང་། དེར་མཐུད་ནས་ཡངུ་ཁོ་བསོ་གྱོད་ཡ་བཙན་མགོན་སྐྱབས་ཀྱི་གྱོད་གཞི་ཀྱང་ཞུ་གཏུགས་བྱས་པ་ལས། བྲག་དཀར་རྫོང་མི་དམངས་ཁྲིམས་ཁང་གིས༼༢༠༡༤༽ཞིན་ཉེས་བསྐྱར་ཡིག་ཨང་དང་པོས་གྱོད་ཡ་བཙན་མགོན་སྐྱབས་ལ་ནག་ཉེས་མེད་པ་ཁྱབ་བསྒྲགས་བྱས་ཤིང་ནག་ཉེས་མེད་པར་ཉིན་མོ ༥༤༨ ལ་བཙོན་ཁང་དུ་བཀག་འགོག་བྱས་པར་རྒྱལ་ཁབ་ཀྱིས་སྐྱིན་ཚབ་སྒོར་མོ ༩༩༩༢༧.༨༠ ཐོབ་པ་རེད།།

      དམངས་དོན་གྱོད་གཞིའི་ཆ་ནས་བཤད་ན་གྱོད་གཞི་ཁ་ཤས་ཤིག་ཐད་ཀར་མི་དམངས་ཁྲིམས་ཁང་ལ་གཏུགས་བཤེར་བྱས་ན་ནུས་པ་ཆེན་པོ་ཐོབ་སྲིད་པ་མ་རེད། དཔེར་ན ༢༠༡༣ ལོའི་ཟ༡ཚེས༨ཉིན་ལ་གསེར་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཞིག་གིས་ཁོ་བོར་ཁ་པར་བཏང་ནས་འཚམས་སྦྱོར་བྱས་ཏེ། ཉིན་འགའི་རིང་ལ་ནར་མ་ཟོན་པའི་བྱིས་པ་བདག་མེད་གཉིས་ཡོང་ནས་ཁྲིམས་ཁང་ལ་ཕ་མ་གཉིས་གཏུགས་བཞིན་ཡོད། འོན་ཀྱང་ཁྲིམས་རྩོད་པའི་དོན་གཉེར་ཁང་ནས་གཏུས་ཡིག་འབྲི་མཁན་མེད་པས་རོགས་རམ་ཞིག་བྱེད་པར་འཚལ་ཞེས་ཟེར། གྱོད་གཞི་དེ་ནི ༡༩༩༩ ལོར་གསེར་ཆེན་རྫོང་ཆོས་རྗེ་ཤང་ཆུ་ཇ་སྡེ་བ་རུ་འབྲོག་ཁྱིམ་ཕལ་བ་ཞིག་ལ་བྱིས་པ་མཚེ་ཞིག་སྐྱེས། ཕུ་བོའི་མིང་ལ་ཚེ་གཟུངས་སྐྱབས་དང་ནུ་བོའི་མིང་ལ་འཇིགས་བྱེད་སྐྱབས་ཟེར། ཕུ་ནུ་འདི་གཉིས་ལོ་ན་གཉིས་ཙམ་ལ་ཟོན་མ་ཐག་ཏུ་ཕ་མ་གཉིས་ཀྱིས་གཉོར་སྐྱོང་མ་བྱས་པར་ཨ་མ་གནས་ཡུལ་འགྲིམ་ནས་གར་སོང་མ་ཤེས། ཨ་ཕ་ཞོར་ལས་བཙལ་ནས་རང་ཁ་གསོ་བར་འཁྱམས་སོང་པས། བྱིས་པ་འདི་གཉིས་ཀྱིས་དཀའ་བ་འབུམ་ཕྲག་བརྒྱུད་ནས་རིམ་བཞིན་འཚར་ལོངས་བྱུང་ཞིང་། ཕུ་བོ་སློབ་གྲྭར་འགྲིམ་པའི་ལངས་ཚོ་དར་ལ་བབ་ནས་སློབ་གྲྭར་ཞུགས་ན་འང་སློབ་ཡོན་སྤྲོད་མ་ཐུབ་པར་སློབ་གྲྭ་ལས་ཕྀར་བུད་ནས་མགོ་ལོག་གངས་རི་ཤང་དང་། བྲག་དཀར་རྫོང་བུན་ཆོན་ཤང་སོགས་ལ་སྦྲང་འཁྱམས་སུ་སོང་ནས་ཕྱུགས་ཟོག་འཚོས་ཏེ་ཀླ་གཡོགའབད་གསུམ་བྱས་ཏེ་འཚོ་ཐབས་བྱས། ནུ་བོས་ཀྱང་གར་འགྲོ་གར་སོང་མ་ཤེས་པར་ས་འཁྱམས་རྡོ་འཁྱམས་བཡས་མཐར་རྨ་ལྷོ་ཁུལ་གཅན་ཚ་རྫོང་བསམ་གྲུབ་དགོན་དུ་ཨ་ཁུ་ཞིག་གི་དྲུང་དུ་བན་དེ་བྱས། ༢༠༡༣ ལོར་ལོ་ན་བཅུ་གསུམ་ཙམ་གྱི་འཇིགས་བྱེད་སྐྱབས་སམ་གྲྭ་་མིང་ངག་དབང་རྒྱ་མཚོ་ལ་རྒྱུ་ལྷག་བྱུང་ནས་གཤེགས་བཅོས་བྱས་རུང་དགེ་རྒན་ཚང་གིས་སྨན་རིན་དྲུག་སྟོང་ཙམ་ཕུལ་ཞིང་། ༢༠༡༡ ལོར་ཡང་རླངས་འཁོར་གྱི་དོན་རྐྱེན་ཞིག་གི་ཁྲོད་དུ་ངག་དབང་རྒྱ་མཚོའི་དིང་རུས་གཡས་པ་བཅག་ནས་གཤེགས་བཅོས་བྱས་ཏེ།སྨན་རིན་སྒོར་ཆིག་ཁྲི་ལྔ་སྟོང་ལྷག་གི་འགྲོ་སོང་ཀྱང་དགེ་རྒན་ཐུགས་རྗེ་ཅན་ཚང་གིས་མི་ཕུལ་ག་མེད་བྱུང་བ་རེད། སྐབས་དེར་མཚོན་ན་ངག་དབང་རྒྱ་མཚོའི་ལུས་སྟེང་ན་དིང་རུའི་ཆག་ཤིང་སྐྱོར་མ་ལུས་འདུག་པས་སྨན་རིན་མེད་པར་ལེན་ཐབས་མེད་ཅིང་། འཚོ་ཐབས་ཟད་ཅིང་ཅི་བྱ་གཏོད་མེད་དུ་གྱུར་ནས་ད་གཟོད་ཕ་མ་གཉིས་ལ་འཚོ་བའི་གྲོན་དངུལ་ཞིག་སློང་དགོས་བར་སེམས་པ་ཙམ་ལས་མ་འདས་སོ། གནས་ཚུལ་དེ་ཤེས་རྗེས་ཁོ་བོས་བྱིས་པ་དེ་གཉིས་ལ་གཏུགས་བཤེར་ཡི་གེ་བྲིས་ཟིན་པ་མ་ཟད། སེམས་ལ་མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱས་ཏེ་ཕ་མ་གཉིས་ཀྱི་ལག་ནས་འཚོ་བའི་གྲོན་དངུལ་ཅུང་ཙམ་བླངས་ཀྱང་ཆེས་རྩ་བར་གྱུར་བའི་གནད་དོན་ཐག་གཅོད་བྱེད་མི་ཐུབ་སྙམ་ནས། ༢༠༡༣ ལོའི་ཟ༡ཚེས༨ཉིན་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་བློ་མཐུན་ཏུའུ་ཅེ་ལ་ཐད་ཀར་ཁོ་བོའི་མིང་ཐོག་ནས་ཞུ་འབུལ་ཡི་གེ་བྲིས་ཤིང་། ཧ་ལམ་ལོ་ངོ་བཅུ་བཞིའི་རིང་ལ་སྦྲང་འཁྱམས་སུ་འགྲིམ་པའི་ནར་མ་ཟོན་པའི་བྱིས་པ་བདག་མེད་འདི་གཉིས་ལ་ཐུགས་ཁུར་གནང་དགོས་པའི་རེ་བ་ཞུས། བློ་མཐུན་ཏུའུ་ཅེས་དེ་མ་ཐག་ཏུ་ཁོ་བོའི་ཞུ་འབུལ་ཡི་གེའི་སྟེང་དུ་མཆན་བཀོད་གནང་སྟེ་ཁོ་བོས་བྱེ་བྲག་གི་རེ་བ་འགའ་བཏོན་པ་ལྟར་འབྲེལ་ཡོད་ལས་ཁུངས་གིས་ཐག་གཅོད་གང་ལེགས་བྱས་པའི་མཇུག་འབྲས་སོགས་བློ་མཐུན་ལྷ་རྒྱལ་དཔལ་དང་ངེད་གཉིས་ལ་ཡར་ཞུ་བྱེད་དགོས་ཞེས་གསུངས་ཡོད་པ་ལྟར། གཅིག་ནས་བྱིས་པ་ངག་དབང་རྒྱ་མཚོ་ལ་ཞིང་སྡེའི་སྨན་བཅོས་འགན་སྲུང་ལམ་ལུགས་ལག་ལེན་དུ་བསྟར་ཞིང་སྲིད་གཞུང་གིས་སྨན་རིན་ཡོངས་རྫོགས་ཕྱིན་ནས་གཤེགས་བཅོས་སྨན་བཅོས་བྱས་ཏེ། ལུས་སྟེང་གི་ཆག་ཤིང་སྐྱོར་མ་བླངས་ཤིང་ལུས་ཕུངས་བདེ་ཐང་ཡོང་བར་བྱས་ཤིང་། གཉིས་ནས་བྱིས་པ་ཚེ་གཟུངས་སྐྱབས་ལ་སློབ་ཡོན་མ་ལེན་པར་སླར་ཡང་སློབ་གྲྭར་ཞུགས་སུ་བཅུག་པ། གསུམ་ནས་བྱིས་པ་གཉིས་ཀྱི་ཨ་ཕ་བཙལ་ནས་ཕྱིར་རང་ཡུལ་དུ་བགུག་ཅིང་ཁྱིམ་ཚང་གང་པོ་ཆེས་དམའ་བའི་ཞིང་སྡེའི་འཚོ་བའི་ཁག་ཐག་ཁ་སྣོན་གནང་པའི་གྲས་སུ་བཞག་ནས་བདག་སྐྱོང་གང་ལེགས་བྱས་པ། བཞི་ནས་ཁྱིམ་ཚང་གང་པོར་རྒྱལ་ཁབ་ཀྱི་རྣམ་གྲངས་ཁང་གཞི་གསར་བ་གྱན་གསུམ་དང་མ་ཁང་གསར་བ་གྱན་གསུམ་སྐྲུན་ནས་གྲོན་དངུལ་ཁྲི་ཕྲག་དུ་མ་བཏང་བ། ལྔ་ནས་དམངས་སྲིད་སྡེ་ཁག་གིས་གནད་སྒོའི་མུག་སྐྱོབས་བྱས་ཏེ་ཆེས་གནད་འགག་གི་གནད་དོན་ཡོངས་སུ་ཐག་གཅོད་བྱས་པ་དང་བཅས་སོ།། 

      འོད་གསལ་ལྷ་ལས་མཆེད་ཅིང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྣམ་པར་སྤྲུལ་བའི་སྐུ། །དཔལ་ལྡན་ས་སྐྱའི་གདུང་རྒྱུད་རིགས་རུས་ཕུན་སུམ་ཚོགས་པའི་རོང་ཆེན་ལྷ་མིང་བ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱིས་ཐུགས་ཐག་བཅད་པའི་རོང་བོ་ལྷ་རྒྱལ་དཔལ། །གདུལ་བྱའི་དོན་དུ་དལ་འབྱོར་མི་ལུས་བླངས་པའི་ཚེ་རབས་འདི་ཡི་ཐོག་མ་ལ། །དུས་དང་ལས་ཀྱི་དབང་གིས་ཁྲི་ཁར་འཁོད་ནས་གདན་ས་ཆེན་པོ་མ་བསྐྱངས་རུང་། །ལྷག་བསམ་རྣམ་པར་དག་པའི་ཆོས་སྲིད་ཟུང་གི་འཕྲིན་ལས་དངོས་གྲུབ་ཡོངས་སུ་བསྩལ། །སྡུག་བསྔལ་རྒྱ་མཚོའི་འཇིངས་ནས་ས་མཐར་འཁྱམས་ཏེ་དཀའ་བ་ཆེན་པོ་སྤྱད་པ་དང་། །བུ་རང་སྐྱེ་འདོད་གནམ་གྱིས་མ་ཁོག་རྒྱལ་བའི་ཁབ་ཀྱི་སྲིད་ཕྱོགས་ལམ་ཡངས་སུ། །འགྲོ་བ་སེམས་ཅན་ཐམས་ཅད་བྱང་སེམས་སྐྱོངས་པའི་དཔོན་གནས་ཆེན་པོ་མ་བཟུང་རུང་། །དམངས་ལ་བདེ་སྐྱིད་འཛོམས་པའི་ཞབས་འདེགས་ཞུས་ཏེ་རང་སེམས་དགའ་བདེའི་དཔལ་ལ་རོལ། །བསྐལ་བའི་དབང་གིས་རིག་གནས་སྦྱངས་བརྩོན་གོ་སྐབས་ཆེན་པོ་མ་ལྡན་རུང་། །ལྷན