博客西藏在最高处过一种生活

日志

༄༅།།འཐུས་མི་ཤ་བོ་སྒྲོལ་མས་སེམས་གཏམ་གླེང་ ...

已有 91 次阅读2019-3-8 18:20 |系统分类:见闻


                                                ༄༅།།འཐུས་མི་ཤ་བོ་སྒྲོལ་མས་སེམས་གཏམ་གླེང་བ།
                                                 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

                 

                       རང་ཞིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཤ་བོ་སྒྲོལ་མས་གཏམ་བཤད་སྤེལ་བཞིན་པ།

      རྨ་ལྷོ་ནི་ངའི་ཕ་ས་ཕ་ཡུལ་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེ་བའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། གཞི་རིམ་ནས་ཐོན་པའི་དམངས་འཐུས་ཚོགས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས། གཞི་རིམ་གྱི་འགྱུར་ལྡོག་དང་རྒྱལ་ཁབ་ལ་བཀའ་དྲིན་ཞུ་བའི་བརྩེ་སེམས་གནས་འདི་ནས་བརྗོད་དེ། ང་ཚོ་མི་རིགས་ས་ཁུལ་གྱི་ཏང་ལ་བཀའ་དྲིན་ཞུ་བའི་བརྩེ་བ་བཤད་རྒྱུ་ཡིན་ཟེར། 

      ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྟེང་། ལུས་ལ་བོད་ལྭ་གྱོན་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། ཐུན་རིན་རྫོང་རང་འབབ་ཆུ་ཀུང་སིའི་ལས་བཟོ་བ་ཤ་བོ་སྒྲོལ་མས་གཞི་རིམ་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཞུ་བའི་གཏམ་རྒྱུད་ལྷུག་པོར་བརྗོད་བཞིན་མཆིས། 

      ཡངས་ཤིང་ཆེ་བའི་ཨར་འདམ་གྱི་བགྲོད་ལམ་དང་། མཛེས་སྡུག་ལྡན་པའི་ཐང་ཆེན། ད་དུང་ལྷད་མེད་ཀྱི་འཛུམ་མདངས་ལ་སོགས་ཤ་བོ་སྒྲོལ་མ་ལ་མཚོན་ན་རྡོ་ལ་རི་མོ་བརྐོས་བ་ལྟར་བརྗེད་དཀའ་བ་ཞིག་རེད། ནམ་རྒྱུན་རང་གི་ཕ་ཡུལ་ཐུན་རིན་རྫོང་ཐོ་ཀྱྰ་གྲོང་རྡལ་་ལ་སོང་ཚེ་མིག་ལམ་དུ་མངོན་པ་ནི་ཕ་ཡུལ་གྱི་འགྱུར་ལྡོག་རེད། མང་ཚོགས་ཀྱི་འཚོ་བ་ཡར་ངོས་ཟླ་ལྟར་འཕར་བཞིན་པས། ངག་ལས་དབང་མེད་དུ་སྐྱིད་པའི་གླུ་ཆུང་ཤོར། མོས་བཤར་རྒྱུར། སྔོན་ཆད་མང་ཚོགས་ཚང་མ་ཧ་ཅང་དབུལ་བོ་ཡིན་པ་དང་། མོའི་ཆུང་འདྲིས་བྱམས་པ་བདེ་སྐྱིད་ཚང་ལ་མཚོན་ན་མོའི་ཕུ་བོས་ཐང་ག་འབྲི་ཤེས་ནའང་། སྐབས་དེའི་སྤྱི་ཚོགས་དཔལ་འབྱོར་མི་ལེགས་པའི་རྐྱེན་གྱིས་ཐང་ག་འབྲི་བཞེངས་བྱས་ཀྱང་འཚོ་བ་ཧ་ཅང་དབུལ་བོ་ཡིན། ཉེ་བའི་ལོ་འགའི་རིང་། ཏང་དང་སྲིད་གཞུང་གིས་མི་རིགས་ས་ཁུལ་ལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད། མོ་ཚང་གིས་ཞིང་བའི་སྤྲོ་སྐྱིད་ཁང་ཞིག་གཉེར་བ་དང་། ཐོག་བརྩེགས་དང་པོར་ཟ་ཁང་དང་། ཐོག་བརྩེགས་གཉིས་པའི་སྟེང་མོའི་ཕུ་བོས་བྲིས་པའི་ཐང་ག་བཤམས་སྟོན་དང་ཕྱི་ཚོང་བྱེད་ས་སོགས་བཀོད་སྒྲིག་བྱས་པས་ཁྱིམ་ཚང་གི་ཡོང་འབབ་སྔར་ལས་ཇེ་བཟང་ཡིན་པ་དང་། ན་ནིང་ལོ་གཅིག་ནང་ཁོ་ཚང་གི་ཡོང་འབབ་སྒོར་ཁྲི150ལྷག་སྐྲུན་ཡོད། སྲིད་ཇུས་བཟང་པོའི་བཀའ་དྲིན་འོག ཕུ་བོའི་ཐང་གའི་ཚོང་ལམ་ཡང་སྔར་ལས་ཇེ་ཡངས་སུ་སོང་ཞིང་། ད་ལྟ་ཁོའི་ཐང་ག་ཧྲེང་ཧེ་དང་ཀོང་ཀྲུའུ་སོགས་ལ་ཐོན་ཡོད་པ་དང་། ངེད་སྡེ་བའི་དབུལ་ཐར་ཕྱུག་བསྒྱུར་གྱི་སྣེ་ཁྲིད་མཁན་དུ་གྱུར་ཡོད། 

      2018ལོའི་ཟླ4བར། ཤ་བོ་སྒྲོལ་མ་སྔ་གཞུག་ཏུ་ཐུན་རིན་རྫོང་རྒྱལ་བོ་ཞང་དང་གཅན་ཚ་རྫོང་ཁམས་ར་གྲོང་རྡལ། རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ། ཧུ་ནན་སོག་རིགས་རང་སྐྱོང་རྫོང་སོགས་ལ་སོང་ནས། ཡུལ་དངོས་སུ་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་དུས་མཚུངས་སུ། ད་དུང་རོང་འབྲོག་མང་ཚོགས་ཀྱི་དུད་ཁྱིམ་དུ་སོང་ནས་བསམ་བློ་བརྗེ་རེས་བྱེད་པ་དང་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་ལ་ཉན། 

       མོར་བག་ཆགས་ཆེས་ཟབ་བའི་དོན་དག་ཞིག་ཡོད་པ་ནི་མིང་ལ་དར་གྲགས་ཟེར་བའི་བོད་རིགས་བགྲེས་པོ་ཞིག་ཡོད་ལ། ཁོ་ཚང་ལ་སོང་མ་ཐག་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་བོད་ལུགས་གཞིས་ཀ་ཞིག་མངོན་ཡོང་། ལོ་ན65ལ་སོན་ཡོད་པའི་བགྲེས་པོ་དར་གྲགས་ཀྱིས་དགའ་སྤྲོའི་ངང་ཤ་བོ་སྒྲོལ་མར་བཤད་རྒྱུར། ད་ལྟ་ཏང་དང་སྲིད་གཞུང་གིས་ང་ཚོ་མང་ཚོགས་ལ་ཧ་ཅང་བཟང་གི མང་ཚོགས་ཀྱི་ཡོང་འབབ་ཉིན་རེར་ཇེ་མང་དང་ཁྱིམ་ཚང་གི་འཚོ་བ་སྔར་ལས་ཇེ་བཟང་རེད། བགྲོས་པོ་ང་ལྟ་བུར་མཚོན་ན་རྒན་གསོ་མ་དངུལ་ཡོད་པ་མ་ཟད། རྗེས་ནས་ད་རུང་བགྲོས་པའི་ཁ་གསབ་ཀྱང་ཡོད་རྒྱུ་རེད། ཏང་དང་སྲིད་གཞུང་གི་བཀའ་དྲིན་བརྗོད་ཀྱི་མི་ལོང་བ་ཞིག་ཡིན་པ་དང་། ངས་དུས་རྒྱུན་ཏུ་སྡེ་བའི་ན་གཞོན་ཚོར། ཏང་གི་རྗེས་སུ་འགྲེང་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྙེགས་དགོས་ཞེས་སྐུལ་མ་བྱེད་ཀྱིན་ཡོད་ཟེར། 

       ད་ཐེངས་རྒྱལ་ས་པེ་ཅིན་ལ་མ་ཡོང་བའི་སྔོན་ལ། ང་ཡང་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་བགྲོས་པོ་ཚེ་བརྟན་ཚང་ལ་སོང་ནས། གཞི་རིམ་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་བསྡུ་ལེན་བྱས། ན་ནིང་རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”གྲོལ་རྗེས་གནས་དེར་སོང་ནས་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། སྐབས་དེར་བགྲོས་པོ་ཚེ་བརྟན་ལ་གློ་ཡུའི་ཡན་ལག་གཉན་ཚད་བྱུང་ཡོད། བགྲོས་པོས་སེམས་འགུལ་ཐེབས་པའི་ངང་ང་ལ་བཤད་རྒྱུར། ཏང་དང་སྲིད་གཞུང་གིས་བདག་སྐྱོང་བྱས་པའི་འོག ནད་གཞི་གསོ་བཅོས་བྱས་ནས་ཇེ་བཟང་དུ་སོང་ཡོད་ལ། ད་དུང་དུས་རྒྱུན་དུ་ཟ་མ་སྐྱེལ་ཡོང་གིན་ཡོད། ནམ་ཡིན་ཡང་ཏང་དང་སྲིད་གཞུང་གི་བཀའ་དྲིན་བརྗེད་མི་སྲིད་ཞེས་ཡང་ཡང་བཤད། 

      ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུ་ཁྲོད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ནན་ཏན་སྒོས་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་རྒྱས་སོགས་ཀྱི་གནས་ཚུལ་གསལ་བོར་བརྗོད་འདུག འདིས་ང་ཚོ་མི་རིགས་ས་ཁུལ་ལ་རེ་སྨོན་དང་སྤོབས་པ་ཚད་མེད་སྦྱིན་ཡོད་པ་དང་། རྗེས་མར་ངས་མུ་མཐུད་དུ་གཞི་རིམ་དུ་བསྐྱོད་ནས་གནས་ཚུལ་རྟོག་ཞིབ་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་བསམ་ཚུལ་དང་དྲན་ཚུལ་རྣམས་རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་སྟེང་འདོན་རྒྱུ་ཡིན་པར་ནན་གྱིས་བསྟན།  །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-5-27 03:40 , Processed in 0.051485 second(s), 21 queries .

返回顶部