博客西藏在最高处过一种生活

日志

༄༅།།མཚོ་སྔོན་འཐུས་ཚབ་ཚོགས་པས་བོད་ཁུལ་གྱི ...

已有 73 次阅读2019-3-12 17:11 |系统分类:见闻


                            ༄༅།།མཚོ་སྔོན་འཐུས་ཚབ་ཚོགས་པས་བོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་
                                            བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་གཞི་བཏོན།
                                              ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། 

                               

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་བོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་གཞི་བཏོན།

       གྲོས་གཞིའི་ནང་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཁུལ་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་པས། སྲིད་ཇུས་དང་རྣམ་གྲངས། མ་དངུལ་བཅས་ཀྱི་ཐད་ནས་བོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་། མཚོ་སྔོན་ཞིང་ཆེན་གྱིས་རྣམ་གྲངས་ཀྱི་ཐབས་ཇུས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ་བོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་ཞན་ཆར་མགྱོགས་མྱུར་སྒོས་འཛུགས་སྐྲུན་ཁ་གསབ་བྱེད་པ་དང་། ཆབས་ཅིག་ཏུ་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་གལ་ཆེན་སྐོར་ཞིག་འཛུགས་སྐྲུན་ལག་བསྟར་བྱས་པས་བོད་ཁུལ་འཕེལ་རྒྱས་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།

       “ལོ་ལྔའི་ཚན་བཅུ་གསུམ”ནི་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་ཡིན་ལ། མཚོ་སྔོན་བོད་ཁུལ་གྱིས་རྒྱལ་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་འགག་སྒྲོལ་གྱི་དུས་སྐབས་ཞིག་ཀྱང་ཡིན། དེང་སྐབས། ཁྱད་འཕགས་ཀྱི་རང་བྱུང་དང་། ལོ་རྒྱུས། ས་བབ། རྨང་གཞིའི་ཆ་རྐྱེན་སོགས་རྒྱུ་རྐྱེན་གྱིས་ཤུགས་རྐྱེན་ཐེབས་པའི་དབང་གིས་མཚོ་སྔོན་བོད་ཁུལ་ཏུ་ཁ་ཚ་དགོས་གཏུག་དུ་གྱུར་བའི་དམིགས་བསལ་གྱི་དཀའ་ངལ་དང་གནད་དོན་འགའ་ཤས་ཆགས་ཡོད་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་སུ་ད་དུང་ཞན་ཆ་ཅུང་ཆེན་པོ་གནས་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཞན་ཆ་མགྱོགས་མྱུར་སྒོས་གཅིག་སྡུད་བྱས་ཏེ་མ་དངུལ་གཏོང་བའི་ནུས་ཚད་རྒྱུན་འཁྱོངས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་འགུལ་ནུས་གསར་རྙིང་བརྗེ་སྤོར་དང་། ཐོན་ལས་ལེགས་སྒྱུར་རིམ་སྤོར། ཁྱབ་ཁོངས་མཐུན་སྦྱོར་འཕེལ་རྒྱས། དམངས་འཚོ་ལེགས་སྒྱུར་བཅས་ཀྱི་ཐད་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་བཏོན་པའི“ཏན་ཏིག་བཞི”ཡི་བླང་བྱ་གལ་ཆེན་དག་ལག་བསྟར་དོན་འཁྱོལ་བྱ་ཆེད། མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་ཁབ་ཀྱིས་མཚོ་སྔོན་བོད་ཁུལ་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་བཟུང་བའི་གོ་གནས་གལ་ཆེན་དང་དམིགས་བསལ་གྱི་དཀའ་ངལ་དག་ལ་བསམ་གཞིགས་ཆ་ཚང་བཏང་སྟེ། རྒྱལ་ཁབ་མངའ་ཁོངས་ཀྱི་རྒྱ་ཁྱོན་དང་སྐྱེ་ཁམས་སྲུང་སྐྱོང་གི་གནས་ཚད། དོན་དངོས་ཀྱི་དགོས་མཁོ་སོགས་རྒྱུ་རྐྱེན་ཕྱོགས་བསྡུས་བྱས་ཏེ་དམིགས་བསལ་གྱི་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་ཀྱི་རྒྱབ་སྐྱོར་བྱ་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་རྨང་གཞི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་དབྱང་གི་མ་དངུལ་གཏོང་བའི་རྣམ་གྲངས་འཛུགས་སྐྲུན་དང་མ་དངུལ་གཏོང་བའི་ཚད་གཞི་འོས་འཚམ་གྱིས་ཇེ་མཐོར་གཏོང་བ་དང་། ཞིང་ཆེན་རིམ་པའི་སྒྲིག་བཀོད་མ་དངུལ་བསྡུར་ཚད་འོས་འཚམ་གྱིས་ཇེ་དམའ་རུ་བཏང་ནས་མཚོ་སྔོན་བོད་ཁུལ་ཏུ་སྤྱི་ཕན་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་བའི་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་མ་དངུལ་ཚང་མ་བཀོད་སྒྲིག་ཐག་གཅོད་བྱ་དགོས་པའི་གྲོས་གཞི་བཏོན། །

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



发表评论 评论 (1 个评论)

回复 ljh8520035 2019-3-12 21:56
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་བཏོན་པའི“ཏན་ཏིག་བཞི”ཡི་བླང་བྱ་གལ་ཆེན་དག་ལག་བསྟར་དོན་འཁྱོལ་བྱ་ཆེད། མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་ཁབ་ཀྱིས་མཚོ་སྔོན་བོད་ཁུལ་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་བཟུང་བའི་གོ་གནས་གལ་ཆེན་དང་དམིགས་བསལ་གྱི་དཀའ་ངལ་དག་ལ་བསམ་གཞིགས་ཆ་ཚང་བཏང་སྟེ། རྒྱལ་ཁབ་མངའ་ཁོངས་ཀྱི་རྒྱ་ཁྱོན་དང་སྐྱེ་ཁམས་སྲུང་སྐྱོང་གི་གནས་ཚད། དོན་དངོས་ཀྱི་དགོས་མཁོ་སོགས་རྒྱུ་རྐྱེན་ཕྱོགས་བསྡུས་བྱས་ཏེ་དམིགས་བསལ་གྱི་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་ཀྱི་རྒྱབ་སྐྱོར་བྱ་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་རྨང་གཞི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་དབྱང་གི་མ་དངུལ་གཏོང་བའི་རྣམ་གྲངས་འཛུགས་སྐྲུན་དང་མ་དངུལ་གཏོང་བའི་ཚད་གཞི་འོས་འཚམ་གྱིས་ཇེ་མཐོར་གཏོང་བ་དང་། ཞིང་ཆེན་རིམ་པའི་སྒྲིག་བཀོད་མ་དངུལ་བསྡུར་ཚད་འོས་འཚམ་གྱིས་ཇེ་དམའ་རུ་བཏང་ནས་མཚོ་སྔོན་བོད་ཁུལ་ཏུ་སྤྱི་ཕན་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་བའི་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་མ་དངུལ་ཚང་མ་བཀོད་སྒྲིག་ཐག་གཅོད་བྱ་དགོས་པའི་གྲོས་གཞི་བཏོན། །

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-3-20 08:52 , Processed in 0.275139 second(s), 22 queries .

返回顶部