་སྐྱེས་ཤེས་རབ་ཉམས་རྟོགས་རང་ཤར་རང་ལ་འོས་པའི་ཡོན་ཏན་ཕྲ་མོ་འབྱོར། །རྒྱལ་ཁབ་ཆེན་པོའི་ཁྲིམས་དང་སྲིད་ཀྱི་བྱ་བ་མ་ལུས་ཡོངས་སུ་ལེགས་པར་མཛད། །མ་ཡུམ་གངས་ལྗོངས་ཡུལ་ལ་ལྗགས་རྩོམ་རི་མོ་སྣ་ཚོགས་ལེགས་པའི་སྐྱེས་སུ་ཕུལ། །གསང་སྔགས་རྡོ་རྗེ་ཐེག་ཆེན་རྩ་རླུང་ཉམས་རྟོགས་ཟབ་མོ་རང་ལ་ཉེར་འཁྲུངས་ནས། །གྲུབ་པའི་དབང་རྟགས་གཏམ་རྒྱུད་སྣ་ཚོགས་དམངས་ཁྲོད་རྒྱན་དུ་མ་ཉམས་རིང་ནས་མཆིས། །འགྲོ་བར་ནད་གདོན་གཤེད་མ་སོགས་ཀྱིས་མནར་བ་གང་མང་དྲག་པོས་ཆམ་ལ་ཕབས། །དམངས་ཁྲོད་ངག་རྒྱུན་བསྟོད་པའི་མེ་ཏོག་འཐོར་བཞིན་སྙན་གྲགས་ཆེ་བ་རང་གི་རྒྱན་དུ་ཤར། །རང་ལུས་ལ་རྒྱ་མ་ཤོར་རུལ་སུངས་དཔོན་པོར་ངོ་གཡོག་ངོ་དགའ་མ་བྱས་པས། །བཙན་ཐབས་ཁྲིམས་འོག་བཅུག་ཀྱང་རང་ཚུགས་བཟུང་ནས་ཐར་བ་ཆེན་པོ་རྟག་ཏུ་ཐོབ། །སྲིད་ཕྱོགས་སྟེགས་བུ་དོར་ནས་དམངས་དོན་བསྒྲུབས་ཤིང་ལོ་རྒྱུས་རིག་པའི་གཞུང་ལ་འཇུག །རྒྱལ་ཁམས་འགྲིམ་ནས་གནས་སྐོར་ཕྱག་མཆོད་བྱས་ཏེ་ཆོས་སྲིད་འཕྲིན་ལས་ལོངས་སྤྱོད་རྫོགས།། 

      ཞེས་ཅུང་ཙམ་རྒྱས་པར་འདོད་ནརོང་ཆེན་གསང་རྣམ་རྟོགས་བརྗོད་རང་ཉམས་གང་ཤར་ཁུ་བྱུག་སྔོན་མོའི་མགྲིན་གླུཞེས་བྱ་བར་གཟིགས་དང་རྟོགས་བརྗོད་དེབ་ཐེར་དེ་ལས་ཁོ་བོའི་མི་ཚེ་རིང་མོའི་སྨྱོན་རྟགས་དང་། གླེན་རྟགས། གསང་བ་ལྐོག་གྱུར་གྱི་ལོ་རྒྱུས་ཞིབ་ཕྲ་ལ་སོགས་རྩེད་མཚར་གྱི་ཚུལ་དུ་ཡིན་ནའང་འདྲ། འཇིག་རྟེན་གྱི་འཁོར་བ་རྒྱ་མཚོའི་སྡུག་བསྔལ་ལས་སྐྱོ་སྡུག་དགའ་གསུམ་གྱི་ཟློས་གར་སྣ་ཚོགས་འཁྲབ་སྟོན་བྱས་ནས་མི་ཚེ་རིང་མོའི་ལམ་བུ་ཕྲ་མོ་བརྒྱུད་པའི་ཟིན་ཐོ་ཡིན་ནའང་འདྲ། གང་ལྟར་རང་གི་མི་ཚེ་རིང་མོའི་གདུལ་བྱ་དང་འཕྲིན་ལས་སྣ་ཚོགས་ཀྱི་སྡོམ་ཚིག་དར་དཀར་མདུད་པ་བཅོལ་ནས་བཤད་ན། ཐོག་མར་ལྷ་ཕྲུག་མངོན་བྱོན། །བར་དུ་ད་ཕྲུག་བདག་མེད། །ཐ་མར་བུ་རབས་རང་སྐྱེས། །མཚན་སྙན་འབྲུག་ཆུང་ལྡིར་སོང་།༈ཡུལ་འཁྱམ་སྤྲང་ཕྲུག་སྡོམ་པོ། །རིམ་བཞིན་འཚར་ལོངས་བྱུང་ཚུལ། ༈རིག་གནས་གསར་བརྗེ་དུས་སུ། །མ་ཡུམ་སློབ་ཆུང་འགྲིམ་རུང་། །སློབ་རིམ་གསུམ་པའི་ཡན་ལ། །སློབ་པའི་སྐལ་བ་མ་བྱུང་། ༈ལྷན་སྐྱེས་ཤེས་རབ་ཕྲ་མོ། །མི་ཚེའི་ལོངས་སྤྱོད་ཉན་སོང་། ༈སྦྲིན་དཀར་ཐོད་ལ་བཟུང་ནས། །ས་ནག་འདོམ་ལ་འཇལ་ཞིང་། །བོང་སྐྱ་ལིའི་སྐྱེ་བ་བླངས་ཏེ། །ལུས་ལྷུ་དྲུག་སྡུག་ལ་གཟད་ཚུལ། ༈དུས་དང་སྐལ་བའི་དབང་གིས། །བདག་དང་མཉམ་སྐྱེས་སྤྲུལ་སྐུ། །སློབ་གྲོགས་ཤེས་རབ་རྒྱ་མཚོས། །ངལ་རྩོལ་སྦྱོང་རྡར་ལ་སོགས། །སྒྱུར་བཀོད་ལེགས་པོ་བྱས་ཏེ། །རང་ལུས་སྡིག་སྒྲིབ་སྦྱངས་ཚུལ། ༈དཔོན་ངན་སེམས་ངན་བསགས་ནས། །བོད་པའི་བུ་རྒོད་སྐོར་ཞིག །མ་ཉེས་ཁ་གཡོག་ཐེབ་ནས། །རྒྱལ་ཁྲིམས་བཙོན་དུ་བཅུག་རུང་། །གནས་ལུགས་རབ་དཀར་ཕོ་ཉས། །དཔའ་མ་ཞུམ་ཐར་བ་ཐོབ་ཚུལ། ༈ཚེ་གཅིག་ལུས་གཅིག་བླངས་ནས། །བློ་ཁ་ཆོས་ལ་ཕྱོགས་ཏེ། །རྒྱལ་བའི་སྐུ་གསུང་ཐུགས་རྟེན། །གསུང་རབ་ཞལ་འདོན་ཕྱག་ལེན། །མཆོག་གསུམ་མཆོད་པ་ལ་སོགས། །དམ་པ་ཆོས་པའི་ངང་ཚུལ། ༈གསང་སྔགས་ཐེག་ཆེན་རྩ་རླུང་། །མངོན་རྟགས་ཐོབ་པའི་ངང་ཚུལ། ༈རང་སྲོག་རང་གིས་བཅད་ནས། །གཤིན་རྗེ་ཕྲེང་ལམ་བསྙེགས་ཏེ། །བར་དོར་ཉུགས་པའི་གཤེན་པོ། །ཕྱི་མའི་ཕྲེང་ནས་བསྐྱབས་ཚུལ། ༈དཀོན་མཆོག་གསུམ་ཀྱི་བྱིན་བརླབས། །གདམས་ངག་ལུང་གིས་ཟིན་ཚུལ། ༈ཕྱི་ལུགས་བོད་ལུགས་ཀྲུང་ལུགས། །གསོ་རིག་སྨན་པའི་ངང་ཚུལ།༈ནད་པ་དྲག་ཅན་དག་ལ། །གསོ་རིག་སྨན་གྱིས་བསྐྱབས་ཚུལ། ༈ཉམས་ཐག་འགྲོ་བའི་སྡུག་བསྔལ། །ཕྱག་ཟུང་དྲོན་མོས་སེལ་ཚུལ། ༈རྒྱ་ཡིག་བོད་ཡིག་ཤེས་བྱ། །ཡིག་མཁན་དྲུང་ཡིག་ངང་ཚུལ།༈རྒྱ་སྐད་བོད་སྐད་ལོ་ཙཱ། །སྐད་གཉིས་སྨྲ་བའི་ངང་ཚུལ། ༈ཉེས་ཁྲིམས་སྲིད་ཁྲིམས་དམངས་ཁྲིམས། །ཁྲིམས་ལུགས་མཁན་པོའི་ངང་ཚུལ། ༈རྒྱ་ཡིག་བོད་ཡིག་གློག་ཡིག །བོད་རིགས་དམངས་ཁྲོད་བརྩམས་ཆོས། །ལྗགས་རྩོམ་དེབ་ཐར་སྣ་ཚོགས། །དུམ་པ་སུམ་ཅུ་རྩ་གྲངས། །གང་དགར་ལེགས་གྲུབ་བྱུང་ནས། །རྩོམ་པ་པོ་ཡི་ངང་ཚུལ། ༈རྒྱལ་ཁབ་ཆེན་པོའི་སྲིད་ཕྱོགས། །ལས་དོན་གཞོལ་བའི་ངང་ཚུལ། ༈རྒྱ་བོད་དུས་དེབ་ཚགས་པར། །བོད་ཀྱི་རིག་གནས་དྲ་ཚིགས། །རྩོམ་ཡིག་སྟོང་ཕྲག་དུ་མ། །དྲ་ཐོག་སྤེལ་བ་ལ་སོགས། །གསར་འགོད་པ་ཡི་ངང་ཚུལ། ༈ཚན་རིག་གློག་གླད་རྩིས་འཁོར། །ཤེས་བྱ་ཀུན་གྱི་ཕྱོགས་ལ། །ཅི་ཡང་མ་སློབ་མ་སྦྱངས། །ཕྱོགས་ཙམ་ལག་ལེན་བྱས་ན། །ཐམས་ཅད་མངོན་པར་རྟགས་སོ། །ཞེས་མི་རང་གིས་སྐྱེ་བ་འདི་རུ་ཆོས་སྲིད་ཟུང་གི་འཕྲིན་ལས་བསྐྱངས་ཏེ་འགྲོ་བ་སེམས་ཅན་ཐམས་ཅད་ལ་གང་མཁོ་གང་འཚམས་གང་འོསསྒོས་སངས་རྒྱས་ཀྱི་ཆོས་ལུགས་དང་། འཇིག་རྟེན་གྱི་གནས་ལུགས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་སོགས་གཞུང་ལུགས་དང་ལག་ལེན་ཐམས་ཅད་ཤེས་རབ་རྩལ་གྱིས་ཟུང་འབྲེལ་བྱས་ཏེ།ལག་ལེན་དངོས་ལས་ཤེས་བྱ་སྣ་ཚོགས་ལོངས་སུ་སྤྱད་ནས་རང་གི་མི་ཚེ་རིང་མོའི་འགྲོ་དོན་གཞོལ་ཞིང་། མཐུན་རྐྱེན་གང་ལེགས་འབྱུང་བའི་མཛད་པ་སོགས་མདོར་ན་མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་ཚུལ་དང་། མི་རིགས་ལྟ་ཚུལ། ཆོས་ལུགས་ལྟ་ཚུལ། ལོ་རྒྱུས་ལྟ་ཚུལ།རིག་གནས་ལྟ་ཚུལ་སོགས་གཞིར་བཟུང་སྟེ། མི་ཚེ་གཅིག་ལ་མི་རྟགས་རྨི་ལམ་དབྱིངས་སུ་གདུལ་བྱ་སྣ་ཚོགས་བཅུ་ཕྲག་དུ་མའི་སྒྱུ་འཕྲུལ་གྱི་གར་ལ་རོལ་བ་དང་། ཟིང་ཟིང་འཇིག་རྟེན་འཁོར་བའི་བྱ་བཞག་ཕྲ་མོ་གོང་ནས་གོང་དུ་འཕེལ་ནས། ཁ་ལུས་རླུང་རྟ་མེ་ལྕེ་འབར་འབར་དང་། ཁ་བཏགས་དཀར་པོ་ཁང་སྐྱ་འབབ་འབབ་བྱས་ཏེ། འགྲོ་བ་སེམས་ཅན་ཐམས་ཅད་ལ་དགེ་བའི་ལེགས་ཚོགས་ཅུང་ཙམ་སྐྲུན་ཞིང་། ལོ་རྒས་རུང་དྲང་སྲོང་འཆི་མེད་ཡིན། །རྒྱུ་མེད་རུང་ཡིད་བཞིན་ནོར་བུ་ཡིན། །ཞེས་རང་གིས་རང་ལ་ལབ་པའི་ཁ་དཔེ་ལྟར་གདུལ་བྱའི་ལས་འཕྲོ་ཉག་ཙམ་ད་དུང་མཇུག་མ་རྫོགས་པར་ཤེས་བྱ་དང་ཡོན་ཏན་མེད་པའི་ངོ་ཚ་རྒྱབ་ཏུ་བསྐྱུར་ཏེ། ཚེ་རབས་སྔོན་མའི་ཟོན་བཟང་གི་འབྲས་བུ་ཡོངས་སུ་སྨིན་ནས། རང་མཚང་རང་གིས་བརྟོལ་ནས་ལོ་རྒྱུས་ཀྱི་ཤོག་ལྷེ་རིང་མོ་རེ་རེར་བཞིན་གྲུབ་ཅིང་། རང་གི་བུ་རབས་ཚ་རྒྱུད་རྣམས་ལ་ཁྱིམ་རབས་དེབ་ཐེར་གྱི་ཚུལ་དང་མ་ཡུམ་གངས་ལྗོངས་ཡུལ་ལ་དར་དཀར་དྲི་མ་མེད་པའི་ལེགས་སྐྱེས་སུ་མཚོན་པ་ཙམ་ལས་མ་འདས་པས་ཐམས་ཅད་བཀྲ་ཤིས་བདེ་ལེགས་འབྱུང་གྱུར་ཅིག  སརྦ་ཛ་ཡནྟུ།  


