博客西藏在最高处过一种生活

日志

༄༅།།ད་ལོ་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས ...

已有 57 次阅读2019-2-9 09:14 |系统分类:见闻


          ༄༅།།ད་ལོ་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་ཉིན་གཅིག་ལ་འཁེལ་བས་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་ཕྱིན།
                              ཡོང་ཁུངས། བོད་ལྗོངས་རླུང་འཕྲིན། རྩོམ་པ་པོ། བོད་ལྗོངས་འཕྲིན་དྲ། 

                        

       ད་ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་ཉིན་གཅིག་ལ་འཁེལ་ཡོད་པ་དང་། དགུན་དུས་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཚོས་བོད་ཆས་གྱོན་པ་དང་ལྷ་མོ་ལྟ་བ། བར་སྐོར་ཁྲོམ་གཞུང་སྐོར་བ། ཉི་མ་སྲོ་བ། ཇ་མངར་མོ་འཐུང་བ། བོད་ཐུག་འཐུང་བ་སོགས་བོད་ཀྱི་སྲོལ་རྒྱུན་ལོ་གསར་རིང་བོད་མིའི་རྣམ་ཀུན་གྱི་འཚོ་བ་མྱོང་རོལ་ཐུབ་པ་རེད། ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་གཞོན་ནུ་ཡུལ་སྐོར་སྣེ་ལེན་ཁང་ཞིག་ནང་རྒྱལ་ཡོངས་ས་ཕྱོགས་ཁག་ནས་ཡོང་བའི་ཡུལ་སྐོར་བ་ཚོས་བོད་ཚེས ༢༩ ཡི་དགོང་མོར་དགུ་ཐུག་འཐུང་བ་དང་གླུད་བརྫངས་པ། ཤོག་སྦག་སྤར་བ་སོགས་བྱེད་ཀྱི་ཡོད། གྲེན་ཏུའུ་ནས་ཡོང་བའི་ཡུལ་སྐོར་བ་མུའུ་ཧོན་ནས་ལྷ་སར་ལོ་གསར་གྱི་རྣམ་པ་འཁྲུག་པོ་འདུག་པས་ཧ་ཅང་སྐྱིད་པོ་བྱུང་ཞེས་བཤད་པ་རེད། 
      སྤྱི་ལོ ༢༠༡༨ ལོའི་ཟླ ༡༡ ཚེས ༡ ཉིན་ནས་སྤྱི་ལོ ༢༠༡༩ ལོའི་ཟླ ༣ ཚེས ༡༥ ཉིན་བར་རང་ལྗོངས་ཀྱིས་རེས་སྐོར་གསར་པའི་དགུན་དུས་བོད་དུ་ཡུལ་སྐོར་བྱེད་ཅེས་པའི་བྱེད་སྒོ་སྤེལ་ཏེ། ཀ་པ་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་ཅིག་ལ་རིན་མེད་གཟིགས་སྐོར་བྱེད་ཆོག་པ་མ་ཟད། མགྲོན་ཁང་དང་རླངས་འཁོར། མཁའ་འགྲུལ་སོགས་ཀྱི་རྡལ་གླའི་ཐད་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཡོད་པས། ལོ་གསར་རིང་བོད་དུ་ཡུལ་སྐོར་ལ་ཡོང་མཁན་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། 
      ལོ་གསར་རིང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཡོད་པ་དང་ཡུལ་སྐོར་བ་མང་པོ་ཞིག་གིས་པར་རྒྱག་བཞིན་ཡོད། པེ་ཅིན་ནས་ཡོང་བའི་ཡུལ་སྐོར་བ་ཀྲའོ་ཆང་གིས་འདི་གར་ཡོང་དོན་ནི་རང་ཉིད་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དེ་ཡིན་ཞེས་བཤད་པ་རེད། 
      རྫོང་བརྒྱབ་གླུ་ཁང་དུ་བཀྲ་ཤིས་སྨོན་འདུན་ཞེས་པའི་ལྷ་མོ་དང་དངུལ་གྱི་ལག་གདུབ་ཅེས་པའི་འཁྲབ་ཚན་ཐུང་ངུ༌། བོད་ཤར་གྱི་དྲི་ཟའི་སྙན་དབྱངས་ཞེས་པའི་རལ་པ་སོགས་རིག་རྩལ་ལེ་ཚན་སྔ་རྗེས་སུ་འཁྲབ་སྟོན་བྱས་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ཡོད། ཨན་ཧུལ་ནས་ཡོང་བའི་ཡུལ་སྐོར་བ་ལིའུ་གཡན་གྱིས་བོད་པའི་ཞབས་བྲོ་ཧ་ཅང་འཁྲུག་པོ་འདུག་ལ་ལྷ་མོའི་འབག་དེ་ཚོ་ཡང་དམིགས་བསལ་ཚ་པོ་འདུག་ཅེས་བཤད་པ་རེད། 
      ཕོ་བྲང་པོ་ཏ་ལའི་ཉེ་འགྲམ་གྱི་ཞོ་ཚོང་ཁང་ཞིག་ནང་ཞོ་འཐུང་མཁན་ཡུལ་སྐོར་བ་མང་པོ་ཡོད། ཞོ་ཚོང་ཁང་གི་སྦྱིན་བདག་སྐལ་བཟང་བུ་ཁྲིད་ཀྱིས་ལོ་གསར་རིང་བོད་དུ་ཡུལ་སྐོར་བ་མང་པོ་སླེབས་ཡོད་པས་ཚོང་ཧ་ཅང་རྒྱུགས་པོ་འདུག་ཅེས་བཤད་པ་རེད། 
      ཀོང་ཏུང་གི་ཡུལ་སྐོར་བ་ལི་དན་གྱིས་ད་རེས་ང་རང་བོད་དུ་ལོ་གསར་གཏོང་ཐེངས་དང་པོ་ཡིན། བོད་རིགས་སྤུན་ཟླ་ཚོ་སེམས་རྩ་འཁོལ་ལ་བབ་ཆགས་པོ་འདུག འདི་གར་དམངས་སྲོལ་བྱེད་སྒོ་ཡང་ཕུན་གསུམ་ཚོགས་པོ་འདུག་པས་དུས་སང་དགུན་ཁ་སླར་ཡང་བོད་ལ་ཡོང་གི་ཡིན་ཞེས་བཤད་པ་རེད།། 

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་བོད་ལྗོངས་འཕྲིན་དྲ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-4-26 03:53 , Processed in 0.047110 second(s), 21 queries .

返回顶部