博客西藏在最高处过一种生活

日志

༄༅།།མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འ ...

已有 360 次阅读2019-1-12 09:26 |系统分类:见闻


                        ༄༅།།མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད་པ།
                                               ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། 


                                   

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོའི་ཟླ12པའི་ཚེས26ཉིན། རྒྱལ་ཁབ་སྡོམ་རྩིས་ཅུས་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས《མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་བརྟག་དཔྱད་དབྱེ་ཞིབ》ཁྱབ་སྒྲོག་བྱས། བརྟག་དཔྱད་ཞིབ་འཇུག་མང་པོ་ལས་ཤེས་པ་ལྟར་ན། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཚད་བོད་ལྗོངས་དང་སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ལས་བརྒལ་ཞིང་། རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད་པས། མི་མངོན་པའི་དཔལ་འབྱོར་རིན་ཐང་ཆེ་ཆེར་ལྡན།

      འདྲི་ཤོག་བརྟག་དཔྱད་བྱས་པ་བརྒྱུད་ནས་རིགས་འདེད་རགས་ཙམ་བྱས་པ་ལྟར་ན། 2016ལོ་ནས2018ལོའི་བར་གྱི་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཚད་སོ་སོར་ཕལ་ཆེར་ཏུན36.3དང་ཏུན43.5། ཏུན41.2བཅས་རེད། ས་ཁུལ་བགར་ནས་བཤད་ན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ནི་ཞིང་ཆེན་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་ཁུལ་གཙོ་བོ་ཡིན་པ་དང་། དེའི་ནང་ཡུལ་ཤུལ་ཁུལ་ནི་ཐོན་ཚད་ཆེས་མཐོ་བའི་ས་ཁུལ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱི53%ཙམ་ཟིན་ཡོད།

      གསར་འགོད་པས་ད་རུང་བརྟག་དཔྱད་དབྱེ་ཞིབ་ལས་ཤེས་གསལ་ལྟར་ན། སྡོམ་རྩིས་བརྟག་དཔྱད་ལས་ཐོབ་པའི2018ལོའི་ཐོན་ཚད་གཞི་གྲངས་ལྟར། མིག་སྔར་གྱི་དབྱར་རྩྭ་དགུན་འབུའི་ཚོང་རའི་རིན་གོང་དང་སྦྲེལ་ནས་ཆ་སྙོམས་ཀྱིས་བརྩིས་ན། 2018ལོའི་དབྱར་རྩྭ་དགུན་འབུའི་དཔལ་འབྱོར་རིན་ཐང་སྒོར་དུང་ཕྱུར27ཡན་དུ་ཚོད་རྩིས་བྱས་ཆོག དབྱར་རྩྭ་དགུན་འབུ་བརྐོས་ན་གླ་རྒྱག་པ་རྣམས་ལ་དཔལ་འབྱོར་ཡོང་སྒོ་ངེས་ཅན་ཞིག་ཐོབ་པར་མ་ཟད། དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་གཞིས་དམངས་ཀྱི་ཡོང་སྒོའང་མངོན་གསལ་གྱིས་ཇེ་མང་དུ་འགྲོ་ཐུབ་པས། ཡུལ་དེའི་རོང་འབྲོག་པའི་ཡོང་སྒོའི་འབྱུང་ཁུངས་གཙོ་བོར་གྱུར་ཡོད། །

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-6-17 14:33 , Processed in 0.023957 second(s), 21 queries .

返回顶部