      གསལ་བཤད་མདོར་བསྡུས། དེ་ཡང་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱི་སྤྱི་ལོ ༢༠༡༨ ལོའི་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་ཏེ་རང་རེའི་མེས་རྒྱལ་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པ་དང་། ༼མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར༽སྤེལ་ནས་ལོ་འཁོར་སོ་ལྔ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བཀྲ་ཤིས་ཕུན་སུན་ཚོགས་པའི་ཉིན་མོ་ལ། རྒྱལ་བའི་ཁབ་ཀྱི་གཞུང་ཕྱོགས་ནས་སྒྲུབ་པའི་བོད་ཀྱི་ཆེའི་ཐོག་མའི་བཅའ་ཁྲིམས་ཆེད་ལས་འཕྲིན་སྟེགས་ཚགས་པར་འདིའི༼ཕུན་ཚོགས་མེ་ལོང༽ཞེས་པའི་ལེ་ཚན་ནང་དུ་གསར་འགོད་པ་བསོད་ནམས་ཚེ་རིང་གིས་རོང་ཆེན་ལྷ་རྒྱལ་དཔལ་གྱི་གནས་ཚུལ་རགས་བཀོད་ཞེས་པའི་ཁ་བྱང་ལ༼ གྱོད་དོན་གྱི་གསལ་ཁ་སྟོན་པའི་བགྲེས་པོ་ཞིག ༽ཅེས་ཚགས་པར་གྱི་པར་ངོས་ཧྲིལ་བོ་ཞིག་བཀོལ་ནས་ཁོ་བོས་དྲང་བདེན་དང་རྒྱུ་འབྲས་ཕྱོགས་སུ་བསྙེགས་པའི་མི་ཚེའི་ལམ་བུ་ཕྲ་མོར་གདེང་འཇོག་གང་ལེགས་བྱས་ཏེ། སྤྱི་ཚོགས་ཀྱིས་ཁོ་བོའི་་མི་ཚེ་ཁས་ལེན་བྱས་པ་མཚོན་ཞིང་། ཁོ་བོའི་ཚེ་མཇུག་ཏུ་ད་ཏུང་མུ་མཞུད་དུ་སློབ་སྦྱོང་ལ་འབད་འབུངས་བྱེད་དགོས་པ་དང་ལས་དགེ་བ་དཀར་པོའི་གདུལ་བྱའི་ཕྱོགས་སུ་འབད་བརྩོན་བྱེད་དགོས་པའི་སྐུལ་ལྕག་བཏང་ནས་བསྟན་དོན། རོང་ཆེན་ལྷ་རྒྱལ་དཔལ་ལ་ཁྲིམས་ལུགས་རིག་པའི་གཞུང་ལུགས་དང་ཤེས་བྱ་ཕྲན་བུ་ཙམ་ལས་མེད་ནའང་ལག་ལེན་གྱི་བྱང་ཆ་སོགས་ཧ་ཅང་ཕུན་སུམ་ཚོགས་པས། ལོ་རེར་བཞིན་གྱོད་གཞི་སྣ་ཚོགས་བཅུ་ཕྲག་ཁ་ཤས་ལག་ལེན་དུ་བསྟར་ནས་། བོད་རྒྱ་སྐད་གཉིས་སྨྲ་བར་ཐོགས་པ་མེད་པའི་ངང་ནས་བཅའ་ཁྲིམས་དག་འབུལ་བྱེད་བཞིན་ཡོད་པ་མ་ཟད། རུལ་སུངས་ལ་ངོ་རྒོལ་དང་སྲིད་ཕྱོགས་ཀྱི་ཡི་གེ་ངོ་གཏུགས་བྱ་བ་ཡང་གང་མང་བསྒྲུབས་ཏེ། དམངས་ཁྲོད་ཀྱི་གྱོད་སྣ་ཁ་མཆུ་སོགས་ཞི་བར་བྱེད་པར་ལམ་སྣ་གསལ་བོ་བསྟན་ཡོད་པ་ནི་ཀུན་གྱིས་ཡིད་སྨོན་འཆོར་ས་ཉག་ཅིག་ཏུ་ངོས་འཛིན་བྱ་ཆོག