博客西藏在最高处过一种生活

日志

༄༅།།རྨ་ཆུའི་ཆུ་འགོའི“མཚེའུ་སྟོང་གི་མཛེས་ ...

已有 94 次阅读2019-3-12 15:09 |系统分类:见闻


                                        ༄༅།།རྨ་ཆུའི་ཆུ་འགོའི“མཚེའུ་སྟོང་གི་མཛེས་ལྗོངས”གཏན་དུ་གནས་པར་ཤོག
                                                   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། 

                                          

                             

                                     པད་རྒྱལ་བཀྲ་ཤིས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ། 

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔོན་ཆད་“མཚོ་མོ་སྟོང་རྫོང“དུ་བསྔགས་པའི་རྨ་ཆུའི་འགོ་ཁུངས་ཏེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཁོངས་སུ་མཚེའུ་ཆེ་ཆུང་4000ལྷག་ཙམ་ཡོད། འོན་ཀྱང་དུས་རབས་གོང་མའི་དུས་མཇུག་ཏུ་མཚེའུ་ཕྱེད་ཀ་ལྷག་ཙམ་སྐམ་ལ་ཉེ། ད་ལྟ་ས་ཁོངས་འདིར་མཚེའུ་གྲངས་འབོར་དེ་ཉེ་བའི་ལོ20ཡི་རིང་གྲངས་ཀ་ཆེས་མང་ཤོས་དང་། ཆུ་མང་ཉུང་གི་ཚད་ཆེས་ཕུན་སུམ་ཚོགས་པའི་གནས་སུ་སླར་གསོ་བྱུང་ཡོད།

      “དེ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་‘སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་གལ་ཆེའི་བླང་བྱ་དང་། གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་པའི་སྐོར་ལ་དམིགས་པའི་འབྲས་བུ་རེད།” པད་རྒྱལ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་སྐབས་སུ་ཞིང་ཆེན་ཕྱིའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།

      ཁོང་གིས་གསུངས་དོན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་གཙང་གསུམ་འབྱུང་ཡུལ་དང་། “ཀྲུང་ཧྭའི་ཆུ་མཛོད་ཆེན་མོའི་”ལྟེ་བའི་ས་ཁུལ་དུ་གནས་ཡོད་ལ།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ས་ཁོངས་ཡིན་པའི་ཆ་ནས། རྫོང་ཁོངས་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི་78.01%གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་འགོ་ཁུངས་ས་ཁུལ་དུ་ཚུད་ཡོད།

      ཉེ་བའི་ལོ་ཤས་རིང་། མགོ་ལོག་ཁུལ་གྱིས་སྤུས་ཚད་མཐོན་པོས་གཙང་གསུམ་འབྱུང་ཡུལ་གྱི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་གྱི་སྐོར་ཐེངས་དང་པོ་དང་གཉིས་པའི་འཆར་འགོད་སོགས་སྐྱེ་ཁམས་འཛུགས་སྐྱོང་ལས་གྲྭ་གལ་ཆེན་དང་། མུ་མཐུད་དུ་སྣོད་བཅུད་མ་ལག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་བསྣན་པས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད།

      རྣམ་གྲངས་ཁུལ་གྱི་རྩྭ་ཐང་གི་སྔོ་ཤུན་ཁེབས་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་གྲངས12ཀྱིས་ཇེ་མཐོར་སོང་ཡོད། དེའི་ནང་ནས་ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཤུན་ཁེབས་ཚད་དེ་20%ནས་80% རུ་ཇེ་མང་ལ་སོང་ཞིང་། རྩྭ་སའི་ཆ་སྙོམས་ཀྱི་རྩྭའི་ཐོན་ཚད་ཇེ་མང་དུ་ཕྱིན་ཡོད།

      རྨ་ཆུའི་ཆུ་འགོའི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་རྒྱ་ཁྱོན་ལོ་བཞིའི་སྔོན་དང་བསྡུར་ན་སོ་སོར་སྤྱི་ལེ་གྲུ་བཞི་མ་17དང་སྤྱི་ལེ་གྲུ་བཞི་མ10ཇེ་ཆེར་སོང་ཡོད། རྨ་ཆུའི་ཆུ་འགོར་སྐར་ཚོགས་ས་ལ་འཕོས་འདྲའི་མཚེའུ་སྟོང་གི་རྣམ་པ་ངོ་མཚར་སླར་ཡང་་མི་རྣམས་ཀྱི་སྤྱན་ལམ་དུ་མངོན།

      རྨ་ཆུའི་ཆུ་འགོའི་ལོ་རེའི་ཆ་སྙོམས་ཀྱི་རྒྱལ་ཁོངས་ལས་ཕྱིར་ཐོན་པའི་ཆུའི་ཚད་ཆེས་ཆེར་འཕར་བ་དང་། ཆུ་སྤུས་བཟང་པོ་རྒྱུན་འཁྱོངས་བྱས་ཡོད།

      རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་མངོན་གསལ་དོད་པོས་ཇེ་མང་ལ་སོང་བ་དང་།  རྐྱང་དང་དགོ་བ། དོམ་དང་སྤྱང་ཀི ཝ་མོ་སོགས་གང་སར་མཐོང་རྒྱུ་ཡོད་ལ། པད་མ་རྫོང་ཁོངས་སུ་གསའའང་མཐོང་རྒྱུ་ཡོད་པ་མ་ཟད་། ད་དུང་པད་རྒྱལ་བཀྲ་ཤིས་ཀྱིས་འདི་ལྟར་ཚན་པ་རེ་རེ་བཞིན་ངོ་སྤྲོད་བྱས།

       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བསྟན་དོན། ངེས་པར་དུ་སྣོད་བཅུད་སྲུང་སྐྱོབ་དམིགས་སུ་བཟུང་སྟེ། རང་གི་མིག་འབྲས་ལ་གཅེས་པ་བཞིན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རང་གི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས། ལྗང་མདོག་འཕེལ་རྒྱས་དང་ལྗང་མདོག་གི་འཚོ་བར་སྐུལ་འདེད་གཏོང་དགོས། རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་ལ། ”ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་ཡག་པོ་བྱས་ནས་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་པར་འགན་ལེན་ཡག་པོ་བྱ་དགོས།

       པད་རྒྱལ་བཀྲ་ཤིས་ཀྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་ལྟར། “སྐྱེ་ཁམས་ལ་དྲིན་གཟོ་དང་། སྐྱེ་ཁམས་ཀྱིས་དྲིན་ལན་འཇལ་བ”བཅས་ཀྱི་འདུ་ཤེས་བརྟན་པོ་འཇོག་པ། སྤྱི་ཚོགས་ཡོངས་ཀྱི་མི་ཚང་མས་སྐྱེ་ཁམས་ལ་དོ་ཁུར་དང་ནུས་ཤུགས་ཡོད་རྒུས་སྣོད་བཅུད་ལ་སྲུང་སྐྱོབ་དང་། སྣོད་བཅུད་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་སྐྲུན་དགོས། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་སོགས་ཀྱི་སྐྱེ་ཁམས་ལས་གྲྭ་གཙོ་བོ་ལག་བསྟར་ཡག་པོ་བྱེད་རྒྱུར་ཤུགས་རྒྱག་རྒྱུ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་གསར་པ་དང་། རྨ་ཆུ་ཆུ་མགོའི་“མཚེའུ་སྟོང་གི་མཛེས་ལྗོངས་” གཏན་དུ་གནས་པར་བྱེད་དགོས། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



发表评论 评论 (3 个评论)

回复 ljh8520035 2019-3-12 21:53
ཉེ་བའི་ལོ་ཤས་རིང་། མགོ་ལོག་ཁུལ་གྱིས་སྤུས་ཚད་མཐོན་པོས་གཙང་གསུམ་འབྱུང་ཡུལ་གྱི་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་གྱི་སྐོར་ཐེངས་དང་པོ་དང་གཉིས་པའི་འཆར་འགོད་སོགས་སྐྱེ་ཁམས་འཛུགས་སྐྱོང་ལས་གྲྭ་གལ་ཆེན་དང་། མུ་མཐུད་དུ་སྣོད་བཅུད་མ་ལག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་བསྣན་པས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད།     
回复 ljh8520035 2019-3-12 21:53
རྨ་ཆུའི་ཆུ་འགོའི་ལོ་རེའི་ཆ་སྙོམས་ཀྱི་རྒྱལ་ཁོངས་ལས་ཕྱིར་ཐོན་པའི་ཆུའི་ཚད་ཆེས་ཆེར་འཕར་བ་དང་། ཆུ་སྤུས་བཟང་པོ་རྒྱུན་འཁྱོངས་བྱས་ཡོད།     
回复 ljh8520035 2019-3-12 21:54
རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་མངོན་གསལ་དོད་པོས་ཇེ་མང་ལ་སོང་བ་དང་།  རྐྱང་དང་དགོ་བ། དོམ་དང་སྤྱང་ཀི ཝ་མོ་སོགས་གང་སར་མཐོང་རྒྱུ་ཡོད་ལ། པད་མ་རྫོང་ཁོངས་སུ་གསའའང་མཐོང་རྒྱུ་ཡོད་པ་མ་ཟད་། ད་དུང་པད་རྒྱལ་བཀྲ་ཤིས་ཀྱིས་འདི་ལྟར་ཚན་པ་རེ་རེ་བཞིན་ངོ་སྤྲོད་བྱས།     

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-5-27 03:41 , Processed in 0.053786 second(s), 22 queries .

返回顶部