ཁྱད་པར་དུ་རོང་འབྲོག་མང་ཚོགས་ཀྱི་གྲོས་སུ་ཞུགས་ནས། ལས་དཀར་ནག་གི་དབྱེ་བ་འབྱེད་ཅིང་བདེན་རྫུན་གྱི་བརྡར་ཤ་བཅད་ནས། བཙན་པོའི་གཉའ་ནས་ཟིད་ཀྱིས་མནན་ཞིང་། གཉོམ་ཆུང་ཟེ་ཁའི་ཡར་འཐེན་བྱས་པ་སོགས་ལས། ཁོ་རང་གིས་ཏང་དང་མེས་རྒྱལ་ལ་བློ་སེམས་དཀར་ཞིང་། མི་དམངས་མང་ཚོགས་ལ་ཤ་ཞེན་ཆེ་བ་མཚོན་ཐུབ་ཅེས་གདེང་འཇོག་བྱས་ཡོད་པ་དང་། རྒྱལ་ཡོངས་སུ་དྲིལ་བསྒྲགསབྱས་ནས་གསར་འགྱུར་འགྲེམ་སྤེལ་བྱས་ཡོད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཤིན་ཏུ་ཆེ་ཞུའོ།། 

      དུས་མཚུངས་སུ་གངས་ལྗོངས་དམངས་ཁྲོད་ནས་ཀྱང་རྒྱུན་དུ་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་ནས། གང་གི་མཚན་ཙམ་འཛིན་དང་དྲན་པས་ཀྱང་།།མི་ཁ་གཏམ་ངན་གྱོད་སྣ་ཁ་མཆུ་སོགས།། མྱུར་དུ་ཞི་མཛད་རོང་ཆེན་ལྷ་རྒྱལ་དཔལ།།ལྷག་པའི་ལྷ་མཆོག་ཞབས་ལ་གསོལ་བ་འདེབས།། ཞེས་མང་ཚོགས་ཁྲི་མ་འབུམ་གྱི་སེམས་པའི་འདོད་མོས་མཚོན་ཕྱིར་སོར་བཅུའི་ཕྱག་ཟུང་སྙིང་ཀར་སིམ་ནས་རེ་བ་ཉག་ཅིག་བཅོལ་བཞིན་སྐྱབས་སུ་བཟུང་བ་ལས། ལྷག་བསམ་རྣམ་པ་དཀར་པོས་དགའ་བསུ་དང་། གུས་ཤིང་བཀུར་བའི་གདེང་འཇོག་མཐོན་པོ་མཚོན་བཞིན་ཡོད་པ་ལས་མ་འདས་སོ།།        །།




 

发表评论 评论 (2 个评论)

回复 ljh8520035 2019-3-21 16:39
宗教学,是社会科学的范畴之一。宗教学与社会科学并不矛盾,特别是全民信教的少数民族地区,更加如此。让我们高举习进平总书记新时代中国特色社会主义思想的伟大旗帜,团结起来,充满信心,斗志昂扬,向着无限幸福的明天前进!           
回复 ljh8520035 2019-3-21 17:46
社会科学所涵盖的学科包括:经济学、政治学、法学、伦理学、历史学、社会学、心理学、教育学、管理学、人类学、民俗学、新闻学、传播学等。     

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-8-19 12:32 , Processed in 0.064591 second(s), 22 queries .

返回顶部